ཁྱེད་ཀྱི་མིག་སྔའི་གནས།: མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ཞབས་ཕྱི།དྲི་བའི་སྐོར།
འགན་གཙང་ལེན་ས་ཞིང་ཤུལ་དངོས་ལྟར་རྒྱུན་འཛིན་བྱེད་ཆོག་གམ།
ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།  རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།  
སྤེལ་དུས། 2023-09-11 13:16:05

གྱོད་དཔེ།

འབྲུག་སྐྱིད་དང་བཀྲ་ཤིས་གཉིས་ནི་གཅེན་གཅུང་ཡིན། ཞིང་སྡེའི་ས་ཞིང་ཁྱིམ་ཚང་གིས་འགན་གཙང་ལེན་བྱེད་ཐེངས་དང་པོའི་སྐབས་སུ། འབྲུག་སྐྱིད་དང་བཀྲ་ཤིས་ཀྱིས་ཁོ་གཉིས་ཀྱི་ཕ་མ་སྟེ་ཨ་ཁུ་ཀླུ་རྒྱལ་དང་ཨ་ནེ་ལྷ་སྒྲོན་གཉིས་དང་མཉམ་དུ་ཁྱིམ་གཅིག་ཏུ་འཚོ་བ་རོལ་བཞིན་ཡོད། སྐབས་དེར། ཨ་ཁུ་ཀླུ་རྒྱལ་ཚང་ལ་ས་ཞིང་མུའུ6.68ཀྱི་འགན་གཙང་ལེན་གཉེར་སྐྱོང་དབང་ཆ་ཐོབ། དེའི་རྗེས་སུ་འབྲུག་སྐྱིད་དང་བཀྲ་ཤིས་གཉིས་སྔ་གཞུག་ཏུ་གཉེན་བསྒྲིགས་ཏེ་རང་རང་ས་ནས་ཁྱིམ་གཞི་བཅོས། ཞིང་སྡེའི་ས་ཞིང་ཁྱིམ་ཚང་གིས་འགན་གཙང་ལེན་བྱེད་ཐེངས་གཉིས་པའི་སྐབས་སུ། ས་གནས་དེ་གའི་ཞིང་སྡེའི་ཐུན་མོང་དཔལ་འབྱོར་རྩ་འཛུགས་ཀྱིས་ཨ་ཁུ་ཀླུ་རྒྱལ་ཚང་གི་སྔར་ཡོད་ས་ཞིང་མུའུ6.68པོའི་འགན་གཙང་ལེན་གