ཉོ་འཚོང་བྱེད་སྐབས་ཤོག་སྒོར་མ་བླངས་ན་ཁྲིམས་འགལ་ཡིན།

ཡོང་ཁུངས། ཀྲུང་དབྱང་བོད་སྐད་རླུང་འཕྲིན།

ཤོག་སྒོར་མི་བླངས་ན་ཆོག་གམ།

ཀྲུང་གོ་མི་དམངས་དངུལ་ཁང་གིས་ཟླ1པོའི་ཚེས19ཉིན་ཁྱབ་བསྒྲགས་བྱས་པར་གཞིགས་ན། 2023ལོའི་དགུན་དུས་ལ་ཀྲུང་གོ་མི་དམངས་དངུལ་ཁང་གིས་མི་དམངས་ཤོག་སྒོར་མི་ལེན་པའི་སྡེ་ཁག་དང་དེ་མིན་འབྲེལ་ཡོད་འགན་འཁུར་བ་གཉིས་ལ་ཁྲིམས་ལྟར་དཔལ་འབྱོར་གྱི་ཆད་པ་བཅད། ཀྲུང་གོ་མི་དམངས་དངུལ་ཁང་གིས་ཁྱབ་བསྒྲགས་བྱས་པའི་ཆད་གཅོད་ཆ་འཕྲིན་ལས་མངོན་པར། ད་རེས་ཆད་པ་བཅད་པའི་སྡེ་ཁག་གཉིས་ནི་ཀྲུང་གོ་བདེ་འཇགས་རྒྱུ་ནོར་འགན་བཅོལ་མ་རྐང་ཚད་ཡོད་ཀུང་སིའི་ཀྲང་ཀྲོའུ་དཀྱིལ་སྙིངཡན་ལག་ཀུང་སི་དང་། ཧྲའན་ཤིས་ཞིང་ཆེན་ཝེ་ནན་གྲོང་ཁྱེར་ཕུའུ་ཁྲེང་རྫོང་ཅིང་ཡའོ་གྲོང་རྡལ་གྱི་ལོ་དགུའི་འོས་འགན་སློབ་གྲྭ་ཡིན་པ་དང་སོ་སོར་དངུལ་ཆད་སྒོར9000དང2000བཅད། སྡེ་ཁག་འདི་གཉིས་ཀྱིས་གཙོ་བོ་མང་ཚོགས་ཀྱིས་མི་དམངས་ཤོག་སྒོར་བཀོལ་ནས་རླངས་འཁོར་གྱི་འགན་བཅོལ་ཉོ་བ་དང་སློབ་ཡོན་སྤྲོད་པ་སོགས་དང་ལེན་མི་བྱེད་པའི་ཁྲིམས་འགལ་དོན་དངོས་ཐད་ཆད་པ་བཅད་པ་རེད།

ཉེ་བའི་ལོ་ཤས་རིང་ལ། ཀྲུང་གོ་མི་དམངས་དངུལ་ཁང་གིས་མི་དམངས་ཤོག་སྒོར་མི་ལེན་པའི་ལས་དོན་བཅོས་སྒྲིག་ལ་མུ་མཐུད་སྐུལ་འདེད་བཏང་བ་དང་། མི་དམངས་ཤོག་སྒོར་མི་ལེན་པའི་གནས་ཚུལ་ལ་ཞིབ་དཔྱད་བྱས་རྗེས་ཁྲིམས་ལྟར་ཆད་པ་བཅད། 2023ལོའི་ཟླ10པ་ནས་བཟུང་། ཀྲུང་གོ་མི་དམངས་དངུལ་ཁང་གིས་མི་དམངས་ཤོག་སྒོར་མི་ལེན་པའི་ཆེད་དོན་བཅོས་སྒྲིག་ལས་དོན་སྤེལ་ནས་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་ཏན་ཏིག་བྱ་དགོས།

ཀྲུང་གོ་མི་དམངས་དངུལ་ཁང་གི་འབྲེལ་ཡོད་མི་སྣས་སྤྱི་དམངས་ལ་མི་དམངས་ཤོག་སྒོར་མི་ལེན་པའི་བྱ་སྤྱོད་དང་འཕྲད་ཚེ། ཁྲིམས་ལྟར་ཁེ་དབང་སྲུང་སྐྱོང་བྱ་ཆོག་ཅེས་བཤད་ཅིང་། རྒྱ་ཆེའི་ཚོང་གཉེར་བས་ཁྲིམས་སྐྱོང་གི་འདུ་ཤེས་ཇེ་ཟབ་ཏུ་གཏོང་བ་དང་སྤྱི་དམངས་ཀྱིས་སྒོར་མོ་གཏོང་སྤྲོད་འདེམས་དབང་ལ་བརྩི་འཇོག་བྱས་ནས་ཞི་མཐུན་གྱི་སྒོར་མོའི་འཁོར་རྒྱུག་གི་ཁོར་ཡུག་ཅིག་ཐུན་མོང་ཐོག་གཏད་དགོས་ཞེས་བཤད།

རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།