ཡུལ་སྐོར་ལྗོངས་ཁུལ83གྱིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་མཁན་ཞིང་ཆེན་དང་གྲོང་ཁྱེར། མཚོ་སྔོན་གྱི་ཡུལ་སྐོར་བ་བཅས་ལ་རིན་མེད་ཀྱིས་ཡུལ་སྐོར་བྱ་ཆོག་པའི་སྔར་མེད་གཟིགས་སྐྱོང་གནང་འདུག

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ11ཚེས14ཉིན།  མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གཞུང་སྒྲུབ་ཁང་གིས་མཚོ་སྔོན་ཞིང་ཆེན་གྱི་དགུན་དཔྱིད་ཀྱི་ཡུལ་སྐོར་འཛད་སྤྱོད་ལ་སྐུལ་འདེད་གཏང་བའི་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུ་བསྡུས་ཤིང་། ཚོགས་ཐོག་ཏུ་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གིས་ད་ལོའི་དགུན་དཔྱིད་དུས་ཚིགས་སུ་ཡུལ་སྐོར་ལྗོངས་ཁུལ་གྱི་པ་སེ་ཐད་བཏོན་པའི་གཟིགས་སྐྱོང་བྱེད་ཐབས་དང་།  ཡུལ་སྐོར་ལམ་ཐིག་སྤུས་ལེགས།  རིག་གནས་ཡུལ་སྐོར་གྱི་བྱེད་སྒོ་དང་རིག་གནས་ཡུལ་སྐོར་གྱི་ཁྲོམ་རའི་ལྟ་སྐུལ་བཅས་ཀྱི་གནས་ཚུལ་ཁྱབ་སྒྲོག་བྱས།

2023ལོའི་ཟླ11པའི་ཚེས15ཉིན་ནས2024ལོའི་ཟླ3ཚེས15ཡི་ཉིན་བར།  རང་ཞིང་གིAརིམ་པའི་ལྗོངས་ཁུལ་གྱིས་པེ་ཅིང་དང་ཧྲང་ཧའེ།  ཐིན་ཅིན།  ཧྲན་ཏུང་། ཀྲེ་ཅང་། ཅང་སུའུ་བཅས་མཚོ་སྔོན་ལ་རོགས་སྐྱོར་བྱེད་མཁན་ཞིང་ཆེན་དང་གྲོང་ཁྱེར་དྲུག་གི་ཡུལ་སྐོར་པ་(ཐོབ་ཐང་ལག་འཁྱེར་ཚད་གཞིར་འཛིན་རྒྱུ)རྣམས་ལ་རིན་མེད་ཀྱི་གཟིགས་སྐྱོང་བྱེད་ཐབས་ལག་བསྟར་བྱ་རྒྱུ་སྟེ། དེའི་ནང་མཚོ་སྔོན་པོ་ལྗོངས་ཁུལ་དང་། ཟི་ལིང་གྲོང་ཁྱེར་གྱི་རི་སྐྱེས་སྲོག་ཆགས་ར་བ་སོགས་ལྗོངས་ཁུལ15རིན་མེད་ཡིན་པ་དང་།  སྐུ་འབུམ་དགོན་པའི་ལྗོངས་ཁུལ་དུ་ཡུལ་སྐོར་བ་ཉུང་དུས་ཀྱི་ཚད་གཞི་ལྟར་པ་སེ་འཚོང་རྒྱུ།   སྟོང་སྐོར་གྱི་སྟོང་སྐོར་གནའ་མཁར། ཚལ་རྔ་འགག་ཡུལ་སྐོར་ལྗོངས་ཁུལ།  ཁྲི་ཀ་རྫོང་དྭངས་གཙང་རྨ་ཆུའི་ལྗོངས་ཁུལ་སོགས3Aརིམ་པ་ཡན་གྱི་ལྗོངས་ཁུལ་རིན་མེད་ཡིན།  ཧོར་གྲོང་ཧོར་རིགས་ཀྱི་གཞིས་རྙིང་ར་བ་དང་།  སྟོང་སྐོར་རྫོང་རྒྱ་ལུང་པའི་རིག་གནས་ཡུལ་སྐོར་ལྗོངས་ཁུལ་སོགས་ལྗོངས་ཁུལ10ཡིས་ཡུལ་སྐོར་བ་ཉུང་དུས་ཀྱི་50%ལྟར་པ་སེ་རིན་པ་བསྡུ་རྒྱུ། ཞིན་ཧྭ་ལིན་བྱིས་པའི་རྩེད་རས་གཟིགས་སྐྱོང་གི་པ་སེ་ལག་བསྟར་བྱ་རྒྱུ་བཅས་རེད། 
  
