སྣུམ་ལྕུག་གོ་རེ་ཡི་བཟང་ཆ་ནི་ཁ་ལ་ཞིམ་ཞིང་ལྟོ་རྒྱགས་པ་དེ་རེད། འཚོ་བཅུད་ཀྱི་སྟེང་ནས་ཅཱ་ཡི་འདུས་ཚད་ཅུང་མཐོ་མོད། འོན་ཀྱང་སྣུམ་ལྕུག་གོ་རེ་ཡི་གི་སྣུམ་ཚད་དང་ནཱ་ཡི་འདུས་ཚད་ཧ་ཅང་མཐོ་བ་སྟེ།
སྣུམ་ལྕུག་གོ་རེ་ཕྱེད་ཀར་ཧ་ལམ་ཁེ50ཡོད།
ཁྲག་ཤེད་ཚོད་འཛིན་ལ་གནོད་ཅིང་། ལུས་པོའི་ལྗིད་ཚད་ཚོད་འཛིན་ལ་མི་ཕན་པ་དང་། ཚིལ་མང་བས་ལུས་ལ་ཚོ་འབུད་སླ་བ་དང་དེ་འབྲེལ་གྱི་དལ་བའི་རང་བཞིན་གྱི་ནད་གཞི་མང་པོ་བསླང་སྲིད།
སྙིང་གི་ཁྲག་རྩའི་བདེ་ཐང་དང་ཁྲག་མངར་ཚོད་འཛིན་ལ་གནོད་པ། ཟ་མ་ཞུ་དཀའ་བ། འབྲས་སྐྲན་སློང་བའི་ཉེན་ཁ་འབྱུང་སྲིད། དེ་མིན་རུས་པ་དང་དབང་རྩའི་མ་ལག་གི་བདེ་ཐང་ལ་ཤུགས་རྐྱེན་ཐེབས་སྲིད་པ་བཅས་སོ།
བདེ་ཐང་གི་སྣུམ་ལྕུག་གོ་རེ་གསོལ་སྟངས་གསུམ་ནི།
ཐོག་མར་ཚད་ལྡན་གྱི་ཟ་ཁང་བདམ་དགོས། གཉིས་པ་ཁ་དོག་གཙང་བའི་སྣུམ་ལྕུག་གོ་རེ་རིགས་སྟེ། སྣུམ་གསར་པའི་ནང་བཙོས་པའི་སྣུམ་ལྕུག་གོ་རེ་མདོག་སེར་པོ་དང་། ནག་ཐིག་མེད་པ། སོབ་སོབ་ཅན་འདེམ་དགོས་པ་ཡིན།
གསུམ་པ་ཉུང་ཙམ་ཟ་བ་དང་སྡེབ་སྦྱོར་འོས་འཚམ་བྱེད་དགོས། དཔེར་ན། སྔོ་ཚལ་སྣ་མང་དང་ཀྲོ་མ་ཀྲུ་སོགས་དང་། སྒོ་ང་། བྱ་བྲང་གི་ཤ། ཉ་རིགས། སྲན་བཟོས་དངོས་པོ་སོགས་སྤྲི་དཀར་མང་བའི་ཟས་རིགས་དང་སྡེབ་ན་ལེགས།
རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།