མི་འདིས་གློག་ཀླད་དང་ཁ་པར་བརྐུས་པས་ཉེན་རྟོག་པའི་ལག་ཏུ་ཐེབས་འདུག

ཡོང་ཁུངས། གཞིས་ཀ་རྩེའི་ཚགས་པར།
 
 
 

ཟླ་2པའི་ཚེས་20ཉིན། བསམ་གྲུབ་རྩེ་ཆུས་སྤྱི་བདེ་ཅུས་ཀྱིས་རྐུ་རྒྱག་གྱོད་གཞི་ཞིག་རྩད་ཆོད་ཐུབ་ནས་ཉེས་གསོག་དོགས་ཅན་1འཛིན་བཟུང་བྱས་པ་རེད།

གྱོད་དོན་ཕྱིར་དྲན།

ཟླ་2པའི་ཚེས་13ཉིན་གྱི་ཆུ་ཚོད་16ཙམ་ལ། བསམ་གྲུབ་རྩེ་ཆུས་བདེ་ལེགས་མངགས་གཏོང་ཁང་ལ་འཛོམས་ཆེ་གེ་མོས་གྱོད་དོན་སྙན་སེང་ཞུས་ནས། ཁོང་གིས་བོགས་གཏོང་ཁང་པའི་ནང་གི་གློག་ཀླད་དང་ལག་ཐོགས་ཁ་པར་སོགས་རིན་ཐང་སྒོར་2000ཙམ་ཟིན་པའི་དངོས་པོ་བརྐུས་འདུག་པས། མངགས་གཏོང་ཁང་ནས་བརྟག་དཔྱད་བྱེད་རོགས་ཞེས་བརྗོད། ཉེན་རྟོག་པས་འཕྲལ་མར་ས་གནས་ས་ཐོག་ཏུ་བསྐྱོད་དེ་བརྟག་དཔྱད་ལས་དོན་སྤེལ་བ་རེད།

བརྟག་དཔྱད་བྱས་པར་གཞིགས་ན། ཟླ་2པའི་ཚེས་13ཉིན་གྱི་ཆུ་ཚོད་15ཙམ་ལ། འཛོམས་ཆེ་གེ་མོ་དང་མོའི་བུ་མོ་གཉིས་ཕྱིར་ལོག་ནས་ནང་ལ་སླེབས་སྐབས། ཆ་རྒྱུས་མེད་པའི་སྐྱེས་པ་ཞིག་གིས་ཁང་པ་ནས་དངོས་པོ་རྐུ་བཞིན་ཡོད་པ་མཐོང་བས། སྐྱེས་པ་དེས་མི་ཡོང་བ་མཐོང་སྐབས་ལམ་སེང་བྲོས་ཕྱིན་པ་རེད། འཛོམས་ཆེ་གེ་མོས་ནང་གི་ཅ་ལག་ལ་ལྟ་ཞིབ་བྱེད་སྐབས་ཟིན་བྲིས་གློག་ཀླད་དང་ཁ་པར་བརྐུས་ཡོད་པ་ཤེས། མི་དམངས་ཉེན་རྟོག་པས་ཕྱོགས་མང་པོར་བརྟག་དཔྱད་བྱས་པ་བརྒྱུད། ཉེས་གསོག་དོགས་ཅན་ཕུར་ཆེ་གེ་མོ་ཡིན་པ་གཏན་འཁེལ་བྱས་པ་མ་ཟད། ཟླ་2པའི་ཚེས་20ཉིན་གྱི་ཆུ་ཚོད་12ཙམ་ལ། བསམ་གྲུབ་རྩེ་ཆུས་ནོར་འཛོམས་ཀུན་གླིང་གི་བོགས་གཏོང་ཁང་པ་ཞིག་ནང་ནས་ཕུར་ཆེ་གེ་མོ་འཛིན་བཟུང་བྱས་པ་རེད། 

འདྲི་ཞིབ་བྱས་པ་བརྒྱུད། ཕུར་ཆེ་གེ་མོས་རང་གིས་རྐུ་བརྒྱབ་པའི་ཁྲིམས་འགལ་དོན་དངོས་སྦ་གསང་མེད་པར་ངོས་ལེན་ཞུས་པ་རེད།

མིག་སྔར། གྱོད་གཞི་དེ་གཞིས་ཀ་རྩེ་གྲོང་ཁྱེར་སྤྱི་བདེ་ཅུས་ཉེས་དོན་མྱུལ་ཞིབ་ཡན་ལག་རུ་ཁག་ལ་མུ་མཐུད་བརྟག་དཔྱད་བྱ་རྒྱུར་རྩིས་སྤྲད་པ་རེད།

རྩོམ་སྒྲིག་པ། ཨ་གཡང་སྐྱིད།