མི་རྣམས་ཀྱི་འཚོ་བའི་ཆུ་ཚད་ཇེ་མཐོར་སོང་བ་དང་བསྟུན་ནས། བཟའ་བཏུང་ཐད་ལའང་འགྱུར་ལྡོག་བྱུང་ནས་ཀུན་གྱིས་བཟང་བཏུང་གི་སྙོམ་སྒྲིག་དང་བདེ་ཐང་ཐད་དོ་སྣང་ཆེན་པོ་བྱེད་བཞིན་ཡོད། དེའི་ཁྲོད། དཀར་ཟས་ནི་བདེ་ཐང་གི་བཟའ་བཏུང་རོལ་སྟངས་ཤིག་ཡིན་པས་དེ་ལ་དགའ་བསུ་ཆེན་པོ་ཐོབ་བཞིན་ཡོད། འོ་ན། དཀར་ཟས་ལ་རོལ་ན་དགེ་མཚན་གང་དག་ཡོད་དམ།གཤམ་ནས་དེའི་སྐོར་ལ་དབྱེ་ཞིབ་རགས་ཙམ་བྱ།
གཅིག དཀར་ཟས་ཀྱི་བཟང་ཆ།
ནད་རིགས་སྣ་ཚོགས་སྔོན་འགོག་བྱེད་ཐུབ།
དཀར་ཟས་ཀྱི་ནང་དུ་འཚོ་རྒྱུ་དང་གཏེར་རྒྱུ། བཟའ་བཅའ་ཚི་སྣ་ཕུན་སུམ་ཚོགས་པོ་འདུས་ཡོད་ཅིང་། འཚོ་བཅུད་དངོས་རྫས་འདི་དག་གིས་ནད་རིགས་སྣ་ཚོགས་སྔོན་འགོག་བྱེད་པར་ཕན་ནུས་ཆེན་པོ་ཐོན་ཡོད། ཞིབ་འཇུག་བྱས་པ་ལྟར་ན། དཀར་ཟས་ཀྱིས་སྙིང་ཁམས་ཁྲག་རྩའི་ནད་དང་ཁྲག་ཤེད་མཐོ་བ། གཅིན་སྙི་ཟ་ཁུའི་ནད་སོགས་ཕོག་པའི་ཉེན་ཁ་ཆུང་དུ་གཏོང་ཐུབ།
རུས་ཀྲང་བདེ་ཐང་ལ་ཕན།
མི་མང་པོ་ཞིག་གིས་དཀར་ཟས་ཀྱིས་འཚོ་བཅུད་མི་ལེགས་པར་འདོད་མོད། དོན་དངོས་སུ་དེ་འདྲ་ཞིག་མིན་ཏེ། དཀར་ཟས་ཀྱི་ནང་དུ་ཀལ་དང་རྨེ་སོགས་གཏེར་རྒྱུ་ཕུན་སུམ་ཚོགས་པོ་འདུས་ཡོད་ལ། འཚོ་བཅུད་དངོས་རྫས་འདི་དག་གིས་རུས་པ་བདེ་ཐང་ཅན་ལ་ནུས་པ་ལེགས་པོ་ཐོན་ཡོད། དེ་དང་ཆབས་ཅིག་དཀར་ཟས་ནང་གི་བུལ་གཤིས་གྲུབ་ཆ་ཡིས་ལུས་ནང་གི་སྐྱུར་གཤིས་དངོས་པོ་དང་ཀལ་ཤོར་བ་འགོག་པ། རུས་པ་བདེ་ཐང་བཅས་ལ་ཕན་ཐོགས་ཡོད།
སྙིང་སྲུང་སྐྱོབ་ལ་ཕན།
དཀར་ཟས་ནང་གི་ཚད་མི་ལོངས་པའི་ཚིལ་སྐྱུར་གྱིས་ཁྲག་ནང་གི་མཁྲིས་རྒྱུ་གཤེར་རྩི་ཡི་ཆུ་ཚད་ཇེ་དམའ་རུ་གཏོང་ཐུབ་པ་དང་། སྙིང་ནད་ཀྱི་ཉེན་ཁ་ཇེ་ཆུང་དུ་གཏོང་ཐུབ། དེ་དང་ཆབས་ཅིག། དཀར་ཟས་ནང་གི་ཚི་སྣ་རྒྱུ་ཡིས་རྒྱུ་མའི་ནང་གི་མཁྲིས་རྒྱུ་གཤེར་རྩི་མེད་པར་བཟོ་ཐུབ་ཅིང་། སྙིང་ནད་འབྱུང་བ་ཇེ་ཉུང་དུ་གཏོང་ཐུབ།
གཉིས། བཟའ་བཏུང་གི་ཁྲོད་དུ་དཀར་ཟས་ལ་རོལ་སྟངས།
སྔོ་ཚལ་དང་ཤིང་འབྲས། འབྲུ་རིགས་ཆ་ཚང་གི་ཟས་རིགས་དང་སྲན་མའི་རིགས་ཀྱི་ཟས་རིགས་མང་ཙམ་ཟ་དགོས། ཟས་རིགས་དེ་དག་ནི་དཀར་ཟས་ཀྱི་འབྱུང་ཁུངས་གཙོ་བོ་ཡིན། སྤྲི་དཀར་རྫས་འོས་འཚམ་གྱིས་ཟ་དགོས་ཤིང་། སྲན་མའི་རིགས་དང་མཁྲེགས་འབྲས་སོགས་ནི་སྤྲི་དཀར་རྫས་འཛོམས་པའི་ཟས་རིགས་ཡིན།
འཚོ་བཅུད་ཁ་གསབ་ལ་མཉམ་དགོས། དཔེར་ན་འཚོ་རྒྱུB12དང་ལྕགས། ཀལ་སོགས་ལ་དོ་སྣང་བྱས་ན་ཟས་རིགས་སམ་ཁ་གསབ་རྫས་ལ་བརྟེན་དགོས།
སྡོམ་ཚིག
དཀར་ཟས་ལ་ཕན་པ་མང་པོ་ཡོད་པས་ནད་རིགས་སྣ་ཚོགས་སྔོན་འགོག་དང་རུས་པ་བདེ་ཐང་ཡོང་བ། སྙིང་ལ་སྲུང་སྐྱོབ་བཅས་བྱེད་ཐུབ། ལག་ལེན་ཁྲོད་དུ། ང་ཚོས་སྔོ་ཚལ་དང་ཤིང་འབྲས། འབྲུ་རིགས་ཡོངས་ཀྱི་ཟས་རིགས་དང་སྲན་མའི་རིགས་ཀྱི་ཟས་རིགས་མང་ཙམ་ཟོས་ནས་དཀར་ཟས་ལ་རོལ་ཆོག གལ་ཏེ་དམིགས་བསལ་གྱི་གནས་ཚུལ་ཡོད་པའམ་ཡང་ན་ཆེད་ལས་ཀྱི་བསམ་འཆར་དགོས་ཚེ་སྨན་པ་དང་འཚོ་བཅུད་མཁན་གྱི་བསམ་འཆར་ལ་ཉན་དགོས།
ཀླུ་མོས་བསྒྱུར།
རྩོམ་སྒྲིག་པ། ཀླུ་མོ།