བོད་ཀྱི་སྨན་ལུམས་ཀྱིས་ནད་བཅོས་ཐུབ་བམ།
ཡོང་ཁུངས། མི་དམངས་དྲ་བ།
རྩོམ་སྒྲིག་པ། ལྷ་ཆེན་རྒྱལ།
སྤེལ་དུས། 2023-09-13 11:42:15
ཨེ་ཅིབ་ཀྱི་བྱེ་ལུམས་དང་། འཇར་མན་གྱི་སྦི་རག་ལུམས། ཐུར་ཁེའི་རླངས་ལུམས་སོགས་འཛམ་གླིང་གི་ཡུལ་གྲུ་ཁག་ཏུ་ལུམས་རྒྱག་སྟངས་རྣམ་པ་སྣ་ཚོགས་ལ་བརྟེན། མི་རྣམས་ཀྱི་ལུས་སེམས་ལྷོད་ལ་བབས་ནས་ན་ཟུག་ཞི་ལྷོད་དུ་བཏང་སྟེ་སྨན་བཅོས་བྱེད་ཐུབ་ཀྱིན་ཡོད། ཤར་ཕྱོགས་ཀྱི་གངས་ལྗོངས་ས་མཐོར་བོད་རིགས་མི་དམངས་ཀྱིས“བདུད་རྩི་ལྔ་ལུམས”ལ་བརྟེན་པ་དང་སྨན་ལུམས་ཀྱི་རྣམ་པའི་ཐོག་ནས་གྲུམ་ནད་སོགས་བཅོས་ཀྱི་ཡོད། 2018ལོར། “བོད་ཀྱི་གསོ་བ་རིག་པའི་སྨན་ལུམས”དེ་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་བརྩམས་ཆོས་ཀྱི་མིང་གཞུང་ནང་དངོས་སུ་བཅུག་ཡོད། དེ་ཡིས་སྨན་ལུམས་ཀྱི་ནད་ཐོག་ལག་ལེན་ལ་སྐུལ་འདེད་བཏང་བ་མ་ཟད། བོད་ཀྱི་གསོ་རིག་རྒྱུན་འཛིན་དང་འཕེལ་རྒྱས་འགྲོ་རྒྱུར་ཡང་སྐུལ་འདེད་བཏང་ཡོད།