ཞིང་ལས་ངལ་རྩོལ་པས་ངག་ཐོག་གི་གན་རྒྱ་བཞག་ཆོག་གམ།

ཡོང་ཁུངས། མཚོ་སྔོན་བོད་ཡིག་ཁྲིམས་སྐྱོང་ཚགས་པར།

ཁེ་ལས་ཁ་ཤས་ཀྱིས་ཡིག་ཐོག་ནས་ངལ་རྩོལ་པ་དང་ངལ་རྩོལ་གྱི་གན་རྒྱ་མི་འཇོག་པར་ངག་ཐོག་ནས་གླ་ཕོགས་དང་ལས་ཡུན་སོགས་ཁེ་དབང་ངམ་འོས་འགན་གྱི་ཁ་ཆད་འཇོག་བཞིན་ཡོད་ལ། གལ་ཏེ་གན་རྒྱ་དེའི་རིགས་བཞག་སྟེ་རྩོད་གཞི་བྱུང་ཚེ་ཡིག་ཐོག་གི་བདེན་དཔང་མེད་པས་ཕྱོགས་གཉིས་ཀས་རང་རང་ལ་གནས་ལུགས་ཡོད་པར་བཤད་ཅིང་། ཞིང་ལས་ངལ་རྩོལ་པས་རྟག་ཏུ་ཁ་ཡོད་ཀྱང་རྒྱལ་ཁ་ལེན་དཀའ། དེར་བརྟེན། རང་ཉིད་ཀྱི་ཁེ་དབང་སྲུང་སྐྱོང་བྱ་ཆེད་ཞིང་ལས་ངལ་རྩོལ་པས་མི་ཤུགས་བཀོལ་སྤྱོད་ལས་ཁུངས་དང་ཡིག་ཐོག་གི་ངལ་རྩོལ་གན་རྒྱ་འཇོག་རྒྱུ་ཧ་ཅང་གལ་ཆེ།

རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།