གནས་ཚུལ་ག་འདྲའི་འོག་ངལ་རྩོལ་པར་ཁ་གསབ་རོགས་དངུལ་ཐོབ་དབང་ཡོད།

ཡོང་ཁུངས། ཁྲིམས་ལུགས་ཚགས་པར།

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ངལ་རྩོལ་གན་རྒྱའི་བཅའ་ཁྲིམས》ཀྱི་དོན་ཚན46པར་གཏན་འཁེལ་ལྟར་གཤམ་གསལ་གྱི་གནས་ཚུལ་ལས་རིགས་གཅིག་ཡོད་ན། མི་ཤུགས་བཀོལ་སྤྱོད་ལས་ཁུངས་ཀྱིས་ངལ་རྩོལ་པར་དཔལ་འབྱོར་གྱི་གྱོང་གུད་གསབ་སྤྲོད་བྱ་དགོས་པ་སྟེ།

(གཅིག) ངལ་རྩོལ་པས་བཅའ་ཁྲིམས་འདིའི་དོན་ཚན38པའི་གཏན་འཁེལ་ལྟར་ངལ་རྩོལ་གན་རྒྱ་ཕྱིར་འཐེན་བྱས་པའི་རིགས།

(གཉིས) མི་ཤུགས་བཀོལ་སྤྱོད་ལས་ཁུངས་ཀྱིས་བཅའ་ཁྲིམས་འདིའི་དོན་ཚན36པའི་གཏན་འཁེལ་ལྟར། ངལ་རྩོལ་པར་ངལ་རྩོལ་གན་རྒྱ་ཕྱིར་འཐེན་བྱ་རྒྱུའི་རེ་འདུན་ཞུས་པར་མ་ཟད། ངལ་རྩོལ་པ་དང་གྲོས་མོལ་གཅིག་མཐུན་གྱིས་ངལ་རྩོལ་གན་རྒྱ་ཕྱིར་འཐེན་བྱས་པའི་རིགས།

(གསུམ) མི་ཤུགས་བཀོལ་སྤྱོད་ལས་ཁུངས་ཀྱིས་བཅའ་ཁྲིམས་འདིའི་དོན་ཚན40པའི་གཏན་འཁེལ་ལྟར་ངལ་རྩོལ་གན་རྒྱ་ཕྱིར་འཐེན་བྱས་པའི་རིགས།

(བཞི) མི་ཤུགས་བཀོལ་སྤྱོད་ལས་ཁུངས་ཀྱིས་བཅའ་ཁྲིམས་འདིའི་དོན་ཚན41པའི་ནང་ཚན1པོའི་གཏན་འཁེལ་ལྟར་ངལ་རྩོལ་གྱི་གན་རྒྱ་ཕྱིར་འཐེན་བྱས་པའི་རིགས།

(ལྔ) མི་ཤུགས་བཀོལ་སྤྱོད་ལས་ཁུངས་ཀྱིས་ངལ་རྩོལ་གན་རྒྱའི་ནང་ཁ་ཆད་བཞག་པའི་ཆ་རྐྱེན་རྒྱུན་འཁྱོངས་སམ་མཐོ་རུ་བཏང་སྟེ་མུ་མཐུད་དུ་ངལ་རྩོལ་གན་རྒྱ་འཇོག་པ་དང་། ངལ་རྩོལ་པས་མུ་མཐུད་དུ་གན་རྒྱ་འཇོག་པར་གྲོས་མཐུན་མ་བྱུང་བའི་གནས་ཚུལ་ཕུད། བཅའ་ཁྲིམས་འདིའི་དོན་ཚན44པའི་ཚན་པ1པོའི་གཏན་འཁེལ་ལྟར་དུས་མཚམས་གཏན་འཇགས་ཀྱི་ངལ་རྩོལ་གན་རྒྱ་མཚམས་བཞག་པའི་རིགས།

(དྲུག) བཅའ་ཁྲིམས་འདིའི་དོན་ཚན44པའི་ནང་ཚན4པ་དང5པའི་གཏན་འཁེལ་ལྟར་ངལ་རྩོལ་གྱི་གན་རྒྱ་མཚམས་བཞག་པའི་རིགས།

(བདུན) བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་ནང་གཏན་ལ་ཕབ་པའི་གནས་ཚུལ་གཞན་དག་བཅས་ཡིན།

རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།