ཁྱེད་ཀྱི་མིག་སྔའི་གནས།: མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ཞབས་ཕྱི།བཅའ་ཁྲིམས་ཁྲིམས་སྲོལ།
འདག་རྫས་ཀྱིས་མི་ལུས་ལ་གནོད་འཚེ་བཟོས་ན་སུས་འགན་འཁུར་དགོས།
ཡོང་ཁུངས། མཚོ་སྔོན་བོད་ཡིག་ཁྲིམས་ལུགས་ཚགས་པར།  རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།  
སྤེལ་དུས། 2023-09-28 08:45:57

འདག་རྫས་ཀྱིས་མི་ལུས་ལ་གནོད་འཚེ་བཟོས་ན་སུས་འགན་འཁུར་དགོས།

བློ་མཐུན་རྩོམ་སྒྲིག་པ་ལགས།

ངའི་གྲོགས་མོ་སྒྲོལ་མ་ལས་ཚོགས་གྲོལ་ནས་ཕྱིར་ཁྱིམ་དུ་ལོག་པའི་ལམ་བར་དུ་མི་ཞིག་གིས་མོ་ལ་དྲིལ་སྒྲོག་བརྡ་ཁྱབ་ཅིག་བྱིན་སོང་། བརྡ་ཁྱབ་དེའི་སྟེང་དུ་ཚོང་རྟགས་ག་གེ་མོའི་སྐྲ་བཀྲུ་འདག་རྫས་ཀྱི་བྱ་འགུལ་སྤེལ་བཞིན་ཡོད་དེ། གཅིག་ཉོས་ན་གཅིག་སྟེར་ཞེས་བྲིས་འདུག དེ་ནས་སྒྲོལ་མས་ཁྱིམ་དུ་སྐྲ་བཀྲུ་འདག་རྫས་བཀོལ་ནས་ཚར་ལ་ཉེ་ཞིང་། བྱ་འགུལ་འདི་འདྲར་འཕྲད་ན་རིན་གོང་ཅུང་བདེ་བར་བསམས་ནས་སྐྲ་བཀྲུ་འདག་རྫས་དམ་བུ་གཅིག་ཉོས་པ་དང་། ཞོར་དུ་དམ་བུ་གཅིག་ཀྱང་རིན་མེད་ངང་བླངས། ཉིན་ཁ་ཤས་རིང་བཀོལ་སྤྱོད་བྱས་པ་ན་སྒྲོལ་མའི་སྐྲ་སྐམ་ཞིང་ཤུད་པ་ཅུང་ཚབས་ཆེན་འདུག སྒྲོལ་མས་དང་ཐོག་དེ་ལ་དོ་སྣང་ཆེན་པོ་མ་བྱས།དེ་ནས་དུས་ཡུན་ངེས་ཅན་ཞིག་འདས་རྗེས། སྒྲོལ་མའི་ལུས་ཡོངས་མི་བདེ་བར་གྱུར་ནས་མགོ་ཡུ་འཁོར་བ་དང་སྐྱུག་རྒྱུ་ཡོང་བཞིན་ཡོད། རྗེས་སུ་སྨན་ཁང་དུ་སོང་ནས་བརྟག་དཔྱད་བྱས་པ་ན། སྐྲ་བཀྲུ་འདག་རྫས་དེ་བཀོལ་ནས་གནོད་སྐྱོན་བཟོས་པར་གཏན་འཁེལ་བྱས། སྒྲོལ་མ་དང་ངེད་གཉིས་སྐྲ་བཀྲུ་འདག་རྫས་བཙོང་ས་དེར་སོང་ནས་བཙལ་བ་ན་ཁོ་ཚོ་སྔ་མོ་ནས་གནས་དེ་དང་ཁ་བྲལ་སོང་། དེ་ནས་སྒྲོལ་མས་དྲིལ་སྒྲོག་བརྡ་ཁྱབ་དེ་དྲིལ་སྒྲོག་རྫུན་མ་ཡིན་པར་ཁ་གཡར་ནས་དྲིལ་སྒྲོག་བརྡ་ཁྱབ་ཀུང་སི་ལ་སྐྱིན་ཚབ་གཞལ་དགོས་པའི་རེ་བ་བཏོན་མོད། འོན་ཀྱང་དྲིལ་སྒྲོག་བརྡ་ཁྱབ་ཀུང་སིས་བརྡ་ཁྱབ་རྫུན་མ་ཡིན་པ་མ་ཤེས་ཟེར་བཞིན་སྒྲོལ་མའི་རེ་བ་དང་ལེན་མ་བྱས། འདིར་ཁྱེད་བཅའ་ཁྲིམས་བློ་སྟོན་ཁང་ལ་དྲི་རྒྱུ་ཞིག་ཡོད་པ་ནི་བརྡ་ཁྱབ་ཀྱིས་བསླུ་བྲིད་བཏང་ནས་སྐྲ་བཀྲུ་འདག་རྫས་ཉོ་རུ་བཅུག་སྟེ་མི་ལུས་ལ་གནོད་འཚེ་ཐེབས་ན་སུས་འགན་འཁུར་དགོས།

