ཁྱེད་ཀྱི་མིག་སྔའི་གནས།: མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ཞབས་ཕྱི།དམངས་ཚིས་སྐོར།
མཚོ་སྔོན་ཞིང་ཆེན་གྱིས་རྒུད་སྐྱོབ་དངོས་ཟོག་ཕྱིར་བསྡུ་དང་བེད་མེད་དུ་གཏང་བར་བྱེད་ཐབས་བཏོན།
ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།  རྩོམ་སྒྲིག་པ། ཁོན་ཐར་འཚོ།  
སྤེལ་དུས། 2023-09-20 15:33:02

ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ་བརྗོད་གཞིར་བཟུང་བའི་སློབ་གསོར་སྐུལ་འདེད་ཧུར་ཐག་གཏང་ཆེད། མཚོ་སྔོན་ཞིང་ཆེན་འཕྲལ་བསྟུན་དོ་དམ་ཐིང་དང་། ཞིང་ཆེན་ནོར་སྲིད་ཐིང་གཉིས་ཀྱིས་རྒུད་སྐྱོབ་དངོས་ཟོག་གསོག་ཉར་གནས་ཚུལ་ལ་རྟོག་ཞིབ་ཞིབ་འཇུག་བྱས་པའི་རྨང་གཞིའི་སྟེང་།  རྒུད་སྐྱོབ་དངོས་ཟོག་བཀོལ་སྤྱོད་དང་དོ་དམ་ཕྱོགས་ལ་གནས་པའི་གནད་དོན་དམིགས་སུ་བཟུང་སྟེ།  《མཚོ་སྔོན་ཞིང་ཆེན་རྒུད་སྐྱོབ་དངོས་ཟོག་ཕྱིར་བསྡུ་དང་བེད་མེད་དུ་གཏང་བའི་བྱེད་ཐབས》མཉམ་འབྲེལ་ཐོག་པར་དུ་བསྐྲུན་ནས་རང་ཞིང་གི་རྒུད་སྐྱོབ་དངོས་ཟོག་ཕྱིར་བསྡུ་དང་བེད་མེད་དུ་གཏང་བའི་དོ་དམ་ཕྱོགས་ལ་ཤུགས་བསྣན་པ་རེད། 

《བྱེད་ཐབས》ལ་ཁྱོན་དོན་ཚན15ཡོད་ཅིང་། གཞི་རྟེན་དང་སྤྱི་དོན་གསལ་འབེབས་བྱས་ཏེ།   དངོས་ཟོག་ཕྱིར་བསྡུ་དང་བེད་མེད་དུ་གཏང་བའི་ཐད་ལ་བྱེ་བྲག་གི་གཏན་འབེབས་བཟོས།  《བྱེད་ཐབས》ནང་དུ་རྒུད་སྐྱོབ་དངོས་ཟོག་དེ་ཕྱིར་བསྡུ་དངོས་ཟོག་དང་ཕྱིར་བསྡུ་མ་ཡིན་པའི་དངོས་ཟོག་རིགས་གཉིས་ཕྱེས། 

