ཁྱེད་ཀྱི་མིག་སྔའི་གནས།: མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ཞབས་ཕྱི།བཅའ་ཁྲིམས་ཁྲིམས་སྲོལ།
རྩིས་སྤྲོད་མཛུབ་སྟོན།
ཡོང་ཁུངས། མཚོ་སྔོན་བོད་ཡིག་ཁྲིམས་ལུགས་ཚགས་པར།  རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།  
སྤེལ་དུས། 2023-09-28 08:46:44

དང་པོ། ཅི་འདྲ་ཞིག་ལ་རྩིས་སྤྲོད་མཛུབ་སྟོན་ཟེར།

རྩིས་སྤྲོད་མཛུབ་སྟོན་བྱེད་པར་རེ་ཞུའི་དབང་ཆ་ཕྱིར་སྤྲོད་བྱེད་པ་ཡང་ཟེར། དེ་ནི་ཉོ་འཚོང་གི་དམིགས་བྱའི་དངོས་རྫས་་མི་གསུམ་པས་བཟུང་ཡོད་པའི་སྐབས། བརྒྱུད་སྤྲོད་མཁན་དང་བརྒྱུད་ལེན་མཁན་གཉིས་ཀྱིས་ཁ་ཆད་བཞག་ནས། བརྒྱུད་སྤྲོད་མཁན་གྱིས་བདག་འཛིན་མཁན་ལ་དངོས་རྫས་ཕྱིར་སྤྲོད་བྱེད་པའི་རེ་འདུན་ཞུ་དབང་དེ་བརྒྱུད་ལེན་མཁན་ལ་བརྒྱུད་སྤྲོད་བྱས་ཏེ། བརྒྱུད་ལེན་མཁན་གྱིས་བདག་འཛིན་མཁན་མི་གསུམ་པར་ཁེ་དབང་ལག་བསྟར་བྱས་ཏེ། དངོས་སུ་ཚབ་བྱས་ནས་སྤྲོད་པའི་སྒུལ་དངོས་སྤྲོད་སྟངས་ཤིག་ལ་ཟེར།

གཉིས། བཅའ་ཁྲིམས་དབྱེ་ཞིབ།

རྩིས་སྤྲོད་མཛུབ་སྟོན་བཀོལ་སྤྱོད་བྱེད་པའི་ཆ་རྐྱེན་ནི།

1. དོ་བདག་པ་ཕྱོགས་གཉིས་བར་དུ་སྒུལ་དངོས་ཀྱི་དངོས་དབང་ལ་འཕོ་འགྱུར་བྱེད་པར་གྲོས་མཐུན་བྱུང་བ།

2. ཉོ་འཚོང་གི་དམིགས་བྱར་གྱུར་ཡོད་པའི་སྒུལ་དངོས་ཀྱི་དངོས་དབང་དེ་ཉོ་འཚོང་མ་བྱས་གོང་ནས་མི་གསུམ་པས་བདག་བཟུང་བྱས་པ།

3. བརྒྱུད་སྤྲོད་མཁན་ལ་མི་གསུམ་པས་བདག་ཏུ་བཟུང་ཡོད་པའི་སྒུལ་དངོས་ལ་ཕྱིར་སྤྲོད་བྱེད་པར་རེ་བ་ཞུ་དབང་ཡོད།

4. བརྒྱུད་སྤྲོད་མཁན་གྱིས་མི་གསུམ་པས་བདག་བཟུང་བྱས་ཡོད་པའི་སྒུལ་དངོས་དེ་ཕྱིར་སྤྲོད་པའི་རེ་ཞུའི་དབང་ཆ་བརྒྱུད་ལེན་མཁན་ལ་བརྒྱུད་སྤྲོད་བྱས་ཆོག་པ།

གལ་ཏེ་མི་གསུམ་པས་དགག་སྒྲུབ་ཀྱི་དབང་ཆ་སྤྱད་ནས་དངོས་རྫས་ཕྱིར་སྤྲད་རྒྱུ་དང་ལེན་མ་བྱས་ན། རེ་འདུན་ཞུ་དབང་གི་བརྒྱུད་སྤྲོད་དེ་བརྒྱུད་སྤྲོད་མཁན་དང་བརྒྱུད་ལེན་མཁན་གཉིས་བར་དུ་ནུས་ཐོན་བྱུང་བ་ཡིན། མི་གསུམ་པར་ངོ་རྒོལ་བྱས་མི་ཆོག

གསུམ། བཅའ་ཁྲིམས་ཀྱི་གཞི་འཛིན་ས།

རང་རྒྱལ་གྱི《དམངས་དོན་ཁྲིམས་གཞུང》གི་དོན་ཚན227པར། “སྒུལ་དངོས་ཀྱི་དངོས་དབང་དེ་གསར་འཛུགས་དང་བརྒྱུད་སྤྲོད་མ་བྱས་གོང་། མི་གསུམ་པས་སྒུལ་དངོས་དེ་བདག་བཟུང་བྱས་ཡོད་ན། རྩིས་སྤྲོད་ཀྱི་འོས་འགན་འཁུར་མཁན་གྱི་མི་དེས་བརྒྱུད་སྤྲོད་བྱས་པར་བརྟེན་ནས་མི་གསུམ་པར་སྔར་གྱི་རྒྱུ་དངོས་ཀྱི་ཁེ་དབང་ཕྱིར་སྤྲོད་པར་རེ་བ་ཞུས་ཏེ་རྩིས་སྤྲོད་ཀྱི་ཚབ་བྱས་ཆོག”ཅེས་བཀོད་ཡོད།

ང་ཚོའི་གནས་ཚུལ། འགན་འཁུར་གསལ་བསྒྲགས། འབྲེལ་གཏུག་བྱེད་ཡུལ།
Copyright © 2005-2023   མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
青ICP备19000163号-70 འབྲེལ་གཏུགས་ཁ་པར། 0971-8456487
 
རྩིས་སྤྲོད་མཛུབ་སྟོན།

ཡོང་ཁུངས། མཚོ་སྔོན་བོད་ཡིག་ཁྲིམས་ལུགས་ཚགས་པར།

རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།