ཁྱེད་ཀྱི་མིག་སྔའི་གནས།: མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ཞབས་ཕྱི།ཡུལ་སྐོར།
རང་ཞིང་གི་ས་གནས་སོ་སོས་སྟོན་ཁའི་ཡུལ་སྐོར་གྱི་སྒོ་འཕར་ཕྱེས་པ།
ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།  རྩོམ་སྒྲིག་པ། ཁོན་ཐར་འཚོ།  
སྤེལ་དུས། 2023-09-21 14:55:51

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ9པའི་ནང་། མཚོ་སྔོན་གྱི་རྨ་ཙོང་རོང་ས་ནས་མཚོ་སྔོན་པོ་དང་། གཏེར་ལེན་ཁ་ནས་ཚྭ་འདམ་གཞོང་གི་བར་ལ་སྟོན་ཁའི་ལྗོངས་རིས་ཡིད་དུ་འོང་བ་ཞིག་མངོན་ལ། ལྷག་པར་དུ་ཟླ་མཆོད་དུས་ཆེན་དང་། རྒྱལ་སྟོན་དུས་ཆེན་གྱི་གུང་གསེང་བསླེབས་ལ་ཉེ་བས་རང་ཞིང་གི་ས་ཁུལ་སོ་སོས་སྟོན་དུས་ཀྱི་མཛེས་ལྗོངས་ལ་མྱོང་བའི་ཡུལ་སྐོར་གྱི་སྒོ་མོ་ཕྱེ་མགོ་བརྩམས།

       ཟླ9ཚེས19ཉིན། གསར་འགོད་པས་ཡུལ་སྐོར་ལས་དོན་ཁང་ཁག་ཅིག་ནས་རྒྱུས་ལོན་པ་ལྟར་ན།  ད་ལོའི་རྒྱལ་སྟོན་དུས་ཆེན་རིང་དུ། ཡུལ་སྐོར་ཁྲོམ་རས་ཉེ་བའི་ལོ་གསུམ་རིང་ལ་སྐུ་མགྲོན་ཆེས་མང་པོའི་དུས་ཚིགས་ཤིག་མི་བསུ་རང་བསུ་རུ་ཆགས་འདུག་སྟེ།  ཟླ9བའི་ཟླ་མགོ་ནས་བཟུང་།  ཡུལ་སྐོར་ལས་དོན་ཁང་ལ་རྩད་འདྲི་བྱེད་མཁན་སྐུ་མགྲོན་གྱི་མི་འབོར་དང་ཚོགས་པའི་ཡུལ་སྐོར་ལ་ཐོ་འགོད་བྱེད་མཁན་གྱི་མི་གྲངས་རྒྱུན་ཆད་མེད་པར་འཕར་བཞིན་ཡོད། 

 རྒྱལ་སྟོན་དུས་ཆེན་རིང་དུ། ཞིང་ཆེན་ནང་ཁུལ་གྱི་སྐུ་མགྲོན་གྱིས་ཉིན་གསུམ་ནས་བཞི་ཡི་དུས་ཐུང་གི་ཡུལ་སྐོར་ལམ་ཐིག་དང་། ཉིན་དྲུག་ནས་བརྒྱད་ཅན་གྱི་ལམ་ཐག་རིང་ཤོས་ཀྱི་ཡུལ་སྐོར་འདེམ་མཁན་མང་།  ཡང་གྲོང་མི་ལ་ལས་ལོ་གཅིག་གི་ངལ་གསོའི་གུང་གསེང་ཁར་བསྣན་ནས་ཉིན10ཡན་གྱི་གུང་གསེང་གཏང་འདོད་པ་ལ་སོགས་བཀོད་སྒྲིག་རྒྱག་བཞིན་ཡོད་པས། ཡུལ་སྐོར་བྱེད་སྟངས་སྣ་མང་དུ་གྱུར་ཡོད།  དེ་ལས་ཟླ9ཚེས30ཉིན་ཡུལ་སྐོར་དུ་སྐྱོད་མཁན་སྐུ་མགྲོན་ནི་མང་ཤོས་རེད།  གཞན་ཞིང་ཆེན་ཕྱིར་ཡུལ་སྐོར་བྱེད་པའི་རྩད་འདྲི་མཁན་ཡང་ཇེ་མང་དུ་ཕྱིན་ལ། དྲ་ཐོག་གི་སྟེགས་བུར་ཡང་ཡུལ་སྐོར་བསུ་བའི་ཚ་རླབས་ཤིག་འཕྱུར་བཞིན་ཡོད། 