       2023ལོའི་ཟླ12ཚེས15ཉིན་ནས2024ལོའི་ཟླ3ཚེས15ཉིན་བར་དུ། རང་ཞིང་གིས་ད་དུང“ཕ་ཡུལ་ལ་ལྟ་སྐོར་བྱེད་པ་སྟེ——མཚོ་སྔོན་པས་མཚོ་སྔོན་དུ་ཡུལ་སྐོར་བྱེད”ཅེས་པའི་ཞིང་ཆེན་ནང་ཁུལ་གྱི་རིག་གནས་ཡུལ་སྐོར་འཛད་སྤྱོད་ལ་སྐུལ་འདེད་གཏང་བའི་བྱེད་སྒོ་སྤེལ་རྒྱུ་ཡིན་ཞིང་། དེའི་རིང་དུ་སྐྱེས་ཡུལ་མཚོ་སྔོན་ནས་ཡིན་པའི་ཡུལ་སྐོར་བ(ཐོབ་ཐང་ལག་འཁྱེར་གྱི་ས་གནས་ཚད་གཞིར་འཛིན་རྒྱུ)རྣམས་ཀྱིས་ཡུལ་སྐོར་ལྗོངས་ཁུལ་གྱི་པ་སེ་རིན་མེད་དམ་ཡང་ན་ཉུང་ངུ་ལས་མི་བསྡུ་བའི་གཟིགས་སྐྱོང་ལོངས་སུ་སྤྱད་ཆོག

2023ལོའི་ཟླ12ཚེས15ཉིན་ནས2024ལོའི་ཟླ3ཚེས15ཉིན་བར་རིན་མེད་ཀྱིས་ཡུལ་སྐོར་བ་བསུ་པའི་ལྗོངས་ཁུལ་ནི།   མཚོ་སྔོན་པོ་ལྗོངས་ཁུལ།  མཚོ་སྔོན་རྡུལ་མཚོན་མཁར་དྲན་གསོ་ཁང་། ཧྲང་ཞིན་ས་ཚིགས། ཟི་ལིང་གྲོང་ཁྱེར་རི་སྐྱེས་སྲོག་ཆགས་ར་བ།  མཚོ་བོད་མཐོ་སྒང་རང་བྱུང་དངོས་མང་བཤམས་སྟོན་ཁང་།  གཞུང་ཐང་ལཱ་ཚང་གི་གནའ་ཤུལ་སྤྱི་གླིང་།  ཟི་ལིང་གྲོང་ཁྱེར་མཚོ་སྔོན་བོད་ཀྱི་རིག་གནས་བཤམས་སྟོན་ཁང(སྐུ་འབུམ)།   མཚོ་སྔོན་བོད་སྨན་སྨན་རྫས་རིགགནས་བཤམས་སྟོན་ཁང་།   ཚལ་རྔ་འགག་ཡུལ་སྐོར་ལྗོངས་ཁུལ།  རྐང་ཚའི་མཐོ་སྒང་མཚོ་འགྲམ་བོད་མཁར་ལྗོངས་ཁུལ་བཅས་རེད།

