ཁ་ལོ་བའི་དཔང་ཡིག་མེད་པར་རླངས་འཁོར་བསྐོར་བའི་གནོད་སྐྱོན།

ཡོང་ཁུངས། མཚོ་སྔོན་བོད་ཡིག་ཁྲིམས་སྐྱོང་ཚགས་པར།

དཔང་ཡིག་མེད་པར་རླངས་འཁོར་བསྐོར་བའི་བྱ་སྤྱོད་གཤམ་གསལ་ལྟར།

1. ཁ་ལོ་བས་དཔང་ཡིག་བླངས་མེད་པ།

2. རླངས་འཁོར་དོ་དམ་ལྟེ་གནས་ཀྱི་ཚད་ལྡན་རྒྱུགས་ལེན་ལ་མ་ཞུགས་པར་ཁྲིམས་འགལ་ངང་ཁ་ལོ་བའི་དཔང་ཡིག་བླངས་པ།

3. ཁ་ལོ་བའི་དཔང་ཡིག་གནས་སྐབས་བཙན་ཉར་དང་ཡང་ན་ཕྱིར་བསྡུ་བྱས་རྗེས་སྔར་བཞིན་རླངས་འཁོར་སྐོར་བ།

བཅའ་ཁྲིམས་ཀྱི་གཞི་འཛིན་ས།

ཁ་ལོ་བའི་དཔང་ཡིག་མེད་པར་རླངས་འཁོར་བསྐོར་མཁན་ལ།

1. 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས》ཀྱི་དོན་ཚན19པའི་གཏན་འཁེལ་ལྟར་ན། རླངས་འཁོར་བསྐོར་ན་ཁྲིམས་ལྟར་ཁ་ལོ་བའི་དཔང་ཡིག་ལེན་དགོས་ཤིང་། གསོ་སྦྱོང་ལ་ཞུགས་ཏེ་གཏན་འཁེལ་བྱས་ཟིན་པའི་དུས་ཚོད་དང་ལེ་དབར་ལོང་དགོས། རྩལ་ནུས་ངེས་ཅན་དུ་ཐོན་ནས་རྒྱུགས་འཕྲོད་རྗེས། ད་གཟོད་རླངས་འཁོར་བསྐོར་ཏེ་ལམ་ལ་ཞུགས་ཆོག

2. 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས》ཀྱི་དོན་ཚན99པའི་གཏན་འཁེལ་ལྟར་ན། ཁ་ལོ་བའི་དཔང་ཡིག་མེད་པའམ་ཕྱིར་བསྡུ་བྱས་པ། གནས་སྐབས་བཙན་ཉར་བྱས་པའི་སྐབས་སུ་རླངས་འཁོར་བསྐོར་ན། སྤྱི་བདེ་ལས་ཁུངས་འགྲིམ་འགྲུལ་དོ་དམ་ཚན་ཁག་གིས་སྒོར200ཡན་ནས2000མན་གྱི་དངུལ་ཆད་གཅོད་པར་མ་ཟད། ད་དུང་ཉིན15མན་གྱི་བཀག་སྐྱིལ་བྱས་ཆོག

རླངས་འཁོར་ལྡོག་ཕྱོགས་སུ་བསྐོར་མཁན་ལ།

1. 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས》ཀྱི་དོན་ཚན35པའི་གཏན་འཁེལ་ལྟར་ན། འཕྲུལ་སྒུལ་རླངས་འཁོར་རམ་འཕྲུལ་སྒུལ་མ་ཡིན་པའི་རླངས་འཁོར་ཐམས་ཅད་གཡས་ཕྱོགས་ནས་བསྐྱོད་དགོས།

2. 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས》ཀྱི་དོན་ཚན90པའི་གཏན་འཁེལ་ལྟར་ན། འཕྲུལ་སྒུལ་རླངས་འཁོར་གྱི་ཁ་ལོ་བས་བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་བཅའ་ཁྲིམས་དང་འགལ་ཏེ་བསྐྱོད་ན། སྒོར20ཡན་ནས་སྒོར200མན་གྱི་ཆད་པ་ཕོག་ལ། ཁྲིམས་ལས་གཏན་འཁེལ་གཞན་ཡོད་ན་དེ་ལྟར་ཐག་གཅོད་བྱ་དགོས།

ཁ་ལོ་བའི་དཔང་ཡིག་མེད་པར་རླངས་འཁོར་བསྐོར་བའི་གནོད་སྐྱོན།

ཁ་ལོ་བའི་དཔང་ཡིག་མེད་པར་རླངས་འཁོར་བསྐོར་ན་དོན་རྐྱེན་འབྱུང་སླ་བ་དང་འགྲིམ་འགྲུལ་ཁྲིམས་འགལ་བྱ་སྤྱོད་ཚབས་ཆེན་གྱི་རིགས་སུ་གཏོགས་ཤིང་། དེ་ལས་བྱུང་བའི་མཇུག་འབྲས་ཀྱང་ཧ་ཅང་ངན་པ་ཡིན།

