བུད་མེད་ཀྱིས་རྒྱུན་དུ་ཀླད་སིལ་ཟོས་ན་ཕན་ཐོགས་ཆེན་པོ་ཡོད།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

ཀླད་སིལ(榴莲)ལ་སིལ་ཏོག་གི་རྒྱལ་བོ་ཞེས་པའི་མཚན་སྙན་ཡོད་པ་ནང་བཞིན། ཀླད་སིལ་ནི་འཚོ་བཅུད་ཕུན་སུམ་ཚོགས་པའི་ཚ་བའི་ཁུལ་གྱི་ཤིང་འབྲས་ཤིག་ཡིན་ཞིང་།    དེར་གཞན་དང་མི་མཚུངས་བའི་ཁྱད་པར་ཅན་གྱི་བྲོ་བ་དང་དྲི་མ་ཡོད།  བུད་མེད་ལ་མཚོན་ནས་བཤད་ན།    རྒྱུན་པར་ཀླད་སིལ་ཟོས་ན་ཕན་པ་མང་པོ་ཡོད་པས།    གཤམ་དུ་ང་ཚོས་དེའི་སྐོར་ལ་རྒྱུས་ལོན་རགས་ཙམ་བྱེད།

གཅིག ཀླད་སིལ་གྱི་འཚོ་བཅུད་གྲུབ་ཆ།     

ཀླད་སིལ་ལ་ཕུན་སུམ་ཚོགས་པའི་འཚོ་བཅུད་ཀྱི་གྲུབ་ཆ་ཡོད་དེ།    དེའི་ནང་དུ་ཐན་ཆུའི་འདྲེས་སྦྱོར་དངོས་རྫས་དང་ཚིལ།    སྤྲི་དཀར་རྫས།    ཚི་སྣའི་རྒྱུ།    འཚོ་རྒྱུ་དང་གཏེར་རྒྱུ་སོགས་འདུས།     དེའི་ཁྲོད་དུ་ཐན་ཆུའི་འདྲེས་སྦྱོར་དངོས་རྫས་ནི་ཀླད་སིལ་གྱི་གྲུབ་ཆ་གཙོ་བོ་ཡིན་ཞིང་།    སྤྱིའི་སྤུས་ཚད་ཀྱི28%ཡས་མས་ཟིན་ཡོད།    གཙོ་བོ་བུར་ཤིང་དང་རྒུན་འབྲུམ་ཧྭགས་སོགས་སྟབས་བདེའི་ཧྭགས་རིགས་དང་བསིང་ཕྱེ་སོགས་མང་པོ་འདུས།  གཞན་ཡང་ཀླད་སིལ་ལ་ད་དུང་འཚོ་རྒྱུ་དང་གཏེར་རྒྱུ་མང་པོ་འདུས་ཡོད་དེ།    དཔེར་ན་འཚོ་རྒྱུCདང་འཚོ་རྒྱུB1འཚོ་རྒྱུB2། ཅཱ་དང་ཀལ།    ལྕགས།    ཏི་ཚ་སོགས་ཡོད།     འཚོ་བཅུད་ཀྱི་གྲུབ་ཆ་དེ་དག་གིས་བུད་མེད་ཀྱི་བདེ་ཐང་དང་མཛེས་བཟོ་ཚང་མར་ནུས་པ་གལ་ཆེན་ཐོན་ཡོད།  