《བྱེད་ཐབས》ནང་དུ།  རྒུད་སྐྱོབ་དངོས་ཟོག་བགོ་སྤྲོད་བྱས་རྗེས།    བདག་དབང་བཀོལ་སྤྱོད་ཀྱི་དབང་ཆ་ས་གནས་ཀྱི་འཕྲལ་བསྟུན་སྡེ་ཚན་ལ་དབང་བ་ཡིན་པས།  བཀོལ་སྤྱོད་མཁན་འཕྲལ་བསྟུན་སྡེ་ཚན་གྱིས་སྒྲིག་འཛུགས་ཐོག་གཤམ་སྤྲོད་དང་བཀོལ་སྤྱོད།  ཕྱིར་བསྡུ་བཅས་ཀྱི་འགན་ཁུར་དགོས་པ་ཡིན།   རྒུད་སྐྱོབ་དངོས་ཟོག་དག་བཀོལ་སྤྱོད་བྱས་རྗེས་གནོད་ཐེབས་མང་ཚོགས་ལ་ཐད་ཀར་དུ་སྤྲད་པ་མ་ཡིན་པའི་སྦྲ་གུར་དང་།  བཀོལ་བདེའི་ཁང་པ།   ཆུ་གཙང་བཟོ་སྒྲིག་ཆས།  གློག་ཆས་ཆེ་ཤོས།  གློག་འདོན་འཕྲུལ་ཆས་སོགས་ཕྱིར་བསྡུ་དགོས་པའི་དངོས་ཟོག་རིགས་ངེས་པར་དུ་ཕྱིར་བསྡུ་དགོས།   གནོད་ཐེབས་མང་ཚོགས་ལ་སྤྲད་པ་ཡིན་པའི་སྦྲ་གུར་སོགས་དངོས་ཟོག་རྣམས་དངོས་ཟོག་གི་བཀོལ་སྤྱོད་དུས་ཡུན་དང་།  བརླགས་པའི་ཚད།  ཕྱིར་བསྡུའི་རིན་ཐང་སོགས་ལ་གཞིགས་ནས་ཕྱིར་བསྡུ་དགོས།  སྦྲ་གུར་སོགས་རིན་གོང་ཅུང་མཐོ་བའི་དངོས་ཟོག་ཕྱིར་བསྡུ་དུས་ཧྲུལ་བོར་གྱུར་དང་ཐོར་བ་དག་ལས་ལྷན་པ་རྒྱག་ཐུབ་པ་ལྷན་པ་རྒྱག་པ་དང་། འཚེམ་དགོས་པ་འཚེམ་དགོས།   ལྷུ་ལག་མི་ཚང་བ་དང་ཆག་སྐྱོན་ཤོར་བ། བོར་བརླག་ཏུ་སོང་བ་དག་ཀྱང་བསྒྲིག་ཐུབ་པ་ཅི་ནུས་ཀྱིས་བསྒྲིགས་ནས་ཡང་བསྐྱར་བཀོལ་སྤྱོད་ཐུབ་པ་བྱས་ནས་ཚད་ངེས་ཅན་ནང་རྒུད་སྐྱོབ་དངོས་ཟོག་ཕྱིར་བསྡུ་ཚད་དང་རེས་མོས་བེད་སྤྱོད་བྱེད་ཚད་ཇེ་མཐོར་གཏང་དགོས་པ་གཏན་འབེབས་བྱས་འདུག  

