གངས་ཆུས་སྒོ་ཕྱུགས་དང་ཁྱིམ་བྱ་གསོས་ན་བཟང་ཆ་མང་།

ཡོང་ཁུངས། མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར། ཡེ་ཤེས་སྒྲོལ་མ།

གངས་ཆུའི་ནང་གི་ཏན་འགྱུར་དངོས་པོའི་འདུས་ཚད་ཆར་ཆུ་ལས་ལྡབ་བཞིས་མཐོ་ཞིང་། ལྗིད་ཆུའི་འདུས་ཚད་སྤྱིར་བཏང་གི་ཆུ་ལས་བཞི་ཆུའི་གཅིག་གིས་ཉུང་བ་ལས་གཞན། ད་དུང་པུན་ཧྥུན་དང་དངུལ་ཆུ་སོགས་གནོད་ལྡན་དངོས་པོའི་འདུས་ཚད་ཀྱང་སྤྱིར་བཏང་གི་ཆུ་ལས་ཉུང་སྟབས། ང་ཚོས་གངས་ཆུ་སྤྱིར་བཏང་གི་ཆུའི་ཚབ་བྱས་ཏེ་སྒོ་ཕྱུགས་དང་ཁྱིམ་བྱར་བླུད་ན་ཕན་ནུས་ཆེན་པོ་ཐོན་ཐུབ། ཡིག་ཆ་ལས་གསལ་བ་ལྟར་ན། གཟན་ཆས་ནང་ལ་གངས་ཆུ་བསྲེས་ཏེ་ཕག་ལ་བླུད་ན། ཕག་གི་ལུས་སྟོབས་རྒྱས་ཤིང་སྐྱེ་ཚད་མགྱོགས། དེ་སྤྱིར་བཏང་གི་ཆུ་གཟན་ཆས་ནང་ལ་བསྲེས་ནས་ལྡུད་པ་ལས་ཕག་གི་ལྗིད་ཚད30%ནས50%ཡིས་ཇེ་མཐོར་གཏོང་ཐུབ་པ་མ་ཟད། ད་དུང་ཟླ་གསུམ་ནང་གི་ཕག་ཕྲུག་རྣམས་ལ་བླུད་ན་དེ་ལས་ཀྱང་ཕན་ནུས་མངོན་གསལ་ཐོན་ཐུབ། གཞན་གལ་ཏེ་ཁྱིམ་བྱའི་རྒུམ་བུ་ནང་ལ་གངས་ཆུ་འོས་འཚམ་ཞིག་བསྲེས་ཏེ་བྱིན་ན། མོ་བྱའི་སྒོ་ངའི་འཇོག་ཚད15%ཇེ་མཐོར་གཏོང་ཐུབ་པ་རེད།

རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།