གཉིས།    ཀླད་སིལ་གྱི་སྨན་གྱི་རིན་ཐང་།     

ཀླད་སིལ་ནི་བྲོ་བ་ཞིམ་པའི་ཤིང་འབྲས་ཤིག་ཡིན་པ་མ་ཟད་ད་དུང་སྨན་གྱི་རིན་ཐང་ཆེན་པོ་ལྡན།     ཀྲུང་ལུགས་གསོ་རིག་གི་ཁྲོད་དུ་ཀླད་སིལ་ནི་དྲོད་ལྡན་རང་བཞིན་གྱི་སིལ་ཏོག་ཅིག་ཏུ་ངོས་འཛིན་ཞིང་། དེ་ལ་ཁྲག་རླུང་གསོ་བ་དང་གྲང་སེལ།    མཚེར་བར་བདེ་བ་དང་ཡི་ག་ཕྱེ་བ། མཁལ་མ་གསོ་བ་སོགས་ཀྱི་བྱེད་ནུས་ལྡན།     གཞན་ཡང་།    ཀླད་སིལ་ནི་ཟླ་མཚན་གྱི་ན་ཟུག་དང་ཟླ་མཚན་མི་སྙོམས་པ་སོགས་ཀྱི་ནད་རྟགས་སྨན་བཅོས་བྱེད་པར་སྤྱོད་ཀྱིན་ཡོད།     དེང་རབས་གསོ་རིག་ཞིབ་འཇུག་ལས་ཤེས་རྟོག་བྱུང་བ་ལྟར་ན།    ཀླད་སིལ་ལ་གཉན་ཚད་འགོག་པ་དང་དབྱང་འགྱུར་འགོག་པ།    སྐྲན་ནད་འགོག་པ་སོགས་ཀྱི་སྨན་ནུས་རིན་ཐང་ལྡན།   

གསུམ།    བུད་མེད་ཀྱིས་རྒྱུན་དུ་ཀླད་སིལ་ཟོས་ན་བཟང་ཆ་ཆེན་པོ་བཅུ་ཡོད།     

ལུས་ཟུངས་གསོ་བ།    ཀླད་སིལ་ལ་འཚོ་བཅུད་ཀྱི་གྲུབ་ཆ་ཕུན་སུམ་ཚོགས་པོ་ཡོད་པས་ལུས་ཟུངས་གསོ་ཐུབ་ལ་ལུས་སྟོབས་ཀྱང་རྒྱས་ཐུབ།     ལུས་སྟོབས་ཞན་ཞིང་ངལ་དུབ་ཀྱིས་མནར་བའི་བུད་མེད་ལ་མཚོན་ན་རྒྱུན་དུ་ཀླད་སིལ་ཟོས་ན་ལུས་པོའི་གནས་ཚུལ་ཇེ་ལེགས་སུ་གཏོང་ཐུབ།     

མཛེས་བཟོ་དང་ངོ་མདངས་གསོ་བ།    ཀླད་སིལ་ལ་འཚོ་བཅུདCདང་འཚོ་རྒྱུBརིགས་སོགས་དབྱང་འགྱུར་དངོས་པོ་ཕུན་སུམ་ཚོགས་པོ་འདུས་ཡོད་པས།    རང་དབང་གི་རྨང་གཞི་གཙང་སེལ་དང་རྒས་ཚད་ཇེ་དལ་དུ་བཏང་སྟེ།    ཤ་ལྤགས་ཀྱི་ལྡེམ་ཤུགས་དང་འོད་མདངས་སྲུང་འཛིན་བྱེད་ཐུབ།     གཞན་ཡང་།    ཀླད་སིལ་ལ་ད་དུང་གཏེར་རྒྱུ་མང་པོ་འདུས་པས།    སྐྱི་མོའི་ཕྲ་ཕུང་རྙིང་ཚབ་གསར་བརྗེ་དང་སྐྱི་མོའི་སྤུས་ཚད་ཇེ་ལེགས་སུ་གཏོང་ཐུབ།  

འཇུ་བྱེད་ལ་སྐུལ་འདེད་བྱེད་པ།   ཀླད་སིལ་ལ་བཟའ་བཏུང་གི་ཚི་སྣ་ཕུན་སུམ་ཚོགས་པོ་ཡོད་པས།    རྒྱུ་མའི་འགུལ་སྐྱོད་ལ་སྐུལ་འདེད་དང་རྩ་འགག་པའི་གནད་དོན་ལེགས་བཅོས་བྱེད་ཐུབ།     གཞན་ཡང་།    ཀླད་སིལ་ལ་ད་དུང་ཀླད་སིལ་མེ་ཟེར་བའི་དངོས་པོ་ཞིག་འདུས་པས།    ཟས་རིགས་འཇུ་བྱེད་དང་བསྡུ་ལེན་བྱེད་པར་སྐུལ་འདེད་བྱེད་ཐུབ།     

