ཕོ་བར་ཕན་པའི་ཟས་རིགས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

དེང་རབས་སྤྱི་ཚོགས་ཀྱི་འཕེལ་འགྱུར་དང་བསྟུན་ནས།ཕོ་གའི་ནད་ནི་དེང་རབས་མིའི་རྒྱུན་མཐོང་གི་ནད་རིགས་ཤིག་ཏུ་གྱུར་ཡོད།     ཕོ་ག་མི་བཟང་བའི་མི་ལ་རྒྱུན་དུ་ཕོ་བ་ན་བ་དང་ཕོ་བ་སྦོས་པ།    ཕོ་སྐྱུར་ལངས་བ་སོགས་ཀྱི་ནད་རྟགས་འབྱུང་བས་རྒྱན་ལྡན་འཚོ་བར་ཤུགས་རྐྱརན་ཆེན་པོ་ཐེབས་མུས་ཡོད། འོན་ཀྱང་ལུགས་མཐུན་གྱི་བཟའ་བཏུང་ལེགས་སྒྲིག་བྱས་པ་བརྒྱུད་ནས་ཕོ་བ་གསོ་བ་དང་ཇེ་བདེར་གཏོང་ཐུབ། གཤམ་ནས་དེའི་སྐོར་གྱི་རྒྱུན་ཤེས་འགའ་ངོ་སྤྲོད་བྱ་རྒྱུ་ཡིན།   

གཅིག རྒྱ་གྲོམ། (山药)  

རྒྱ་གྲོམ་ནི་འཚོ་བཅུད་ཕུན་སུམ་ཚོགས་པའི་རྩ་སྡོང་རིགས་ཀྱི་ཟས་རིགས་ཤིག་ཡིན་པས།    ཕོ་བ་གསོ་བའི་ནུས་པ་ཧ་ཅང་ལེགས་པོ་ཡོད།     རྒྱ་གྲོམ་གྱི་ནང་དུ་བསིང་ཕྱེ་རྩབས་དང་།    ཧྥུན་མང་དབྱང་འགྱུར་རྩབས་སོགས་དངོས་རྫས་ཕུན་སུམ་ཚོགས་པོ་འདུས་ཡོད་པས།    དེས་ཕོ་རྒྱུའི་འཇུ་བྱེད་ཀྱི་བྱེད་ལས་ལ་སྐུལ་འདེད་དང་ཕོ་བའི་ཁག་གི་ཁུར་པོ་ཡང་དུ་གཏོང་ཐུབ།     དེ་དང་ཆབས་ཅིག།   རྒྱ་གྲོམ་ལ་ད་དུང་བེ་སྣབས་ཀྱི་སྤྲི་དཀར་ཕུན་སུམ་ཚོགས་པོ་འདུས་པས།    ཕོ་བའི་འབྱར་སྐྱི་ལ་སྲུང་སྐྱོབ་དང་ཕོ་སྐྱུར་ལངས་བ་སྔོན་འགོག་བྱེད་ཐུབ།

གཉིས།    ལྷོ་ཀུབ།    

ལྷོ་ཀུབ་ནི་ཤིང་ཏོག་གི་སིལ་ཚི་མང་པོ་འདུས་པའི་ཟས་རིགས་ཤིག་ཡིན།  སིལ་ཚི་ཡིས་ཕོ་བ་དང་རྒྱུ་མའི་འབྱར་སྐྱི་ལ་སྲུང་སྐྱོབ་བྱེད་ཐུབ་ལ་ཟས་རིགས་ཕོ་བར་གནོད་པ་འགོག་ཐུབ།   རལ་ཟགས་ཀྱི་ངོས་སོས་པར་སྐུལ་འདེད་བྱེད་ཐུབ་པས།    ཕོ་བའི་ནད་པར་འཚམ་པ་ཡིན།     ལྷོ་ཀུབ་ཁྲོད་འདུས་པའི་གྲུབ་ཆ་ཡིས་མཁྲིས་ཁུ་ཟགས་ཐོན་བྱེད་པར་སྐུལ་འདེད་བྱེད་ཐུབ་ལ། ཕོ་རྒྱུའི་འགུལ་སྐྱོད་ལ་ཤུགས་སྣོན་དང་ཟས་རིགས་འཇུ་བར་རོགས་རམ་བྱེད་ཐུབ།     དེ་དང་ཆབས་ཅིག   ལྷོ་ཀུབ་ལ་ད་དུང་ཕུན་སུམ་ཚོགས་པའི་འཚོ་རྒྱུ་དང་གཏེར་རྒྱུ་འདུས་པས་ལུས་ཕུང་ལ་ཕན་ཐོགས་ཆེན་པོ་ཡོད།     

