སྐུད་མེད་གློག་གསོག་པ་ནི་གློག་སྐུད་དངོས་སུ་འབྲེལ་མེད་པའི་གནས་ཚུལ་འོག གློག་སྡུད་ར་བའམ་ཡང་ན་གློག་སྡུད་རླབས་ལ་བྲཏེན་ནས་གློག་ཆས་ལ་གློག་གསོག་པ་ཡིན། མིག་སྔར་སྐུད་མེད་གློག་གསོག་པའི་ལག་རྩལ་གཙོ་བོར་རིགས་གསུམ་ཡོད་དེ། གློག་སྡུད་ཚོར་བྱུང་གི་རིགས་དང་། གློག་སྡུད་མཉམ་འགུལ་གྱི་རིགས། སྐུད་མེད་གློག་རླབས་ཀྱི་རིགས་བཅས་གསུམ་ཡིན།
དང་པོ་གློག་སྡུད་ཚོར་བྱུང་གི་རིགས་ནི་མ་ལག་གི་སྣེ་གཅིག་ནས་གློག་འདྲེན་སྒྲིལ་སྐུད་འགྱེད་པ་དང་སྣེ་གཞན་ཞིག་ནས་གློག་འདྲེན་སྒྲིལ་སྐུད་བསྡུ་ལེན་བྱེད་པ་ཡིན། གློག་འདྲེན་སྒྲིལ་སྐུད་འགྱུར་ལྡོག་རེས་མོས་ཀྱི་གློག་རྒྱུན་དུ་སཻལབས་རྗེས་བསྡུ་ལེན་གློག་འདྲེན་སྒྲིལ་སྐུད་ཀྱིས་གློག་སྡུད་ཚོར་བྱུང་གི་ཆོས་ཉིད་ལྟར་ཚོར་བྱུང་གློག་རྒྱུན་བྱུང་བ་ཡིན། དེ་ལྟར་སྐུད་པ་མེད་པའི་སྒོ་ནས་གློག་གསོག་པའི་དམིགས་ཡུལ་གཞི་ནས་མངོན་འགྱུར་བྱུང་།
གཉིས་པ་གློག་སྡུད་མཉམ་འགུལ་གྱི་རིགས་ནི་གློག་སྡུད་མ་ལག་གི་ཁྲོད་དུ་གལ་ཏེ་འདར་ཚད་འདྲ་མཚུངས་ཡིན་པའི་དངོས་པོ་གཉིས་སོ་སོ་འགྱེད་ཆས་དང་སྡུད་ཆས་བྱས་ཏེ། གཅིག་མཐུན་གྱི་འདར་ཚད་སྐབས་སུ་སྡུད་ཆས་ཀྱིས་འགྱེད་ཆས་ལས་བྱུང་བའི་གློག་སྡུད་ར་བ་ལས་ནུས་ཚད་ཐོབ་པ་གློག་རྒྱུན་དུ་བསྒྱུར་ཏེ་གློག་ཤུགས་མཁོ་འདོན་བྱེད་པ་རེད།
གསུམ་པ་སྐུད་མེད་གློག་རླབས་ཀྱི་རིགས་འདི་ལ་གློག་ཁུངས་སུ་གློག་སྡུད་རླབས་འགྱེད་ཆས་ཤིག་འཇོག་དགོས། འགྱེད་པའི་གནམ་སྐུད་ལ་བྲཏེན་གློག་སྡུད་རླབས་ཕྱིར་གཏོང་བ་དང་། སྣེ་གཞན་པའི་བསྡུ་བའི་གནམ་སྐུད་ཀྱིས་གློག་སྡུད་རླབས་བསྡུ་ལེན་བྱས་ཏེ་གློག་ནུས་སུ་བསྒྱུར་རྗེས་གློག་ཆས་ལ་མཁོ་འདོན་བྱེད་པ་ཡིན།