མཱ་ཧྥེང་སྦྲང་ཚང་དང་། ཐུ་ཉིག་སོགས་ཡུལ་སྐོར་འཕྲིན་སྟེགས་དུ་མའི་གཞི་གྲངས་ལྟར་ན།  གསར་བརྗེ་སློབ་གསོ་རྟེན་གཞི་དང་། གསར་བརྗེ་དྲན་གསོ་ཁང་སོགས་ནི་ན་གཞོན་ཡུལ་སྐོར་བ་དང་མ་བུ་ཡུལ་སྐོར་མཁན་གྱིས་དོ་སྣང་ཆེན་པོ་བྱེད་པའི་དམར་པོའི་ཡུལ་སྐོར་ལྗོངས་ཁུལ་ཡིན་པ་རེད།   ད་ལོའི་དབྱར་གནང་དུའང་མཚོ་སྔོན་གྱི་གསར་བརྗེ་ཡུལ་སྐོར་ཁྲོམ་རའི་ནང་། གཙོ་བོ་མ་བུ་ཡུལ་སྐོར་མཁན་དང་ཁེ་ལས་དོན་ལས་ལས་ཁུངས་ཀྱི་ཡུལ་སྐོར་པ་མང་ཤོས་སུ་ཆགས་ཡོད།  རྒྱལ་སྟོན་དུས་ཆེན་གྱི་སྐབས་སུའང་སྐུ་མགྲོན་མང་ཤོས་ཤིག་མཚོ་སྔོན་གྱི་གསར་བརྗེ་ཡུལ་སྐོར་ལྗོངས་ཁུལ་ལ་ཕེབས་ངེས་ཡིན། ཟླ9ཚེས18ཉིན།  མཚོ་སྔོན་ཞིང་ཆེན་རིག་གནས་ཡུལ་སྐོར་ཐིང་གིས་ཟི་ལིང་ཉེ་འཁོར་གྱི་ལྗོངས་ཁུལ་ཁག་ཅིག་འོས་སྦྱོར་བྱས་འདུག་ལ། དེ་ལས་ངེད་གསར་འགོད་པས་ལྗོངས་ཁུལ་ཁག་ཅིག་འདེམས་ནས་ཀུན་ལ་ཤེས་སུ་བཅུག་ན་འདི་ལྟར། 

མཚོ་བོད་མཐོ་སྒང་གི་རི་སྐྱེས་སྲོག་ཆགས་ར་བ། (青藏高原野生动物园)

ར་བ་དེ་ནི་མཚོ་བོད་མཐོ་སྒང་གི་མཚོ་འཕགས་མཐོ་ཤོས་སུ་བཙུགས་པའི་རི་སྐྱེས་སྲོག་ཆགས་ཕྱོགས་འདུས་ཅན་གྱི་ར་བ་ཆེ་ཤོས་གཅིག་པུ་ཡིན་ཞིང་།  དེར་གསའ་ད་ང་། དགོད་དམར། བྱེ་ཐང་ཞི་ལ། འབྲོང་སོགས་རང་ཅག་མཐོ་སྒང་དུ་མ་གཏོགས་མེད་པའི་རི་སྐྱེས་སྲོག་ཆགས་དང་དོམ་ཁྲ་སོགས་ཡོད་པས། མ་བུ་ཡུལ་སྐོར་ལ་ཧ་ཅང་འཚམ། 

 ཞིན་ཧྭ་ལིན་བྱིས་པའི་རྩེད་ར། (新华联童梦乐园)
       