ཟླ་མཚན་འབབ་དུས་ཀྱི་ན་ཟུག་ཞི་བར་ཕན་པ།    ཀླད་སིལ་ནི་དྲོད་ལྡན་རང་བཞིན་གྱི་སིལ་ཏོག་ཅིག་ཡིན་པར་འདོད་དེ།    ཟླ་མཚན་འབབ་དུས་ན་ཟུག་ཇེ་ཆུང་དུ་གཏོང་ཐུབ།     རྒྱུན་དུ་ཟླ་མཚན་འབབ་དུས་ན་ཟུག་ལངས་བའི་བུད་མེད་ལ་མཚོན་ན།    རྒྱུན་དུ་ཀླད་སིལ་ཟོས་ན་ཕན་ཐོགས་ཆེན་པོ་ཡོད།    

ཟླ་མཚན་སྙོམས་སྒྲིག་བྱེད་པ།    ཀླད་སིལ་ལ་ཕུན་སུམ་ཚོགས་པའི་གཏེར་རྒྱུ་དང་འཚོ་རྒྱུ་འདུས་ཡོད་པས་ནང་གི་ཟགས་ཐོན་མ་ལག་སྙོམས་སྒྲིག་བྱེད་ཐུབ་ཅིང་།    ཟླ་མཚན་སྙོམས་སྒྲིག་མིན་པའི་ནད་རྟགས་ལེགས་བཅོས་བྱེད་ཐུབ།     གཞན་ཡང་ཀླད་སིལ་ལ་ད་དུང་ཧོང་ཐུང་རིགས་ཀྱི་འདྲེས་འགྱུར་རྫས་ཟེར་བའི་དངོས་པོ་ཞིག་འདུ་པས། ཟླ་མཚན་འཁོར་ཡུན་སྙོམས་སྒྲིག་བྱེད་པར་ཡང་ཕན་པ་ཡོད།   

རིམས་འགོག་ནུས་པ་ཇེ་ཆེར་གཏོང་བ།    ཀླད་སིལ་ལ་ཕུན་སུམ་ཚོགས་པའི་འཚོ་རྒྱུCདང་གཏེར་རྒྱུ་མང་པོ་འདུས་ཡོད་པས།    རིམས་འགོག་གི་ནུས་པ་ཇེ་བཟང་དུ་གཏོང་ཐུབ་པ་དང་།    ལུས་པོའི་འགོག་ཤུགས་མཐོར་འདེགས་སུ་གཏོང་ཐུབ།     རྒྱུན་དུ་ཆམ་པ་ཕོག་པའམ་ཡང་ན་འགོས་ནད་ཕོག་སླ་བའི་བུད་མེད་ལ་མཚོན་ན་ཀླད་སིལ་ཟོས་ན་ཕན།     

ཁྲག་ཤེད་ཇེ་དམའ་རུ་གཏོང་བ།  ཀླད་སིལ་ལ་ཅཱ་རྒྱུ་ཕུན་སུམ་ཚོགས་པོ་ཡོད་པས་ཁྲག་ཤེད་ཇེ་དམའ་རུ་གཏོང་ཐུབ།     ཁྲག་ཤེད་མཐོ་བའི་བུད་མེད་ལ་མཚོན་ན་རྒྱུན་དུ་ཀླད་སིལ་ཟོས་ན་ཕན།   

གཉིད་བདེ་བར་ཕན།  ཀླད་སིལ་ལ་མདོག་ཨེམ་སྐྱུར་ཟེར་བའི་དངོས་པོ་ཞིག་ཡོད་པས།    དེས་ཀླད་པའི་ནང་གི་དྭངས་ཁྲག་གི་རྒྱུ་འདྲེས་སྦྱོར་བྱེད་པར་སྐུལ་འདེད་བྱེད་ཐུབ་ལ།    གཉིད་ཀྱི་སྤུས་ཚད་ཇེ་ལེགས་སུ་གཏོང་བར་ཡང་ཕན་པ་ཡོད།     དུས་རྒྱུན་དུ་གཉིད་མི་ཁུག་པའམ་གཉིད་མི་ཡོང་བའི་བུད་མེད་ལ་མཚོན་ན།    རྒྱུན་དུ་ཀླད་སིལ་ཟོས་ན་ཕན་པ་ཡོད།    