《བྱེད་ཐབས》ནང་དུ། ད་དུང་བཀོལ་སྤྱོད་བྱས་རྗེས་སུ་ཕྱིར་བསྡུ་རིགས་སུ་མི་གཏོགས་པའམ་ཆག་སྐྱོན་དང་ཡང་ན་འཐོར་ཞིག་ཚབས་ཆེན་བྱུང་ནས་བེད་སྤྱོད་གཏང་ཐབས་མེད་པ་དང་།  ཕྱིར་བསྡུའི་མ་རྩ་དེ་ཐོག་མའི་རིན་གོང་ལས་ཀྱང་མཐོ་བའི་དངོས་ཟོག་རིགས་ཕྱིར་མི་བསྡུ་བ།  འཕྲལ་བསྟུན་དོ་དམ་སྡེ་ཚན་གྱིས་རྒུད་སྐྱོབ་དངོས་ཟོག་བེད་སྤྱོད་བྱེད་མཁན་དག་ལ་དགོས་ངེས་ཀྱི་སློབ་སྟོན་མཛད་དེ།  བཀོལ་སྤྱོད་མཁན་གྱིས་རྒུད་སྐྱོབ་དངོས་ཟོག་ལ་བདག་སྐྱོང་བྱེད་དགོས་པར་མ་ཟད།  ཕྱིར་འཚོང་མི་ཆོག་པ་དང་། ཕྱིར་གླ་མི་ཆོག་པ།  གང་འདོད་དུ་གཡུགས་མི་རུང་བར་འགན་ལེན་བྱེད་དུ་འཇུག་དགོས།    མིས་བསམ་བཞིན་ཏུ་བརླག་པ་མ་ཡིན་ཡང་ཡང་བསྐྱར་བཀོལ་སྤྱོད་བྱེད་མི་ཐུབ་པ།  ཡང་ན་ཉར་འཇོག་གི་ལོ་ཚད་ལས་བརྒལ་ཏེ་བཀོལ་སྤྱོད་བྱེད་མི་ཐུབ་པ་དག་བདག་དོམ་གྱི་དབང་ཚད་དང་གོ་རིམ་བཞིན་བེད་མེད་དུ་གཡུག་དགོས་པའི་སྙན་ཞུ་རྒྱག་དགོས་ལས་ཆོག་མཆན་མ་ཐོབ་པར་རང་དགར་རྩིས་མེད་དུ་བཏང་ནས་གཡུགས་མི་རུང་།  བེད་མེད་དུ་བསྐྱུར་བའི་དངོས་ཟོག་ལས་བེད་སྤྱོད་ཆོག་པའི་ཆ་ཤས་དེ་བེད་སྤྱོད་གང་ལེགས་དགོས་པ་དང་།  བེད་སྤྱོད་བྱེད་རིན་མེད་ན་གཉེར་སྐྱོང་ཐོབ་ཐང་ཚད་ལྡན་ཅན་གྱི་ཁེ་ལས་སམ་གཉེར་སྐྱོང་ལས་ཁུངས་བར་གྲོས་ཆིངས་བཞག་ཏེ།  བེད་མེད་དངོས་ཟོག་སྤྱི་ཚོགས་སུ་མ་ཁྱབ་གོང་ཡང་བསྐྱར་ལས་སྣོན་བྱས་ནས་ཐག་བཅད་ཆོག    རྒུད་སྐྱོབ་དངོས་ཟོག་ཕྱིར་བསྡུའི་གོ་རིམ་ཁྲོད་དང་བེད་མེད་དུ་གཏོང་བའི་གོ་རིམ་ཁྲོད་ཀྱི་འགྲོ་གྲོན་དེ་དངོས་ཟོག་གི་དབང་ཆ་ཡོད་པའི་འཕྲལ་བསྟུན་སྡེ་ཚན་གྱི་སྔོན་རྩིས་བཀོད་སྒྲིག་ནང་འཇུག་དགོས།   འབྲེལ་ཡོད་ཀྱི་ཁྲལ་དངུལ་དང་ལག་རྩལ་གསལ་འབྱེད་ཀྱི་གྲོན་དངུལ་འཐེན་རྗེས་ཀྱི་འབྲེལ་ཡོད་ཐག་གཅོད་ཀྱི་ཡོང་འབབ་དེ་སྲིད་གཞུང་གི་ཁྲལ་འབབ་མ་ཡིན་པའི་ངོས་ནས་རྒྱལ་མཛོད་ཀྱི་ཕྱོགས་བསྡུས་ཁྲལ་འཇལ་དོ་དམ་གྱི་འབྲེལ་ཡོད་གཏན་འབེབས་ལྟར་ལམ་སང་རྒྱལ་མཛོད་དུ་འཇོག་དགོས་པ་གཏན་འབེབས་བྱས་འདུག་གོ།
 
ལོ་ཙཱ་བ།  ཁོན་ཐར་འཚོ། 

ང་ཚོའི་གནས་ཚུལ། འགན་འཁུར་གསལ་བསྒྲགས། འབྲེལ་གཏུག་བྱེད་ཡུལ།
Copyright © 2005-2023   མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
青ICP备19000163号-70 འབྲེལ་གཏུགས་ཁ་པར། 0971-8456487
 
མཚོ་སྔོན་ཞིང་ཆེན་གྱིས་རྒུད་སྐྱོབ་དངོས་ཟོག་ཕྱིར་བསྡུ་དང་བེད་མེད་དུ་གཏང་བར་བྱེད་ཐབས་བཏོན།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

རྩོམ་སྒྲིག་པ། ཁོན་ཐར་འཚོ།