མེ་འཁོར་འབབ་ཚུཊ་སུ་ཅ་དངོས་བོར་ན་གང་འདྲ་བྱེད་དགོས།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

ཐོབ་ཐང་ལག་ཁྱེར་དང་དྲོད་འཛིན་ཕོར་པ། དངུལ་ཁུག ལམ་ཆས་སྒམ། རྩེད་ཆས་སོགས་ཁྲེན་ཏུའུ་འབབ་ཚུགས་ཤར་མའི་བོར་དངོས་སྤྲོད་ལེན་ཁུལ་དུ་ཆ་སྙོམས་ཟླ་རེར་དངོས་པོ་4000ལྷག་བསྡུ་ལེན་བྱེད་བཞིན་ཡོད། དེ་རིང་རྩོམ་སྒྲིག་པས་ཁྱེད་ལ་མེ་འཁོར་འབབ་ཚུགས་སུ་ཅ་དངོས་བོར་ན་ཅི་ལྟར་བྱེད་དགོས་མིན་ཞུ་གི་ཡིན།

གལ་ཏེ་སྟབས་མ་ལེགས་པར་ལམ་ཆས་སྒམ་བོར་བརླགས་ཤོར་ཚེ་གང་འདྲ་བྱེད་དགོས་སམ། ཁྱེད་རང་སེམས་ཁྲལ་མ་གནང་།རྩོམ་སྒྲིག་པས་ཁྱེད་ལ་གང་མགྱོགས་ཚུར་རགས་ཐབས་ཞུས་ཆོག

དང་པོ། ལྕགས་ལམ་གྱི་འགྲུལ་པའི་ཞབས་ཞུ་ཁ་པར་12306ལ་ཁ་པར་རྒྱག་དགོས།

ལྕགས་ལམ་གྱི་འགྲུལ་པའི་ཞབས་ཞུའི་ཁ་པར་12306ལ་ཁ་པར་བརྒྱབ་ན། ལས་དོན་མི་སྣས་བཙལ་འཚོལ་གནས་ཚུལ་ཁྱེད་ལ་ཞུ་ངེས།

གཉིས་པ། ལྕགས་ལམ་12309 Appའམ་ཡང་ན་གཞུང་ཕྱོགས་དྲ་བར་ཐོ་འགོད་གནང་དགོས།

ལྕགས་ལམ་12309Appདཔེར་བཞག་ན། ཤོག་ངོས་དང་པོའི་ཤ་ཚའི་ཞབས་ཞུ་[温馨服务]གནོན་པ་དང་། དེ་ནས་བོར་དངོས་བཙལ་འཚོལ་[遗失物品查找]མནན་ནས། བླང་བྱ་ལྟར་འབྲེལ་ཡོད་ཆ་འཕྲིན་འབྲི་དགོས།

གསུམ་པ། ལས་དོན་མི་སྣར་རོགས་རམ་གནང་རོགས་ཞུ་དགོས།

ཁྱེད་རང་མེ་འཁོར་རམ་འབབ་ཚུགས་གང་དུ་གནས་ཀྱང་། ལས་དོན་མི་སྣར་རོགས་རམ་གནང་རོགས་ཞུ་དགོས།

བོར་བརླགས་སུ་སོང་བའི་ཅ་དངོས་རྙེད་རྗེས། ལྕགས་ལམ་ལས་དོན་མི་སྣས་ཁྱེད་ལ་འབྲེལ་བ་གནང་བ་དང་། ཁྱེད་ཀྱིས་འབྲེལ་གཏུག་བྱ་ཐབས་དང་སྤྲོད་ལེན་འབབ་ཚུགས་སོགས་ཆ་འཕྲིན་འདོན་སྤྲོད་བྱེད་པས་ཆོག་ལ། ལམ་སེང་འབབ་ཚུགས་ཀྱི་ཞབས་ཞུ་སྟེགས་བུའམ་བོར་དངོས་སྤྲོད་ལེན་ཁུལ་དུ་བསྐྱོད་དེ་འཚོལ་ཞིབ་གནང་ནས་བླངས་ཆོག

མེ་འཁོར་ལ་བསྡད་ཟིན་པའི་འགྲུལ་པས་ཀྱང་སེམས་ཁྲལ་བྱེད་མི་དགོས་ཏེ། ལས་དོན་མི་སྣས་ཁྱེད་ཀྱི་དགོས་མཁོ་ལྟར། བོར་བརྒ་སོང་བའི་ཅ་དངོས་མེ་འཁོར་འབྱོར་སའི་གཏན་འཁེལ་འབབ་ཚུགས་སུ་སྐྱེལ་ངེས།

རང་ཉིད་ཀྱིས་བོར་དངོས་ལེན་སྐབས། གོ་ཆོད་ཀྱི་ཐོབ་ཐང་ལག་ཁྱེར་དགོས་པ་དང་། མེ་འཁོར་ལ་བསྡད་པའི་ཆ་འཕྲིན་མཁོ་འདོན་བྱེད་དགོས།

མི་གཞན་གྱི་ཚབ་བྱས་ནས་བོར་དངོས་ལེན་སྐབས། གོ་ཆོད་ཀྱི་ཐོབ་ཐང་ལག་ཁྱེར་དགོས་པ་དང་། བོར་བདག་གི་མངག་བཅོལ་ཡི་གེ་དང་བོར་བདག་གི་གོ་ཆོད་ཐོབ་ཐང་ལག་ཁྱེར་དཔར་མ་དགོས་པ་མ་ཟད། མེ་འཁོར་ལ་བསྡད་པའི་ཆ་འཕྲིན་མཁོ་འདོན་བྱེད་དགོས།

 ཤ་ཚའི་དྲན་སྐུལ།

༡ སོས་པ་དང་རུལ་སླ་བའི་དངོས་པོ་དང་ཟས་རིགས་དོ་དམ་གྱི་འགན་མི་འཁུར་རྒྱུ།

༢ མེ་འཁོར་གྱི་ཐེངས་གྲངས་དང་། འཁོར་སྒམ་ཨང་གྲངས། བཞུགས་སྟེགས་ཨང་གྲངས། བོར་དངོས་ཀྱི་གནས་ཡུལ་དང་ཆེ་ཆུང་། ཁ་དོག་སོགས་རྨང་གཞིའི་ཆ་འཕྲིན་མཁོ་འདོན་གང་ཐུབ་བྱེད་དགོས་པ་མ་ཟད། ཡང་དག་པའི་འབྲེལ་གཏུག་བྱ་ཐབས་མཁོ་འདོན་བྱེད་དགོས།

རྩོམ་སྒྲིག་པས་འགྲུལ་པ་རྣམས་ལ་ཡང་བསྐྱར་དྲན་སྐུལ་ཞུ་རྒྱུ་ཞིག་ནི། མེ་འཁོར་འབབ་ཚུགས་དང་མེ་འཁོར་ནི་མི་མང་འདུ་ས་ཡིན་པས། ལས་ཆས་དང་དངོས་རྫས་བདག་པོ་ཡག་པོ་སྤྲོད་རོགས། ཁྱེད་རྣམས་ལམ་འགྲུལ་བདེ་པོ་ཡོང་བའི་སྨོན་འདུན་ཞུ།

རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།