སྙིང་གི་ཁྲག་རྩ་ལ་སྲུང་སྐྱོབ་བྱེད་པ།    ཀླད་སིལ་ལ་ཕུན་སུམ་ཚོགས་པའི་གཏེར་རྒྱུ་དང་འཚོ་རྒྱུ་འདུས་ཡོད་པས་སྙིང་གི་ཁྲག་རྩའི་མ་ལག་ལ་སྲུང་སྐྱོབ་བྱེད་ཐུབ་པ་དང་སྙིང་གི་ཁྲག་རྩའི་ནད་རིགས་སྔོན་འགོག་བྱེད་ཐུབ།     གཞན་ཡང་།    ཀླད་སིལ་ལ་ད་དུང་ཧོང་ཐུང་རིགས་ཀྱི་འདྲེས་འགྱུར་རྫས་ཟེར་བའི་དངོས་པོ་ཞིག་འདུས་པས།    ཁྲག་ཞག་དང་མཁྲིས་རྒྱུ་གཤེར་རྩི་ཇེ་དམའ་རུ་གཏོང་ཐུབ་ལ།    འཕར་རྩ་སྲ་འགྱུར་སོགས་སྙིང་གི་ཁྲག་རྩའི་ནད་རིགས་སྔོན་འགོག་བྱེད་པར་ཡང་ཕན་པ་ཡོད།  

འབྲས་སྐྲན་འགོག་སྲུང་ལ་ཕན།    ཀླད་སིལ་ལ་དབྱང་འགྱུར་འགོག་པའི་དངོས་པོ་དང་འཚོ་རྒྱུCསོགས་སྐྲན་ནད་འགོག་པའི་དངོས་པོ་མང་པོ་འདུས་པས།    སྐྲན་གྱི་ཕྲ་ཕུང་སྐྱེས་པར་བཀག་འགོག་དང་སྐྲན་ནད་འབྱུང་བ་སྔོན་འགོག་བྱེད་ཐུབ།     གཞན་ཡང་།    ཀླད་སིལ་ལ་ད་དུང་ཧོང་ཐུང་རིགས་ཀྱི་འདྲེས་འགྱུར་རྫས་ཟེར་བའི་དངོས་པོ་ཞིག་འདུས་པས།    སྐྲན་ནད་ཀྱི་སྐྱེ་འཕེལ་དང་སྤོ་བསྒྱུར་བྱེད་པར་ཚོད་འཛིན་བྱེད་ཐུབ་ལ།    སྐྲན་ནད་འགོག་པའི་ནུས་པ་ངེས་ཅན་ཞིག་ལྡན།     

བཞི།    མཉམ་འཇོག་བྱ་དགོས་ས།     

བུད་མེད་ཀྱིས་རྒྱུན་དུ་ཀླད་སིལ་ཟོས་ན་ཕན་པ་མང་པོ་འབྱུང་སྲིད་མོད།    འོན་ཀྱང་གཤམ་གསལ་གྱི་ཕྱོགས་འགར་དོ་སྣང་བྱ་དགོས་ཏེ།     

འོས་འཚམ་ཀྱིས་ཟ་བ།    ཀླད་སིལ་གྱི་འཚོ་བཅུད་རིན་ཐང་ཧ་ཅང་མཐོ་མོད།    འོན་ཀྱང་དྲོད་ཚད་ཀྱང་ཅུང་མཐོ་བས།    མང་པོ་ཟོས་ན་ཚོ་འབུད་པ་དང་ཁྲག་ཧྭགས་ཇེ་མཐོར་འགྲོ་བ་སོགས་ཀྱི་གནད་དོན་འབྱུང་སླ།     ཉིན་རེར་ཁེ100ལས་མི་བརྒལ་བར་བྱེད་དགོས།