ཐོག་མར། ཁ་ལོ་བའི་དཔང་ཡིག་མེད་ན་འགྲིམ་འགྲུལ་སྒྲིག་ལམ་མི་ཤེས་པས་ལམ་རྟགས་སྣ་ཚོགས་ཀྱི་བསྟན་དོན་གོ་དཀའ་སྟེ། དེ་བཞིན་ལམ་དུ་རྒྱུན་ལྡན་སྐྱོད་པའི་རླངས་འཁོར་གཞན་ལའང་གནོད་རྐྱེན་ཐེབས་པར་མ་ཟད། ད་དུང་གཞུང་ལམ་འགྲིམ་འགྲུལ་གྱི་སྒྲིག་ལམ་ལའང་གཏོར་བརླག་བཟོ་ཞིང་། གཞན་ཡང་རང་ཉིད་དང་མི་གཞན་གྱི་ཚེ་སྲོག་གམ་རྒྱུ་ནོར་གྱི་བདེ་འཇགས་ལ་འཇིགས་སྐུལ་ཚབས་ཆེན་ཐེབས་ལ། ཁ་ལོ་བའི་དཔང་ཡིག་གི་རྒྱུགས་ལ་མ་ཞུགས་པར་རླངས་འཁོར་བསྐོར་ནས་ལམ་དུ་བསྐྱོད་ན། ཚད་ལྡན་གསོ་སྦྱོང་ལ་ཞུགས་མེད་པས་རླངས་འཁོར་སྐོར་དུས་ཀྱི་ཆ་རྐྱེན་དང་སྒྲིག་ལམ་ལ་ངེས་ཤེས་གསལ་པོར་མེད་ཅིང་། འགྲིམ་འགྲུལ་སྒྲིག་སྲོལ་ལའང་ཆ་རྒྱུས་མེད་དེ། རླངས་འཁོར་བསྐོར་བའི་ལག་རྩལ་ལའང་བྱང་ཆ་མེད་པས་རླངས་འཁོར་དོན་རྐྱེན་བྱུང་བའི་རྒྱུ་རྐྱེན་གལ་ཆེན་ཞིག་ཡིན། དེ་བས། ཁ་ལོ་བའི་དཔང་ཡིག་མེད་པར་རླངས་འཁོར་བསྐོར་བ་ནི་འགྲིམ་འགྲུལ་དོ་དམ་ལས་ཁུངས་ཀྱིས་རྡུང་རྡེག་བྱེད་པའི་བྱ་སྤྱོད་གལ་ཆེན་ཞིག་ཡིན།

གནོད་སྐྱོན་དང་པོ། རང་དང་གཞན་གྱི་ཚེ་སྲོག་ལ་གནོད་པ། འགྲིམ་འགྲུལ་བདེ་འཇགས་ཤེས་བྱ་དང་རྩལ་ནུས་དབེན་པས་འགྲིམ་འགྲུལ་སྒྲིག་ལམ་མི་བརྩི་བར་འགྲིམ་འགྲུལ་དོན་རྐྱེན་བྱུང་ཚེ། རང་དང་གཞན་གྱི་ཚེ་སྲོག་ལ་གནོད་བསྐྱལ་བར་མ་ཟད་རྒྱུ་ནོར་ལའང་གྱོང་གུད་ཐེབས་སྲིད།

གནོད་སྐྱོན་གཉིས་པ། བགྲོད་ལམ་འགྲིམ་འགྲུལ་སྒྲིག་ལམ་ལ་གཏོར་བརླག་བཟོས་པ། ཁ་ལོ་བའི་དཔང་ཡིག་མེད་ན་འགྲིམ་འགྲུལ་བདེ་འཇགས་ཀྱི་བཅའ་ཁྲིམས་ཤེས་བྱ་མི་ཤེས་ཤིང་། ཞིབ་བཤེར་ལ་གཟུར་ཏེ་མགྱོགས་ཚད་བརྒལ་བ་དང་མི་གྲངས་བརྒལ་བ། གློག་རྟགས་ལས་བརྒལ་བ། གཏན་འཁེལ་བྱས་པའི་འཁོར་ལམ་ལྟར་མི་འགྲོ་བ་སོགས་ཀྱི་གནད་དོན་བྱུང་བས། རླངས་འཁོར་གཞན་ལ་གནོད་པར་མ་ཟད། ད་དུང་བགྲོད་ལམ་འགྲིམ་འགྲུལ་སྒྲིག་ལམ་ལའང་གནོད་པ་བཟོ་སྲིད།

གནོད་སྐྱོན་གསུམ་པ། ཁྲིམས་འགལ་ནག་ཉེས་བཟོ་བའི་ཉེན་ཁ་ཆེ་བ། ཁ་ལོ་བའི་དཔང་ཡིག་མེད་མཁན་ལ་རླངས་འཁོར་བསྐོར་བའི་ཚད་ལྡན་ཆ་རྐྱེན་མི་འཛོམས་ཕྱིར། མགྱོགས་ཚད་བརྒལ་བ་དང་མི་གྲངས་བརྒལ་བ། གློག་རྟགས་བརྒལ་བ། ཆང་འཐུང་རྗེས་རླངས་འཁོར་བསྐོར་བ། འགྲིམ་འགྲུལ་ཆག་སྒོ་བཟོ་བ་སོགས་ཀྱི་ཁྲིམས་འགལ་གྱི་ནག་ཉེས་བཟོ་བའི་ཉེན་ཁ་དེ་བས་ཀྱང་ཆེའོ། །

 

རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།