རྒུན་འབྲུམ་སྐམ་པོ་ཆུར་བསྐོལ་ནས་འཐུང་ན་ཕན་པ་གང་དག་ཡོད།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

  རྒུན་འབྲུམ་སྐམ་པོ་ནི་རྒྱུན་མཐོང་གི་ཤིང་འབྲས་སྐམ་པོ་ཞིག་ཡིན།    བྲོ་བ་དམིགས་བསལ་ཡིན་པ་མ་ཟད་འཚོ་བཅུད་ཀྱང་ཕུན་སུམ་ཚོགས་པོ་ཡོད། མི་མང་པོ་ཞིག་རྒུན་འབྲུམ་སྐམ་པོ་ཆུར་བསྐོལ་ནས་འཐུང་བར་དགའ་ཞིང་དེའི་ཕན་ནུས་ལ་དེ་བས་ཀྱང་དོ་སྣང་ཆེན་པོ་བྱེད་བཞིན་ཡོད།གཤམ་དུ་རྒུན་འབྲུམ་སྐམ་པོ་ཆུར་བསྐོལ་ནས་འཐུང་བའི་ཕན་ནུས་བདུན་ངོ་སྤྲོད་བྱ། 

  གཅིག རྒུན་འབྲུམ་སྐམ་པོ་ཆུར་བསྐོལ་ནས་འཐུང་ན་ཕན་ནུས་བདུན་ཡོད།     

  ​འཇུ་བྱེད་ལ་ཕན།

  རྒུན་འབྲུམ་སྐམ་པོའི་ནང་དུ་ཕུན་སུམ་ཚོགས་པའི་བཟའ་བཅའ་ཚི་སྣ་འདུས་ཡོད་ལ།    དེས་རྒྱུ་མའི་འགུལ་སྐྱོད་དང་འཇུ་བར་ཕན་པ་ཡོད།     དེ་དང་ཆབས་ཅིག།    རྒུན་འབྲུམ་སྐམ་པོའི་ནང་གི་མངར་ཆ་ཡིས་རྒྱུ་མའི་ཟགས་ཐོན་འཇུ་བྱེད་གཤེར་ཁུ་ཟགས་ཐོན་བྱས་ཏེ།  འཇུ་བྱེད་ལ་སྐུལ་འདེད་བྱེད་ཐུབ།     

  མཁྲིས་རྒྱུ་གཤེར་རྩི་གཅོག་པར་ཕན།

  རྒུན་འབྲུམ་སྐམ་པོའི་ནང་གི་ཧོང་ཐུང་རིགས་ཞེས་པའི་དངོས་རྫས་དེས་ཁྲག་ནང་གི་མཁྲིས་རྒྱུ་གཤེར་རྩི་ཡི་ཆུ་ཚད་ཇེ་དམའ་རུ་གཏང་ཐུབ་པ་དང་།    སྙིང་དང་ཁྲག་རྩའི་ནད་འབྱུང་བའི་ཉེན་ཁ་ཇེ་ཆུང་དུ་གཏོང་ཐུབ།     དེ་དང་ཆབས་ཅིག།    རྒུན་འབྲུམ་སྐམ་པོའི་ནང་གི་ཚིལ་སྐྱུར་གྱིས་ཀྱང་ཁྲག་ཞག་ཇེ་དམའ་རུ་བཏང་ནས་སྙིང་དང་ཁྲག་རྩའི་བདེ་ཐང་ལ་སྲུང་སྐྱོབ་བྱེད་ཐུབ།     

  རིམས་འགོག་ནུས་པ་ཆེ་རུ་གཏོང་བ།

  རྒུན་འབྲུམ་སྐམ་པོའི་ནང་དུ་འཚོ་རྒྱུCདང་འཚོ་རྒྱུBརིགས།    ལྕགས་དང་ཀལ་སོགས་འཚོ་བཅུད་དངོས་རྫས་ཕུན་སུམ་ཚོགས་པོ་འདུས་ཡོད་པས།    མིའི་ལུས་པོའི་རིམས་འགོག་ནུས་པ་མཐོ་རུ་བཏང་ནས་ཆམས་ནད་སོགས་སྔོན་འགོག་བྱེད་ཐུབ།     

  རྒས་འགྱུར་སྔོན་འགོག་ལ་ཕན། 

  རྒུན་འབྲུམ་སྐམ་པོའི་ནང་གི་ཧོང་ཐུང་རིགས་དངོས་རྫས་ནི་རང་བྱུང་གི་དབྱང་འགྱུར་འགོག་པའི་དངོས་པོ་ཞིག་ཡིན་ལ།    དེས་མིའི་ལུས་སྟེང་གི་རང་དབང་གི་རྨང་གཞི་གཙང་སེལ་བྱེད་ཐུབ་ཅིང་།    ཕྲ་ཕུང་རྒས་འགྱུར་ཇེ་དལ་དུ་བཏང་ནས་རྒས་པ་འགོག་ཐུབ།      དེ་དང་ཆབས་ཅིག།    རྒུན་འབྲུམ་ཁྲོད་ཀྱི་འཚོ་རྒྱུCཡིས་སྤྲི་དཀར་གྱི་འདྲེས་གྲུབ་ལ་སྐུལ་འདེད་བྱས་ཏེ།    སྐྱི་མོའི་ལྡེམ་ཤུགས་དང་འོད་མདངས་སྲུང་འཛིན་བྱེད་ཐུབ།     