ཞིན་ཧྭ་ལིན་བྱིས་པའི་རྩེད་ར་ནི་མཚོ་སྔོན་གྱི་བྱིས་པའི་རྩེད་ར་གཞིར་བཟུང་ནས་བསྐྲུན་པའི་དགའ་ཚལ་ཐོག་མ་ཡིན་ཞིང་། དེར་ཟི་ལིང་གི་རྒྱ་མཚོ་ཆེན་མོའི་ཁམས་ལ་ལྟ་བའི་ཚན་རིག་ཁྱབ་གདལ་ཁང་དང་།  སེ་འབྲུའི་སྙིང་བོ་གླིང་།  དར་གོས་ཚོང་ལམ་གྱི་གྲོང་རྡལ་ཆུང་བ།   སྐམ་སའི་དགའ་ཚལ།  བྱིས་པའི་ཆུ་ཡི་འཇིག་རྟེན།  བྱིས་སྣང་གི་རྒྱལ་ས།    ཞིན་ཧྭ་ལིན་རྒྱལ་སྤྱིའི་ཡུལ་སྐོར་གྲོང་མགྲོན་ཁང་ལ་སོགས་ཟས་སྡོད་ཡུལ་སྐོར་ཉོ་ཚོང་རྩེད་འཇོ་སོགས་གཞི་གཅིག་ཏུ་དྲིལ་བའི་རིག་གནས་ཡུལ་སྐོར་བྱེད་ས་ཆེན་པོ་ཞིག་ཡིན། 

རྟ་ཐང་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་གི་སྤེན་མ་ལུང་པའི་མེ་ཏོག་གི་ལྗོངས་ཁུལ། (大通回族土族自治县边麻沟花海景区)

ལུང་པ་དེར་མིག་ལ་སྡུག་པའི་མེ་ཏོག་སྣ་སུམ་ཅུ་ལྷག་ཅིག་བཏབས་ཡོད་པས། ཁམས་གཡེང་དང་སྤྲོ་གསེང་བྱེད་སའི་མཛེས་ལྗོངས་ཁུལ་ཞིག་ཡིན །  

ཞང་ཆུ་ཁ་གཡང་རི་ཀླུང་ལྗོངས་རྒྱུ་སྤྲོ་གསེང་ལྗོངས་ཁུལ། (乡趣卡阳户外旅游度假景区)

ལྗོངས་ཁུལ་དུ་ནགས་ཚལ་ཐོན་ཁུངས་ཧ་ཅང་ཕུན་སུམ་ཚོགས་ལ། ཟི་ལིང་དང་ཉེ་བའི་གདོད་མའི་ནགས་ཁུལ་ཞིག་ཡིན།   ད་སྔ་ཞང་ཆུ་ཁ་གཡང་ལྗོངས་ཁུལ་དེ་ནགས་ཚལ་དང་། སྤྲོ་གསེང་།  ཁམས་གསོ།  རོལ་རྩེད།  ཁྱད་ལྡན་བཟའ་བཏུང་བཅས་སྣ་འཛོམས་ཤིང་།  མཐོ་སྒང་གི་རིག་གནས་དང་ནགས་ཚལ་རིག་གནས། རྨོ་འདེབས་རིག་གནས་གཞི་གཅིག་ཏུ་དྲིལ་བའི་སྐྱེ་ཁམས་ཡུལ་སྐོར་ལྗོངས་ཁུལ་ཞིག་ཡིན། 

ཧོང་གྲོང་ཧོར་རིགས་རང་སྐྱོང་རྫོང་གི་གྲོ་གྲ་ཐང་སྐྱེ་ཁམས་ལྗོངས་ཁུལ། (互助土族自治县卓扎滩生态景区)

      ཡུལ་སྐོར་བས་ལྗོངས་ཁུལ་དུ་འཇའ་ཚོན་ཤུད་ལམ་དང་། འཕྲུལ་སྣང་འདྲེས་ཁང་།   དྲ་གྲགས་ཟམ་པ།  ཆུ་ཐོག་དགའ་ཚལ། བྱིས་པའི་རྩེད་ར།   སྤྲོ་གཡེང་ཉམས་རོལ།   མེ་འཁོར་ཆུང་ངུ་སོགས་རྣམ་གྲངས་མང་པོ་ཡོད། 
 
ལོ་ཙཱ་བ། ཁོན་ཐར་འཚོ། 

ང་ཚོའི་གནས་ཚུལ། འགན་འཁུར་གསལ་བསྒྲགས། འབྲེལ་གཏུག་བྱེད་ཡུལ།
Copyright © 2005-2023   མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
青ICP备19000163号-70 འབྲེལ་གཏུགས་ཁ་པར། 0971-8456487
 
རང་ཞིང་གི་ས་གནས་སོ་སོས་སྟོན་ཁའི་ཡུལ་སྐོར་གྱི་སྒོ་འཕར་ཕྱེས་པ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

རྩོམ་སྒྲིག་པ། ཁོན་ཐར་འཚོ།