2023ལོའི་ཟླ12ཚེས15ཉིན་ནས2024ལོའི་ཟླ3ཚེས15ཉིན་བར་གཟིགས་སྐྱོང་གི་པ་སེ་ཉུང་ངུ་བསྡུ་བའི་ལྗོངས་ཁུལ་ནི།  སྐུ་འབུམ་དགོན་པའི་གཟིགས་སྐྱོང་པ་སེ་སྒོར40ཡིན་པ་དང་།  ཧོར་གྲོང་ཧོར་རིགས་གཞིས་རྙིང་ར་བའི་གཟིགས་སྐྱོང་པ་སེ་སྒོར40།  ཞིན་ཧྭ་ལིན་རྒྱལ་སྤྱིའི་ཡུལ་སྐོར་གྲོང་སྟེ་བྱིས་པའི་རྩེད་རའི(童梦乐园)གཟིགས་སྐྱོང་པ་སེ་སྒོར198།  རི་བོ་ཉི་ཟླའི་ཡུལ་སྐོར་ལྗོངས་ཁུལ་གྱི་གཟིགས་སྐྱོང་པ་སེ་སྒོར15། སྟོང་སྐོར་རྫོང་གྱ་ལུང་པའི་རིག་གནས་ཡུལ་སྐོར་ལྗོངས་ཁུལ་གྱི་གཟིགས་སྐྱོང་པ་སེ་སྒོར20། གཞོང་ཐང་གི་ཆི་ལི་མེ་ཏོག་སྐྱེད་ཚལ་གྱི་གཟིགས་སྐྱོང་པ་སེ་སྒོར20།  ཚའར་ཧན་ཚྭ་མཚོའི་གཟིགས་སྐྱོང་པ་སེ་སྒོར20། ཝུ་སུ་ཐེ(ཆུ་ཐོག)བྲག་དམར་ལྗོངས་ཁུལ་གྱི་གཟིགས་སྐྱོང་པ་སེ་སྒོར30། མདོ་ལའི་མཛེས་ལྗོངས་ཁུལ(འབྲོག་རི་ལྗོངས་ཁུལ)གྱི་གཟིགས་སྐྱོང་པ་སེ་སྒོར30བཅས་རེད།   

●ལོ་ཧྲིལ་བོར་རིན་མེད་ཡིན་པའི་ལྗོངས་ཁུལ་ནི། 

ཞིང་ཆེན་ཡོངས་ཀྱི3Aརིམ་པ་ཡན་གྱི་རྒྱལ་ཁོངས་ཀྱི་ཡུལ་སྐོར་ལྗོངས་ཁུལ་ནི།  མཚོ་སྔོན་ཞིང་ཆེན་དངོས་མང་བཤམས་མཛོད་ཁང་།  ཀྲུང་གོའི་བཟོ་ཞིང་དམར་དམག་ནུབ་ལམ་དམག་དྲན་གསོ་ཁང་།  ན་གོར་མོ་གྲོང་ཁྱེར་དམག་སྤྱི་ཐོག་ཁང་སྤྱི་གླིང་།  མདོ་བ་རྒྱལ་ཁབ་མཐོ་སྒང་ལུས་རྩལ་སྦྱོང་བརྡར་རྟེན་གཞི།  ཟི་ལིང་གྲོང་ཁྱེར་ལུས་རྩལ་སྤྱི་གླིང་ལྗོངས་ཁུལ།  ཟི་ལིང་མི་དམངས་སྤྱི་གླིང་། ཟི་ལིང་གྲོང་ཁྱེར་ཆི་ལིན(麒麟)ཆུ་འགྲམ་ལྗོངས་ཁུལ།  ཟི་ལིང་གྲོང་ཁྱེར་ལྷོ་རི་ཡུལ་སྐོར་ལྗོངས་ཁུལ།   ཕུ་ཉིང(浦宁)གི་མུ་ཏིག  (ས་མཐོའི་མུ་ཏིག)  ། ལུང་མདོའི་ལིའུ་ཝན(柳湾)ཚོན་རྫ་ཡུལ་སྐོར་ལྗོངས་ཁུལ་བཅས་ཡིན།

