ཅི་ཞིག་ལ་གཏའ་མའི་དབང་ཆ་ཟེར།

ཡོང་ཁུངས། མཚོ་སྔོན་བོད་ཡིག་ཁྲིམས་སྐྱོང་ཚགས་པར།

གཏའ་མའི་དབང་ཆ་ནི་དངོས་པོའི་བདག་དབང་ཡིན་ལ། རྩ་དོན་གྱི་སྟེང་ནས་འགན་ལེན་བྱས་ཡོད་པའི་བུན་དབང་གི་དུས་ཚོད་ལ་ཕན་འབྲས་མེད་པ་དང་བསྟུན་ནས་རྩ་མེད་དུ་འགྲོ་མི་རུང་ལ། བར་སྐབས་ཀྱི་བརྒྱུད་རིམ་མེད་པར་བཟོས་པ་དང་བསྟུན་ནས་ཀྱང་རྩ་མེད་དུ་གཏང་མི་རུང་། གཏའ་མ་འཇོག་པའི་དབང་ཆ་ནི་བུ་ལོན་འཇལ་མཁན་དང་མི་གསུམ་པོས་བདག་བཟུང་བྱས་ཡོད་པའི་དངོས་པོ་མི་སྤྲོད་པར་བུན་བདག་ལ་རྒྱུ་ནོར་ངེས་ཅན་ཞིག་མཁོ་འདོན་བྱས་ནས་བུ་ལོན་འཇལ་བ་ཁག་ཐེག་བྱེད་པ་ཞིག་ཡིན་པ་དང་།   བུ་ལོན་འཇལ་མཁན་གྱིས་བུ་ལོན་མི་འཇལ་བ་དང་འབྲེལ་ཡོད་མི་སྣས་གཏན་འཁེལ་བྱས་པའི་གཏའ་མ་འཇོག་པའི་དབང་ཆ་མངོན་འགྱུར་བྱུང་བའི་གནས་ཚུལ་གྱི་སྐབས་སུ། དངོས་པོ་དེ་དག་བཙོངས་ནས་དེ་ལས་ཕན་འབྲས་ཐོབ་པའི་དབང་ཆ་ཡོད། གཏའ་མ་འཇོག་པའི་དབང་ཆའི་འབྲེལ་བའི་ཁྲོད། འགན་ལེན་རྒྱུ་ནོར་མཁོ་འདོན་བྱེད་པའི་བུ་ལོན་འཇལ་མཁན་དང་མི་གསུམ་པ་དེ་ལ་གཏའ་མ་འཇོག་མཁན་ཟེར།གཏའ་མའི་དབང་ཆ་ཡོད་པའི་བུན་བདག་ལ་གཏའ་མ་འཇོག་པའི་ཁེ་དབང་ཡོད་མཁན་ཟེར། གཏའ་མར་འཇོག་མཁན་གྱིས་མཁོ་འདོན་བྱས་པའི་རྒྱུ་ནོར་གཏའ་མའི་དངོས་རྫས་ཟེར་ཞིང་། གཏའ་མའི་དངོས་རྫས་འདི་ནི་དངོས་པོའི་བདག་དབང་བཅའ་ཁྲིམས་ཀྱི་གཏན་འཁེལ་ལྟར་ན། གཏན་འཇགས་རྒྱུ་ནོར་དང་ཉེར་སྤྱོད་རྒྱུ་ནོར། ཁེ་དབང་བཅས་འདུ། གཏའ་མར་འཇོག་པའི་དབང་ཆའི་གཏན་འཁེལ་ལས་མི་གཞན་ལ་སྤྲད་མི་དགོས་པའི་དངོས་པོ་བདག་བཟུང་དང་མི་འདྲ། གཏའ་མ་འཇོག་པའི་དབང་ཆ་ནི་འགན་ལེན་རྒྱུ་ནོར་གྱི་བདག་བཟུང་དབང་ཆ་གཏའ་མ་འཇོག་པའི་དབང་ཆ་ཡོད་མཁན་ལ་མི་སྤྲོད་པའི་རྐྱེན་གྱིས་བུ་ལོན་འཇལ་མཁན་གྱི་ཐད་ནས་བཤད་ན། གཏའ་མར་བཞག་པའི་དངོས་པོ་འདི་ལ་བརྟེན་ནས་དངུལ་བསྲེས་བྱས་ཆོག་པ་ལས་གཞན། ད་རུང་གཏན་འཁེལ་བྱས་ཡོད་པའི་དངོས་པོ་མུ་མཐུད་དུ་བདག་བཟུང་དང་བཀོལ་སྤྱོད་བྱས་ཆོག

རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།