ཅི་ཞིག་ལ་ནུས་མེད་ཀྱི་ངལ་རྩོལ་གན་རྒྱ་ཟེར།

ཡོང་ཁུངས། མཚོ་སྔོན་བོད་ཡིག་ཁྲིམས་སྐྱོང་ཚགས་པར།

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ངལ་རྩོལ་གན་རྒྱའི་བཅའ་ཁྲིམས》ཀྱི་དོན་ཚན26པའི་གཏན་འཁེལ་ལྟར་ན། གཤམ་གསལ་གྱི་ངལ་རྩོལ་གན་རྒྱར་ནུས་ལྡན་མེད་པའམ་ཆ་ཤས་ནུས་ལྡན་མེད་པ་སྟེ།(གཅིག) མགོ་གཡོག་མགོ་སྐོར་དང་བཙན་ཤེད་ཀྱི་བྱེད་ཐབས་སམ་ཉེན་ཁར་འཕྲད་པའི་སྐབས་དང་བསྟུན་ནས་ཕ་རོལ་པོའི་བསམ་ཚུལ་ངོ་མ་དང་འགལ་བའི་གནས་ཚུལ་འོག་ངལ་རྩོལ་གན་རྒྱ་འཇོག་པ།(གཉིས) མི་ཤུགས་བཀོལ་སྤྱོད་ལས་ཁུངས་ཀྱིས་རང་ཉིད་ཀྱི་ཁྲིམས་བཀོད་འགན་འཁྲི་དང་ངལ་རྩོལ་པའི་ཁེ་དབང་མེད་པར་བཟོས་པའི་རིགས།(གསུམ) བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གྱི་བཙན་ཤེད་རང་བཞིན་གྱི་གཏན་འཁེལ་དང་འགལ་བའི་རིགས་བཅས་ཡིན།ངལ་རྩོལ་གྱི་གན་རྒྱ་ནུས་པ་མེད་པའམ་ཆ་ཤས་ནུས་པ་མེད་པའི་ཐད་རྩོད་གླེང་བྱུང་ན། ངལ་རྩོལ་གྱི་རྩོད་གླེང་འདུམ་གཅོད་སྒྲིག་གཞིའམ་མི་དམངས་ཁྲིམས་ཁང་གིས་ངོས་འཛིན་གཏན་འཁེལ་བྱ་རྒྱུ།

རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།