རང་བྱུང་གི་གཉིད་སྨན།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

གཉིད་སྐྱིད་པོ་ཞིག་ལོག་ཐབས་བྲལ་བ་ནི་དེང་སྐབས་མིའི་རྒྱུན་མཐོང་གི་གནད་དོན་ཞིག་ཡིན་ཞིང་།   དུས་ཡུན་རིང་བོར་གཉིད་མི་བདེ་བས་སེམས་ཁམས་ཐང་ཆད་དུ་འཇུག་པ་དང་བློ་རྩེ་སྒྲིམ་མི་ཐུབ་པ།    སེམས་ཁམས་གཏན་འཇགས་མིན་པ་སོགས་ཀྱི་གནད་དོན་འབྱུང་སྲིད།     དེ་བས།   མི་མང་བོ་ཞིག་གིས་གཉིད་ཁུག་པའི་སྨན་འཐུང་ཆོག་མིན་གྱི་ཐད་ལ་དོ་སྣང་ཆེན་པོ་བྱེད་བཞིན་ཡོད། འོན་ཀྱང་ང་ཚོའི་འཚོ་བའི་ཁྲོད་གཉིད་བདེ་བར་ཕན་པའི་རང་བྱུང་གི་སྨན་ལྟ་བུའི་ཟས་རིགས་འགའ་ཡོད་དེ། གཤམ་དུ་དེ་དག་རེ་རེ་བཞིན་ངོ་སྤྲོད་བྱའོ།།

གཅིག འོ་མ་ཚ་པོ།     

འོ་མ་ཚ་པོ་ནི་མི་མང་པོ་ཞིག་གི་རྒྱུན་སྤྱོད་ཀྱི་གཉིད་ཁུག་པའི་ཐབས་ཤེས་ཤིག་རེད།     འོ་མའི་ནང་དུ་མདོག་ཨེམ་སྐྱུར་འདུས་ཡོད་པས།    ཀླད་ཆེན་གྱིས་དྭངས་ཁྲག་ནང་གི་རྒྱུ་ཟགས་ཐོན་བྱེད་པར་སྐུལ་འདེད་བྱེད་ཐུབ་ལ།    གཉིད་ཀྱི་སྤུས་ཚད་ཇེ་ལེགས་སུ་གཏོང་བར་ཕན།     དེ་དང་ཆབས་ཅིག    འོ་མའི་ནང་གི་ཀལ་གྱིས་ཞི་ལྷོད་ཀྱི་ནུས་པ་འདོན་ཐུབ་པས་བྲེལ་འཚུབ་ཀྱི་སེམས་ཁམས་ཞི་བར་ཕན།     དེར་བརྟེན།    དགོང་མོ་མ་གཉིད་པའི་སྔོན་ལ་འོ་མ་དྲོན་མོ་ཞིག་འཐུང་ན།    གཉིད་བདེ་བར་ཕན་ཐོགས་ངེས་ཅན་ཞིག་ཡོད།  

གཉིས།    ངང་ལག

ངང་ལག་ནི་ཅཱ་དང་རྨེ་གཞི་རྒྱུ་འདུས་པའི་སིལ་ཏོག་རིགས་ཤིག་ཡིན་ཞིང་།    གཞི་རྒྱུ་དེ་དག་གིས་ཞི་ལྷོད་ཀྱི་ནུས་པ་ཐོན་པས་སེམས་ཁྲལ་དང་འཚབ་པའི་སེམས་ཁམས་ཞི་བར་ཕན།     དེ་མ་ཟད། ངང་ལག་གི་ནང་དུ་མདོག་ཨེམ་སྐྱུར་འདུས་པས།    ཀླད་ཆེན་གྱིས་དྭངས་ཁྲག་ནང་གི་རྒྱུ་ཟགས་ཐོན་བྱེད་པར་སྐུལ་འདེད་བྱེད་ཐུབ་ལ།    གཉིད་ཀྱི་སྤུས་ཚད་ཇེ་ལེགས་སུ་གཏོང་བར་ཡང་ཕན་པ་ཡོད།     དེར་བརྟེན།    ཉལ་ཁར་ངང་ལག་འགའ་ཟོས་ན་གཉིད་བདེ་བར་ཕན་པ་ཡོད།

གསུམ།    ཡུ་གུ།     

ཡུ་གུ་ནི་བཟའ་བཅའ་ཚི་སྣ་དང་གཏེར་རྒྱུ་མང་པོ་འདུས་པའི་བཟའ་བཅའ་ཞིག་ཡིན་པས།   རྒྱུ་མའི་འགུལ་སྐྱོད་ལ་ཕན་པ་དང་རྩ་འགག་པའི་་གནད་དོན་ཐག་གཅོད་པར་ཕན་པ་ཡོད།     དེ་དང་ཆབས་ཅིག།    ཡུ་གུའི་ནང་དུ་མདོག་ཨེམ་སྐྱུར་དང་རྨེ་གཞི་རྒྱུ་འདུས་པས།    ཞི་ལྷོད་ཀྱི་ནུས་པ་ཐོན་ཐུབ་ལ།    གཉིད་ཀྱི་སྤུས་ཚད་ཇེ་ལེགས་སུ་གཏོང་བར་ཡང་ཕན་པ་ཡོད།     དེར་བརྟེན།    མཚན་མོར་ཡུ་གུ་འགའ་ཟོས་ན་གཉིད་སྐྱིད་པོ་ཞིག་ཡོང་བར་ཕན་པ་ཡོད།     

