ཆུང་མའི་གཞུག་ཁྲིད་བྱིས་པས་ཕ་ཡར་གྱི་རྒྱུ་ནོར་ཤུལ་འཛིན་བྱས་ཆོག་གམ།

ཡོང་ཁུངས། མཚོ་སྔོན་བོད་ཡིག་ཁྲིམས་སྐྱོང་ཚགས་པར།

རྒྱུ་ནོར་ཤུལ་འཛིན་ཞེས་པ་ནི་རྒྱུ་ནོར་བདག་དབང་ཡོད་པའི་མི་ཞིག་ཚེ་ལས་འདས་རྗེས། དེའི་ཕ་མ་དང་ཆུང་མ། བུ་བུ་མོ། སྤོ་བོ་སྤོ་མོ། སྒྱུག་པོ་སྒྱུག་མོ། ཚ་བོ་ཚ་མོ། ཤ་ཉེ་གཉེན་ཚན། བཟང་ས་མཐུན་གྲོགས་བཅས་གོ་རིམ་མི་འདྲ་བའི་ཤུལ་འཛིན་བྱེད་མཁན་མང་པོ་ཡོད་ཅིང་། ཤུལ་འཛིན་ལ་ཡིག་ཐོག་གི་ཁ་ཆེམས་དང་ངག་ཐོག་གི་ཁ་ཆེམས། འདས་པོ་དེ་ཚེ་བཞུགས་སུ་ཡོད་པའི་ལྟ་སྐྱོང་དང་ཞབས་ཏོག་སྒྲུབ་མཁན་བཅས་ཀྱི་དབྱེ་བའང་ཡོད་པས། ཁ་ཆེམས་རྒྱུད་འཛིན་གྱི་ཤུལ་འཛིན་ལས་གཞན་ཚང་མ་ཤུལ་འཛིན་དབང་ཆ་ཡོད་པ་རྣམས་ཀྱི་དབང་ཆའི་གོ་རིམ་ལྟར་ཤུལ་འཛིན་བྱེད་པ་ཞིག་ཡིན།

དེ་ལ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང》གི་ཤུལ་འཛིན་སྐོར་གྱི་གཏན་འཁེལ་ལས་འདི་ལྟར་གཏན་འཁེལ་བྱས་ཡོད་ལ། “ཤུལ་འཛིན་གྱི་མགོ་བརྩམས་རྗེས། རྒྱུ་ནོར་ཁྲིམས་བཀོད་ཤུལ་འཛིན་ལྟར་བསྒྲུབ་དགོས་པ་དང་ཁ་ཆེམས་ཡོད་པ་ཡིན་ན་ཁ་ཆེམས་ལྟར་རྒྱུ་ནོར་ཤུལ་འཛིན་བྱ་བའམ་ཁ་ཆེམས་ལྟར་བསྒྲུབ་དགོས་པར་མ་ཟད། ཁ་ཆེམས་ལྟར་བྱིན་པའི་གསོ་སྐྱོང་གི་གྲོས་མོལ་ཡོད་ན་གྲོས་མོལ་ལྟར་དུ་བསྒྲུབ་དགོས་ཞེས་བསྟན་ཡོད་ལ། དོན་ཚན9པའི་ནང་དུའང་རྒྱུ་ནོར་ཤུལ་འཛིན་གྱི་དབང་ཆ་ཕོ་མོ་འདྲ་མཉམ་ཡིན”ཞེས་བསྟན་ཡོད། ད་དུང་དོན་ཚན10པའི་ནང་དུའང་ཤུལ་རྫས་གཤམ་གསལ་གོ་རིམ་ལྟར་ཤུལ་འཛིན་བྱ་དགོས་ཏེ། གོ་རིམ་དང་པོ། བཟའ་ཟླ་དང་བུ་ཕྲུག ཕ་མ་བཅས་ཡིན་ལ། དོན་ཚན13པའི་ཚན་པ1པོའི་ནང་དུའང་གོ་རིམ་གཅིག་འདྲའི་ཤུལ་འཛིན་མཁན་གྱིས་ཤུལ་རྫས་རྒྱུ་ནོར་ཤུལ་འཛིན་བྱ་བའི་སྐལ་སྤྱིར་བཏང་དུ་འདྲ་མཉམ་ཡིན་དགོས་པ་དང་། དོན་ཚན3པའི་ནང་དུའང་ཤུལ་འཇོག་མཁན་ལ་གསོ་སྐྱོང་གི་འོས་འགན་གཙོ་བོ་བསྒྲུབས་པའམ་ཤུལ་བཞག་ནོར་བདག་དང་མཉམ་དུ་འཚོ་བ་རོལ་བའི་ཤུལ་འཛིན་པ་ལས་ཤུལ་རྫས་བགོ་བཤའ་རྒྱག་སྐབས་བགོས་ཆོག་པ་དེ་བསྟན་ཡོད།

གཞན་ད་དུང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང》གི་ཤུལ་འཛིན་སྐོར་གྱི་གཏན་འཁེལ་ལས་གཏན་འཁེལ་བྱས་པ་ལྟར་ན། “གཉོར་སྐྱོང་འོས་འགན་ཡོད་པའི་གཞུག་ཁྲིད་དང་གཉེན་བསྒྲིགས་རྗེས་སུ་སྐྱེས་པའི་བྱིས་པ་གཉིས་རིམ་པ་གཅིག་པའི་རྒྱུད་འཛིན་པར་གཏོགས་ལ། སྤུན་མཆེད་གཉིས་གཞུག་ཁྲིད་ཡིན་པ་ཆ་འདྲ་བ་དང་ཤུལ་འཛིན་དབང་ཆའང་འདྲ་མཉམ་ཡིན”ཞེས་བསྟན་ཡོད།

རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།