  ཟུང་ཁྲག་ཉམས་པར་ཕན། 

  རྒུན་འབྲུམ་སྐམ་པོའི་ནང་དུ་ལྕགས་གཞི་རྒྱུ་ཕུན་སུམ་ཚོགས་པོ་འདུས་ཡོད་པས།    ཁྲག་དམར་སྤྲིར་དཀར་གྱི་འདྲེས་གྲུབ་ལ་སྐུལ་འདེད་དང་ཁྲག་དཀོན་ནད་རྟགས་ལེགས་སྒྱུར་བྱེད་ཐུབ།     དེ་དང་ཆབས་ཅིག།    རྒུན་འབྲུམ་ཁྲོད་ཀྱི་འཚོ་རྒྱུCཡིས་ཀྱང་ལྕགས་ཀྱི་གཞི་རྒྱུ་བསྡུ་ལེན་དང་བེད་སྤྱོད་བྱེད་པར་སྐུལ་འདེད་བྱེད་ཐུབ།     

  ངལ་དུབ་སེལ་བར་ཕན། 

  རྒུན་འབྲུམ་སྐམ་པོའི་ནང་དུ་རྒུན་འབྲུམ་ཧྭགས་ཕུན་སུམ་ཚོགས་པོ་འདུས་ཡོད་པས།    མྱུར་དུ་ནུས་ཚད་ཁ་གསབ་བྱས་ཏེ་ངལ་དུབ་སེལ་ཐུབ།     དེ་དང་ཆབས་ཅིག    རྒུན་འབྲུམ་ཁྲོད་ཀྱི་འཚོ་བཅུད་མང་བའི་དངོས་རྫས་ཀྱིས་ཀྱང་མི་ལུས་ཀྱི་ངལ་དུབ་འགོག་པའི་ནུས་པ་མཐོར་འདེགས་བྱེད་ཐུབ།     

  གཉིད་བདེ་བར་ཕན།

  རྒུན་འབྲུམ་སྐམ་པོའི་ནང་གི་རྨེ་གཞི་རྒྱུ་ཡིས་དབང་རྩའི་མ་ལག་གི་ལྷོད་གཡེང་ལ་སྐུལ་འདེད་བྱེད་ཐུབ་ཅིང་།    གཉིད་ཀྱི་སྤུས་ཚད་ཇེ་ལེགས་སུ་གཏོང་ཐུབ།     དེ་དང་ཆབས་ཅིག    རྒུན་འབྲུམ་སྐམ་པོའི་ཁྲོད་ཀྱི་ཧྭགས་ཀྱིས་ཀྱང་དྭངས་ཁྲག་ནང་གི་རྒྱུ་ཟགས་ཐོན་བྱེད་པར་སྐུལ་འདེད་བྱེད་ཐུབ་ལ།    གཉིད་ཀྱང་སྔར་བས་ཇེ་བཟང་དུ་གཏོང་ཐུབ།     

  གཉིས།   རྒུན་འབྲུམ་སྐམ་པོ་ཆུར་བསྐོལ་ནས་འཐུང་སྐབས་ཀྱི་དོ་སྣང་བྱ་ཡུལ།   

  རྒུན་འབྲུམ་སྐམ་པོ་ཆུར་བསྐོལ་ནས་འཐུང་དུས་སྤུས་ལེགས་ཀྱི་རྒུན་འབྲུམ་སྐམ་པོ་བདམས་ནས་སྤུས་ཞན་དང་དུས་ལས་ཡོལ་བའི་རྒུན་འབྲུམ་སྐམ་པོ་སྤྱོད་མི་རུང་།  

  ཆུར་བསྐོལ་སྐབས་མེའི་ཆེ་ཆུང་དང་དུས་ཚོད་ལ་ཚོད་འཛིན་ཡག་པོ་བྱེད་དགོས།

  གཅིན་སྙི་ཟ་ཁུའི་ནད་པའམ་ཁྲག་མངར་ཅུང་མཐོ་བའི་མི་ཚོགས་ཀྱིས་འོས་འཚམ་གྱི་འཐུང་བ་ལས་ཚད་བརྒལ་གྱིས་འཐུང་མི་རུང་།

  མདོར་ན།    རྒུན་འབྲུམ་སྐམ་པོ་ཆུར་བསྐོལ་ནས་འཐུང་ན་ཕན་ཐོགས་མང་པོ་ཡོད་པས།    ང་ཚོས་བདེ་ཐང་སྲུང་འཛིན་བྱེད་ཐུབ།     འོན་ཀྱང་།    འཐུང་དུས་སྤུས་ལེགས་རྒུན་འབྲུམ་སྐམ་པོ་བདམས་ཏེ།    མེའི་ཆེ་ཆུང་དང་དུས་ཚོད་ལ་ཚོད་འཛིན་ལེགས་པོ་བྱས་ཏེ།  ཚད་བརྒལ་གྱིས་ཟ་མི་རུང་།  དེ་བས་ཀུན་གྱིས་རྒུན་འབྲུམ་སྐམ་པོའི་འཚོ་བཅུད་རིན་ཐང་ལ་རྒྱུས་ལོན་གང་ལེགས་བྱས་ནས་ལུས་ཕུང་བདེ་ཐང་ལ་དོ་སྣང་བྱེད་དགོས་སོ།། 

ཀླུ་མོས་བསྒྱུར།

རྩོམ་སྒྲིག་པ། ཀླུ་མོ།