བཞི།    པད་འབྲུ།   

པད་འབྲུ་ནི་རྒྱ་སྨན་གྱི་རྒྱུ་ཞིག་ཡིན་ཞིང་།    སེམས་ཁམས་གསོ་བ་དང་མཚེར་པ་གསོ་བ་སོགས་ཀྱི་ནུས་པ་ལྡན།     པད་འབྲུའི་ནང་དུ་བསིང་ཕྱེ་དང་སྤྲི་དཀར་རྫས།    འཚོ་བཅུད།    གཏེར་རྒྱུ་སོགས་འཚོ་བཅུད་ཕུན་སུམ་ཚོགས་པོ་འདུས་ཡོད་པས།    ལུས་པོའི་རྙིང་ཚབ་གསར་བརྗེའི་ལ་སྐུལ་འདེད་བྱེད་ཐུབ་ལ།    ནད་འགོག་ནུས་ཤུགས་མཐོར་འདེགས་བྱེད་པར་ཡང་ཕན་པ་ཡོད།     དེ་དང་ཆབས་ཅིག།    པད་འབྲུའི་ནང་གི་བུལ་གཤིས་གྲུབ་ཆ་ཡིས་ཞི་ལྷོད་ཀྱི་ནུས་པ་འདོན་ཐུབ་པས་གཉིད་ཀྱི་སྤུས་ཚད་ཇེ་ལེགས་སུ་གཏོང་བར་ཕན་པ་ཡོད།     དེར་བརྟེན།    དགོང་མོར་པད་འབྲུའི་ཁུ་བ་འཐུང་བའམ་ཡང་ན་པད་འབྲུ་འགའ་རེ་ཟོས་ན།གཉིད་སྐྱིད་པོ་ལོག་ཐུབ།  

ལྔ།    སིལ་དམར། 

སིལ་དམར་ནི་འཚོ་བཅུད་ཕུན་སུམ་ཚོགས་པའི་བཟའ་བཅའ་ཞིག་ཡིན་ཞིང་།    དེའི་ནང་དུ་འཚོ་རྒྱུCདང་ཀལ།    ལྕགས་སོགས་འཚོ་བཅུད་ཕུན་སུམ་ཚོགས་པོ་འདུས་ཡོད་པས།    དེས་ལུས་པོའི་ཁྲག་གི་འཁོར་སྐྱོད་ལ་སྐུལ་འདེད་བྱེད་ཐུབ་པ་དང་རིམས་འགོག་གི་ནུས་པ་ཆེ་རུ་གཏོང་ཐུབ།     དེ་དང་ཆབས་ཅིག    སིལ་དམར་ནང་གི་ཧོང་ཐུང་རིགས་ཀྱི་དངོས་རྫས་ཀྱིས་ཀྱང་ཞི་ལྷོད་ཀྱི་ནུས་པ་འདོན་ཐུབ་པས།    གཉིད་ཀྱི་སྤུས་ཚད་ཇེ་ལེགས་སུ་གཏོང་བར་ཕན་པ་ཡོད།     དེར་བརྟེན།    དགོང་མོར་སིལ་དམར་འགའ་ཟ་བའམ་ཡང་ན་ཆུ་ནང་སྦངས་ནས་འཐུང་ན། གཉིད་བདེ་བར་ཕན་པ་ཡོད། 

མཉམ་འཇོག་དགོས་པ་ཞིག་ལ།    རང་བྱུང་གི་གཉིད་སྨན་འདིས་ནུས་པ་ངེས་ཅན་ཞིག་འདོན་ཐུབ་མོད།    འོན་ཀྱང་སྨན་གྱི་ཚབ་བྱེད་མི་ཐུབ།     གལ་ཏེ་གཉིད་མི་ཁུག་པའི་གནད་དོན་ཚབས་ཆེན་ཡིན་ན།    དུས་ཐོག་ཏུ་སྨན་པར་བསྟན་ནས་སྨན་པའི་བསམ་འཆར་ལྟར་སྨན་བཅོས་བྱ་དགོས།     དེ་དང་ཆབས་ཅིག།    འཚོ་བའི་གོམས་གཤིས་ལེགས་པོ་ཞིག་སྲུང་འཛིན་བྱེད་དགོས་ཏེ།    དཔེར་ན།    ངལ་གསོ་བའི་དུས་དང་ངལ་དུབ་ཆེ་དྲགས་པ།    སེམས་ཁམས་སྐྱིད་པོ་ཞིག་སྲུང་འཛིན་བྱེད་པ་སོགས་ལ་དོ་སྣང་བྱས་ཏེ།    ལུས་ཕུང་གི་བདེ་ཐང་ལ་མཉམ་འཇོག་དགོས་སོ།།   

ཀླུ་མོས་བསྒྱུར།

རྩོམ་སྒྲིག་པ། ཀླུ་མོ།