ངལ་རྩོལ་པུའུ་ཡི《གླ་ཕོགས་གཏོང་སྤྲོད་ཀྱི་གནས་སྐབས་ལག་བསྟར་གཏན་འཁེལ》ལས(ངལ་རྩོལ་པུའུ་ཡི་སྤེལ་བའི[1994]ཡིག་ཨང489པ)ཡི་དོན་ཚན12པའི་གཏན་འཁེལ་ལྟར་ན། “ལས་མཚམས་དང་ཐོན་སྐྱེད་བྱེད་མཚམས་བཞག་པའི་རྒྱུ་རྐྱེན་དང་དུས་ཚོད། ངལ་རྩོལ་པས་རྒྱུན་ལྡན་གྱི་ངལ་རྩོལ་འདོན་སྤྲོད་བྱས་ཡོད་མེད་བཅས་ལ་གཞིགས་ཏེ་གཏོང་སྤྲོད་ཀྱི་ཚད་གཞི་གཏན་འཁེལ་བྱ་དགོས་པ་སྟེ། ངལ་རྩོལ་པའི་རྒྱུ་རྐྱེན་མིན་པར་ལས་ཁུངས་ཀྱིས་ལས་མཚམས་དང་ཐོན་སྐྱེད་བྱེད་མཚམས་བཞག་ནས་གླ་ཕོགས་སྤྲོད་པའི་དུས་འཁོར་གཅིག་ནང་། མི་ཤུགས་བཀོལ་སྤྱོད་ལས་ཁུངས་ཀྱིས་གན་རྒྱའི་ནང་གཏན་ལ་ཕབ་པའི་ཚད་གཞི་ལྟར་ངལ་རྩོལ་པར་གླ་ཕོགས་སྤྲད་དགོས། གཏོང་སྤྲོད་ཀྱི་དུས་འཁོར་གཅིག་ལས་བརྒལ་བ་དང་ངལ་རྩོལ་པས་རྒྱུན་ལྡན་གྱི་ངལ་རྩོལ་མཁོ་འདོན་བྱས་ཚེ། ངལ་རྩོལ་པར་སྤྲད་པའི་ངལ་རྩོལ་གྱི་ཐོབ་ཆ་དེ་ས་གནས་དེ་གའི་གླ་ཕོགས་དམའ་ཤོས་ཀྱི་ཚད་གཞི་ལས་དམའ་མི་རུང་བ་དང་། གལ་ཏེ་ངལ་རྩོལ་པས་རྒྱུན་ལྡན་གྱི་ངལ་རྩོལ་མཁོ་འདོན་བྱས་མེད་ཚེ། རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འཁེལ་གཞིར་བཟུང་སྟེ་བསྒྲུབ་དགོས”ཞེས་བཀོད་ཡོད།
རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།