མི་གཞན་གྱི་གསང་བ་ལ་གནོད་པའི་བྱ་སྤྱོད་ནི་གང་དག་ཡིན་ནམ།

ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།

མི་གཞན་གྱི་གསང་བ་ལ་གནོད་པའི་བྱ་སྤྱོད་ནི་གང་དག་ཡིན་ནམ།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུངགི་དོན་ཚན1032པའི་ནང་དུ་གཏན་འབེབས་བྱས་དོན། མི་རྣམས་ལ་གསང་བ་སྲུང་བའི་དབང་ཆ་ཡོད་པས། རྩ་འཛུགས་དང་མི་སྒེར་སུ་ཞིག་གིས་ཀྱང་མྱུལ་ཞིབ་དང་བཙན་རྒོལ། ཕྱིར་བསྒྲགས། ཡོངས་བསྒྲགས་སོགས་ཀྱི་བྱེད་ཐབས་ལ་བརྟེན་ནས་མི་གཞན་གྱི་གསང་བའི་དབང་ཆར་གནོད་འཚེ་བཏང་མི་ཆོག

གསང་བ་ནི་རང་བྱུང་མི་སྒེར་གྱི་འཚོ་བའི་བདེ་འཇགས་དང་མི་གཞན་ལ་ཤེས་སུ་འཇུག་འདོད་མེད་པའི་མི་སྒེར་གྱི་གསང་བ་དང་བྱེད་སྒོ། ཆ་འཕྲིན་བཅས་ཡིན།

གསང་དབང་གི་རིན་ཐང་ནི་མི་སྒེར་གྱི་རང་དབང་དང་ཁོག་དཔུང་གི་ངོ་བོའི་སྟེང་གནས་ཏེ། མི་སྒེར་རང་དབང་དང་མི་གཞན་གྱིས་ཁ་ལོ་བསྒྱུར་དུ་མེད་པ་དང་བཀོད་སྒྲིག་ལ་ཉན་མི་དགོས་པའི་སྟེང་ནས་མཚོན་ཡོད། གསང་བ་ནི་རང་བྱུང་མི་སྒེར་གྱི་འཚོ་བའི་བདེ་འཇགས་དང་མི་གཞན་ལ་ཤེས་སུ་འཇུག་འདོད་མེད་པའི་སྒེར་གྱི་གསང་བ་དང་བྱེད་སྒོ། ཆ་འཕྲིན་བཅས་ལ་གོ། བཅའ་ཁྲིམས་སུ་རྩ་འཛུགས་སམ་མི་སྒེར་གང་རུང་གིས་མྱུལ་ཞིབ་དང་བཙན་རྒོལ། ཕྱིར་བསྒྲགས། ཡོངས་བསྒྲགས་སོགས་ཀྱི་བྱེད་ཐབས་སྤྱད་དེ་མི་གཞན་གྱི་གསང་བ་ལ་གནོད་འཚེ་བཏང་མི་ཆོག་པ་གཏན་འཁེལ་བྱས་ཡོད། ཁེ་དབང་འཛིན་མཁན་ཡིད་འཐད་མ་བྱུང་བར་རྩ་འཛུགས་སམ་མི་སྒེར་གང་རུང་གིས་གཤམ་གྱི་བྱ་སྤྱོད་དག་སྤེལ་མི་ཆོག 

(གཅིག)ཁ་པར་དང་འཕྲིན་ཐུང། འཕྲིན་སྐྱེལ་ཡོ་བྱད། གློག་རྡུལ་ཡིག་སྒམ། བསྒྲགས་ཡིག་སོགས་ཀྱི་བྱེད་ཐབས་སྤྱད་དེ་མི་གཞན་པའི་སྒེར་གྱི་འཚོ་བའི་བདེ་འཇགས་ལ་བར་ཆད་བཟོ་བ། 

(གཉིས)མི་གཞན་གྱི་སྒེར་གྱི་སྡོད་ཁང་དང་མགྲོན་ཁང་སོགས་གསང་བའི་ཁོར་ཡུག་ཏུ་འཛུལ་བ། པར་ལེན་པ་དང་བརྙན་ལེན་པ། ལྐོག་ཉན་ལྐོག་ལྟ་སོགས་བྱེད་པ། 

(གསུམ)མི་གཞན་པའི་གསང་བའི་བྱེད་སྒོ་ལ་པར་ལེན་པ་དང་བརྙན་ལེན་པ། ལྐོག་ཉན་ལྐོག་ལྟ། ཡོངས་བསྒྲགས་བྱེད་པ། 

(བཞི)མི་གཞན་པའི་ལུས་ཕུང་གི་གསང་གནས་པར་དང་བརྙན་ལེན་པ། ལྐོག་ལྟ་བྱེད་པ། 

(ལྔ)མི་གཞན་པའི་གསང་བའི་ཆ་འཕྲིན་ཐག་གཅོད་པ། 

(དྲུག)བྱེད་སྟངས་གཞན་སྤྱད་དེ་མི་གཞན་པའི་གསང་བ་ལ་གནོད་འཚེ་གཏོང་བ་བཅས་སོ། །

རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།