ཞེས་ཟླ་བ་ལྷ་མོ་ཡིས།

བློ་མཐུན་ཟླ་བ་ལྷ་མོ་ལགས།

གོང་གི་གྱོད་དོན་འདིར་གཞིགས་ན། བརྡ་ཁྱབ་སྤེལ་མཁན་གྱིས་སྐྱིན་ཚབ་འགན་འཁུར་དགོས་ཏེ། རང་རྒྱལ་གྱི《འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་བཅའ་ཁྲིམས》ཀྱི་དོན་ཚན45པའི་གཏན་འཁེལ་ལྟར་ན། “ཚོང་གཉེར་མཁན་གྱིས་འཛད་སྤྱོད་པར་བརྡ་ཁྱབ་རྫུན་མའམ་ཡང་ན་དྲིལ་སྒྲོག་རྫུན་མའི་བྱེད་ཐབས་སྤྱད་ནས་ཚོང་རྫས་དང་ཞབས་ཕྱི་མཁོ་སྤྲོད་བྱས་ཏེ། དེའི་ཁྲིམས་མཐུན་ཁེ་དབང་ལ་གནོད་སྐྱོན་བཟོས་ན་ཚོང་གཉེར་མཁན་ལ་སྐྱིན་ཚབ་གཞལ་དགོས་པའི་རེ་བ་བཏོན་ཆོག”ཅེས་བཀོད་ཡོད། བརྡ་ཁྱབ་སྟེར་མཁན་དང་ཡོངས་བསྒྲགས་མཁན་གྱིས་ཚོང་གཉེར་མཁན་གྱི་དངོས་མིང་དང་སྡོད་གནས། འབྲེལ་གཏུག་བྱ་ཡུལ་སོགས་མཁོ་སྤྲོད་བྱེད་མ་ཐུབ་ན་སྐྱིན་ཚབ་གཞལ་དགོས། དེ་བས། བརྡ་ཁྱབ་ཡོངས་བསྒྲགས་མཁན་གྱིས་ཚོང་གཉེར་མཁན་གྱི་ཆ་འཕྲིན་མཁོ་སྤྲོད་བྱེད་མ་ཐུབ་པར་སྒྲོལ་མའི་ཁེ་དབང་ལ་སྲུང་སྐྱོང་བྱེད་མི་ཐུབ་ཚེ། བརྡ་ཁྱབ་དྲིལ་སྒྲོག་མཁན་གྱིས་སྒྲོལ་མའི་གྱོང་གུད་ལ་སྐྱིན་ཚབ་གཞལ་འགན་འཁུར་དགོས།

ཞེས་འདི་གའི་བཅའ་ཁྲིམས་བློ་སྟོན་ཁང་གིས།

ང་ཚོའི་གནས་ཚུལ། འགན་འཁུར་གསལ་བསྒྲགས། འབྲེལ་གཏུག་བྱེད་ཡུལ།
Copyright © 2005-2023   མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
青ICP备19000163号-70 འབྲེལ་གཏུགས་ཁ་པར། 0971-8456487
 
འདག་རྫས་ཀྱིས་མི་ལུས་ལ་གནོད་འཚེ་བཟོས་ན་སུས་འགན་འཁུར་དགོས།

ཡོང་ཁུངས། མཚོ་སྔོན་བོད་ཡིག་ཁྲིམས་ལུགས་ཚགས་པར།

རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།