གསུམ།    འབྲས་ཐུག

འབྲས་ཐུག་ནི་འཚོ་བཅུད་ཕུན་སུམ་ཚོགས་ཤིང་འཇུ་སླ་བའི་ཟས་རིགས་ཤིག་ཡིན་ལ།    ཕོ་བ་མི་བདེ་བའི་མི་ལ་མཚོན་ན་སྙོམ་སྒྲིག་གི་ནུས་པ་ལེགས་པོ་ཡོད།     འབྲས་ཐུག་ལ་འཚོ་རྒྱུBརིགས་དང་གཏེར་རྒྱུ་ཕུན་སུམ་ཚོགས་པོ་འདུས་ཡོད་པས་ཕོ་རྒྱུའི་འཇུ་བྱེད་ཀྱི་ནུས་པ་ཐོན་ཐུབ།     དེ་དང་ཆབས་ཅིག    འབྲས་ཐུག་ལ་ཕོ་བ་གསོ་བའི་བྱེད་ནུས་ལྡན་པས།    ཕོ་བའི་འབྱར་སྐྱི་ལ་སྲུང་སྐྱོབ་བྱས་ནས་ཕོ་བའི་ཁུར་པོ་ཇེ་ཡང་དུ་གཏོང་ཐུབ།     

བཞི། ཚལ་སྣག 

ཚལ་སྣག་ནི་འཚོ་བཅུད་ཕུན་སུམ་ཚོགས་པའི་སྔོ་ཚལ་ཞིག་ཡིན་ཞིང་དེར་ཕོ་བ་གསོ་བའི་ནུས་པ་ཆེན་པོ་ལྡན།   ཚལ་སྣག་ནང་དུ་བཟའ་བཅའ་ཚི་སྣ་ཕུན་སུམ་ཚོགས་པོ་ཡོད་པས་རྒྱུ་མའི་འགུལ་སྐྱོད་དང་ཟས་འཇུ་བར་ཕན།     དེ་དང་ཆབས་ཅིག   ཚལ་སྣག་ལ་ད་དུང་འཚོ་རྒྱུ་དང་གཏེར་རྒྱུ་ཕུན་སུམ་ཚོགས་པ་འདུས་ཡོད་པས།    ལུས་ཕུང་ལ་ཕན་ཆེན་པོ་ཐོགས།    

སྡོམ་ཚིག

གོང་དུ་ངོ་སྤྲོད་བྱས་པའི་ཟས་རིགས་བཞི་པོ་ནི་ཕོ་བ་གསོ་བའི་ཟས་རིགས་ལེགས་པོ་ཡིན་པས།    ཕོ་བ་མི་བདེ་བའི་མི་ལ་མཚོན་ན་གསོ་སྲུང་གི་ནུས་པ་ཧ་ཅང་ལེགས་པོ་ཡོད།     བཟའ་བཏུང་ལེགས་སྒྲིག་བྱེད་པ་ལས་གཞན།    ད་རུང་འཚོ་བའི་གོམས་གཤིས་ཀྱི་སྙོམས་སྒྲིག་ལ་དོ་སྣང་བྱེད་དགོས།    དཔེར་ན།    དུས་ཆད་ལྟར་ཟ་མ་ཟ་དགོས་པ་དང་བག་མེད་ཟ་འཐུང་མི་བྱེད་པ།    ཚད་ལས་བརྒལ་བའི་ངལ་དུབ་ལ་འཛེམ་པ་བཅས་ཕྱོགས་བསྡུས་ཀྱིས་སྙོམ་སྒྲིག་བྱས་ན་ད་གཟོད་ཕོ་བ་བདེ་ཐང་ཡོང་ཐུབ།     

ཀླུ་མོས་བསྒྱུར།

རྩོམ་སྒྲིག་པ། ཀླུ་མོ།