ཁང་པའི་དངུལ་བུན་ཡོད་མཁན་གྱིས་དོ་སྣང་བྱེད་རོགས། ཟླ་དང་པོ་ནས་བཟུང་མི་མི་ཉུང་བ་ཞིག་གི་ཁང་པའི་དངུལ་བུན་གྱི་སྐྱེད་ཚད་ཚང་མ་གཞི་གནས་10གཅོག་རྒྱུ་རེད།
གཅོག་དོན་ཅི་ཡིན་ཞེ་ན། དེ་སྔོན་གྱི་ཁང་པའི་སྐྱེད་ཀ་ཅི་ལྟར་གཏན་འཁེལ་བྱས་པ་བཤད་དགོས། ཁང་པའི་དངུལ་བུན་གྱི་གན་རྒྱ་ཁ་ཕྱེ་ཚེ། མི་མང་ཆེ་བའི་ཁང་པའི་དངུལ་བུན་གྱི་སྐྱེད་ཚད་ནི་དངུལ་བུན་ཁྲོམ་རའི་རིན་གོང་ཁྱབ་བསྒྲགས་ཀྱི་སྐྱེད་ཚད་དང་བསྟུན་པ་དང་། དེ་ཡང་LPRདང་བསྟུན་ནས་འགྲོ་བཞིན་ཡོད། LPRའཕར་ཚེ་ཁང་པའི་དངུལ་བུན་གྱི་སྐྱེད་ཀ་ཡང་དེ་དང་བསྟུན་ནས་འཕར་གྱི་ཡོད། LPR་ཆག་ཚེ། ཁང་པའི་དངུལ་བུན་གྱི་སྐྱེད་ཀའང་དེ་དང་བསྟུན་ནས་ཆག་བཞིན་པ་ཤེས་ཐུབ།
LPRའདི་ནི་ཡིད་རྟོན་དངུལ་བུན་ཁྲོམ་རའི་མ་དངུལ་མཁོ་སྤྲོད་ཀྱི་གནས་ཚུལ་ལ་གཞིགས་ནས་བཟོས་པའི་རིན་གོང་སྙན་ཞུ་ཞིག་རེད། ཟླ་རེར་ཁྱབ་བསྒྲགས་ཐེངས་རེ་བྱེད་ཀྱི་རེད། ཡིན་ཡང་། ཁང་པའི་དངུལ་བུན་གྱི་སྐྱེད་ཀའི་ཚད་ནི་ལོ་རེར་ཡང་བསྐྱར་རིན་གོང་གཏན་འབེབས་བྱེད་པའི་ཉིན་མོ་ཞིག་ཡོད་པས། ཉིན་དེར་ད་གཟོད་ཁང་པའི་དངུལ་བུན་གྱི་སྐྱེད་ཀའི་ཚད་ལ་འགྱུར་ལྡོག་འབྱུང་སྲིད། མི་མང་ཆེ་བའི་རིན་གོང་ཡང་བསྐྱར་གཏན་འཁེལ་བྱེད་པའི་ཉིན་ནི་ལོ་རེའི་ཟླ་དང་པོའི་ཚེས་གཅིག་ཉིན་ཡིན།
ན་ནིང་ཟླ་6པར། དུས་ཡུན་ལོ་ལྔ་ཡན་གྱི་LPRཡི་གཞི་གནས་10དམའ་རུ་བཏང་བའི་ཕན་པ་ནི་ད་ལོའི་ཟླ་དང་པོ་ནས་བཟུང་དོན་འཁྱོལ་བྱ་རྒྱུ་རེད།
ཁང་པའི་སྐྱེད་ཀའི་གཅོག་པ། ས་ཁུལ་མི་འདྲ་བར་ཁྱད་པར་དེ་ཙམ་མེད། འོན་ཀྱང་རྩིས་རགས་ཙམ་བརྒྱབ་ན་ཁྲི་100དང་། ལོ་20ཡི་རིང་གི་སྡོད་ཁང་དངུལ་བུན་དེ་ཟླ་རེར་ཧ་ལམ་སྒོར་བཅུ་ཕྲག་ཁ་ཤས་ཉུང་དུ་འགྲོ་རྒྱུ་དང་། ལོ་20ཡི་ནང་ཁྱོན་སྒོར་ཁྲི་1ལྷག་ཙམ་ཉུང་དུ་འགྲོ་རྒྱུ་རེད།
ཁང་པའི་དངུལ་བུན་གྱི་སྐྱེད་ཀའི་ཚད་གཞི་གནས་10དམའ་རུ་བཏང་ན། ཁང་པའི་དངུལ་བུན་ག་ཚོད་ཆག་སྲིད་དམ། ས་ཁུལ་མི་འདྲ་བར་ཁྱད་པར་ཡོད་མོད། འོན་ཀྱང་རགས་རྩིས་ཤིག་བརྒྱབ་ན། ཕལ་ཆེར་ཁྲི་100ཡི་ལོ་ངོ་20ཡི་ཁང་པའི་དངུལ་བུན་དེ་ཟླ་རེར་ཕལ་ཆེར་སྒོར་བཅུ་ཕྲག་ཁ་ཤས་ཉུང་དུ་གཏོང་ཐུབ་པ་དང་། ལོ་ངོ་20ལ་ཁྱོན་བསྡོམས་སྒོར་ཁྲི་1ལྷག་ཙམ་ཉུང་དུ་གཏོང་ཐུབ།
ད་ཐེངས་ཀྱི་ཁང་པའི་དངུལ་བུན་ལེགས་སྒྲིག་བྱེད་སྐབས་སྒེར་གྱིས་ཅི་ཡང་བྱེད་མི་དགོས། དམའ་རུ་བཏང་བའི་མཇུག་འབྲས་དངུལ་ཁང་ཁ་ཤས་ཀྱིས་འཕྲིན་ཐུང་ནས་བརྡ་ཐོ་གཏོང་གི་རེད། བརྡ་འཕྲིན་མ་འབྱོར་ནའང་འཚབ་མི་དགོས། ཁ་པར་དངུལ་ཁང་ཐོ་འགོད་བྱས་ནས་བལྟས་ན་ལེགས་སྒྲིག་བྱས་པའི་མཇུག་འབྲས་མཐོང་ཐུབ།
རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།