མཚོ་སྔོན་ཞིང་ཆེན3Aརིམ་པའི་ཡུལ་སྐོར་ལྗོངས་ཁུལ་ནི།  སྟོང་སྐོར་གྱི་སྟོང་སྐོར་གནའ་མཁར།  ཟི་ལིང་གྲོང་ཁྱེར་ལེ་མོང་ཁྲོམ་སྲང་རིག་གནས་ཡུལ་སྐོར་ཁུལ།  དམར་གཙང་ས་ཚིགས་སྟེ་རྨ་ཙོང་དམངས་སྲོལ་རིག་གནས་མྱོང་རོལ་ཁུལ།    ཡ་རྫི་ས་ལར་དམངས་སྲོལ་རིག་གནས་གླིང་།  མཚོ་ཤར་གྲོང་ཁྱེར་རྨ་ཙོང་རིག་གནས་དངོས་མང་བཤམས་སྟོན་ཁང་།  ལུང་མདོའི་མའོ་གྲོང་ལྗོངས་ཁུལ།  ན་གོར་མོ་གྲོང་ཁྱེར་ཁུ་ནུ་ཡུལ་སྐོར་ཁུལ། ཁྲི་ཀ་རྫོང་དྭངས་གཙང་རྨ་ཆུ་ལྗོངས་ཁུལ།   ཡུལ་ཤུལ་ཁྲི་འདུའི་ལབ་དམངས་སྲོལ་གྲོང་ཚོ།  ཡུལ་ཤུལ་གྲོང་ཁྱེར་སེང་ཟེའི་རྒྱ་ནག་མ་ཎི་ཡུལ་སྐོར་ལྗོངས་ཁུལ། རེབ་གོང་ལོ་རྒྱུས་རིག་གནས་གྲོང་ཡུལ་སྐོར་ལྗོངས་ཁུལ། རྩེ་ཁོར་ཧོར་སྐྱེ་ཁམས་ཡུལ་སྐོར་ལྗོངས་ཁུལ། པདྨ་རྫོང་དམར་དམག་ལུང་པའི་ལྗོངས་ཁུལ། ནུབ་བྱང་ཅའོ་སྡེ་ཤོག  ཟི་ལིང་གྲོང་ཁྱེར་མུའུ་རོང་གནའ་གྲོང་ལྗོངས་ཁུལ།  ཟི་ལིང་གྲོང་ཁྱེར་མཱ་ཅ་ཡའོ་མི་རིགས་རིག་གནས་ཐོན་ལས་གླིང་།  ཧུང་ཀྲུང་པདྨ་འདབ་བརྒྱད་མངོན་མིན་རིག་གནས་ཤུལ་བཞག་རྒྱུད་འཛིན་མྱོང་རོལ་ལྟེ་གནས།  ཧུང་ཀྲུང་ཆུས་ཆིན་ཙི་ཡུའན་ཡུལ་སྐོར་ལྗོངས་ཁུལ།  ཧུང་ཀྲུང་རྫོང་ཞའོ་ཀའོ་ལིན་གྲོང་ཚོ་ཡུལ་སྐོར་རྟེན་གཞི། ཧུང་ཀྲུང་རྫོང་ཧྲུའུ་མའེ་རི་གྲོང་ལྗོངས་ཁུལ།   ཧོར་གྲོང་ཧོར་རིགས་རང་སྐྱོང་ལྗོངས་གྲོ་གྲ་ཐང་གདོད་མའི་རང་བྱུང་ལྗོངས་ཁུལ་སོགས་ལྗོངས་ཁུལ83རེད།

གཞན་རིག་གནས་ཡུལ་སྐོར་གྱི་ཁྲོམ་ར་ཤར་མར་ཕྱེ་ཆེད་ལ་རྩད་འདྲི་དང་ཞུ་གཏུག་བྱེད་ས་མཁོ་འདོན་དང་།  རིག་གནས་དང་ཡུལ་སྐོར་ཁྲོམ་རའི་སྒྲིག་འགལ་ཁྲིམས་འགལ་གྱི་བྱ་སྤྱོད་སྣ་ཚོགས་ཐག་གཅོད།   དུས་ཐོག་ཏུ་ཡུལ་སྐོར་བས་དོ་ཁུར་ལ་ལན་བསྐྱོན་ནས་ཡུལ་སྐོར་བའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ།  བདེ་འཇགས་དང་ཡ་རབས་ཚུལ་མཐུན་གྱི་ཁྲོམ་རའི་ཁོར་ཡུག་ཡག་པོ་བསྐྲུན་པ་བཅས་ལ་དམིགས་ཏེ།  ཞིང་ཆེན་རིག་གནས་ཡུལ་སྐོར་ཐིང་གིས 12345ཡང་ན0971-3562064དང་། 0971-3850151  ། 19917312929། 19917313030 བཅས་ཡུལ་སྐོར་ཞུ་གཏུག་གི་ཁ་པར་ཨང་གྲངས་ཁྱབ་སྒྲོག་བྱས་སོ། །

རྩོམ་སྒྲིག་པ། ཁོན་ཐར་འཚོ།