《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ངལ་རྩོལ་གན་རྒྱའི་བཅའ་ཁྲིམས》ཀྱི་དོན་ཚན17པའི་གཏན་འཁེལ་ལྟར་ན། ངལ་རྩོལ་གན་རྒྱར་གཤམ་གསལ་གྱི་དོན་ཚན་འཛོམ་དགོས་པ་སྟེ།
1. མི་ཤུགས་བཀོལ་སྤྱོད་ལས་ཁུངས་ཀྱི་མིང་དང་སྡོད་གནས། ཁྲིམས་བཀོད་འཐུས་ཚབ་པའམ་ཡང་ན་འགན་འཁུར་པ་གཙོ་བོ།
2. ངལ་རྩོལ་པའི་རུས་མིང་དང་སྡོད་གནས། ཡུལ་མིའི་ཐོབ་ཐང་དཔང་ཡིག་གམ་ནུས་ལྡན་གྱི་ཐོབ་ཐང་དཔང་ཡིག་གཞན་དག་གི་ཨང་གྲངས།
3. ངལ་རྩོལ་གན་རྒྱའི་དུས་ཚད།
4. བྱ་བའི་ནང་དོན་དང་བྱེད་གནས།
5. བྱ་བའི་བྱེད་ཡུན་དང་ངལ་གསོ། གུང་གསེང་།
6. ངལ་རྩོལ་གྱི་ཐོབ་ཆ།
7. སྤྱི་ཚོགས་ཀྱི་འགན་བཅོལ།
8. ངལ་རྩོལ་སྲུང་སྐྱོང་དང་ངལ་རྩོལ་ཆ་རྐྱེན། ལས་རིགས་ཀྱི་གནོད་འཚེ་འགོག་སྲུང་།
9. བཅའ་ཁྲིམས་དང་ཁྲིམས་སྲོལ་ནང་གཏན་འཁེལ་བྱས་པའི་ངལ་རྩོལ་གན་རྒྱའི་ནང་འཇུག་དགོས་པའི་དོན་ཚན་གཞན་དག་བཅས་ཡིན། ངལ་རྩོལ་གྱི་གན་རྒྱར་གོང་གསལ་ནང་གསེས་དོན་ཚན་ནང་གཏན་ལ་ཕབ་པའི་དགོས་ངེས་ཀྱི་དོན་ཚན་ཕུད། མི་ཤུགས་བཀོལ་སྤྱོད་ལས་ཁུངས་ཀྱིས་ངལ་རྩོལ་པ་དང་ཚོད་ལྟའི་བཀོལ་སྤྱོད་བྱེད་ཡུན་དང་གསོ་སྐྱོང་སྦྱོང་བརྡར། གསང་བ་དམ་སྲུང་། འགན་བཅོལ་དང་ཕན་བདེའི་ཐོབ་ཐང་ཁ་གསབ་སོགས་ཀྱི་དོན་ཚན་གཞན་དག་གི་ཁ་ཆད་བཞག་ཆོག
རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།