ཆང་བཅུད་དང་མཉམ་དུ་མི་ཟ་བ།    ཀླད་སིལ་དང་ཆང་བཅུད་མཉམ་དུ་སྤྱད་ན་ཆང་གིས་བཟི་བའམ་མ་འཕྲོད་པ་སོགས་འབྱུང་སླ།     ཀླད་སིལ་བཟས་རྗེས་ཉུང་མཐར་ཡང་ཆུ་ཚོད་གཉིས་ཀྱི་བར་དུ་ཆང་འཐུང་མི་རུང་།  

གཅིན་སྙི་ཟ་ཁུའི་ནད་པས་ཟ་མི་རུང་།    ཀླད་སིལ་ལ་མངར་ཆ་མང་པོ་འདུས་ཡོད་པས་གཅིན་སྙི་ཟ་ཁུའི་ནད་པས་ཟ་རྒྱུ་མང་དྲགས་ན་མི་འོས།     གཅིན་སྙི་ཟ་ཁུའི་ནད་པས་སྨན་པའི་མཛུབ་སྟོན་འོག་འོས་འཚམ་ངང་བཟའ་དགོས།     

སྦྲུམ་མས་མང་པོ་ཟ་མི་རུང་།    ཀླད་སིལ་ལ་འཚོ་བཅུད་ཀྱི་གྲུབ་ཆ་ཕུན་སུམ་ཚོགས་པོ་ཡོད་མོད།    འོན་ཀྱང་སྦྲུམ་མས་མང་པོ་ཟ་མི་འོས།     དེར་ཀླད་སིལ་རང་བཞིན་གྱི་དྲོད་ཚད་མཐོ་བས།    ཟ་རྒྱུ་མང་དྲགས་ན་ཚ་དྲོད་རྒྱས་ཤིང་རྩ་འགག་པ་སོགས་ཀྱི་གནད་དོན་འབྱུང་སླ།     སྦྲུམ་མས་སྨན་པའི་མཛུབ་སྟོན་འོག་འོས་འཚམ་གྱིས་ཟ་དགོས།    

ཀླད་སིལ་ལ་འཚོ་བཅུད་ཕུན་སུམ་ཚོགས་པོ་ལྡན་ཀྱང་། མི་ལ་ལ་ཞིག་ཀླད་སིལ་ཟོས་ན་མི་འཕྲོད་པའི་སྣང་ཚུལ་ཀྱང་བྱུང་སྲིད་པས། དེ་དག་ལ་མཉམ་འཇོག་བྱ་དགོས།

མདོར་ན།    བུད་མེད་ཀྱིས་རྒྱུན་དུ་ཀླད་སིལ་ཟོས་ན་ཕན་པ་མང་པོ་འབྱུང་སྲིད་མོད།    འོན་ཀྱང་འོས་འཚམ་གྱིས་ཟ་དགོས་ཤིང་ཆང་བཅུད་མཉམ་དུ་སྤྱོད་པ་སོགས་ཀྱི་གནད་དོན་ལ་དོ་སྣང་བྱེད་དགོས།     དམིགས་བསལ་གྱི་གནས་ཚུལ་ཡོད་པའི་མི་ཚོགས་ལ་མཚོན་ན།    དཔེར་ན་གཅིན་སྙི་ཟ་ཁུའི་ཕོག་མཁན་དང་སྦྲུམ་མ་སོགས་ཀྱིས་སྨན་པའི་མཛུབ་སྟོན་འོག་འོས་འཚམ་གྱི་ཟ་དགོས།     དུས་རྒྱུན་གྱི་འཚོ་བའི་ཁྲོད་དུ་ང་ཚོས་ཀླད་སིལ་ནི་འཚོ་བཅུད་ཕུན་སུམ་ཚོགས་པའི་ཤིང་ཏོག་ཏུ་བརྩིས་ནས་ཟོས་ན་ལུས་པོའི་བདེ་ཐང་དང་མཛེས་བཟོའི་ཕན་འབྲས་རྒྱུན་འཁྱོངས་བྱེད་ཐུབ་བོ།།

ཀླུ་མོས་བསྒྱུར།

རྩོམ་སྒྲིག་པ། ཀླུ་མོ།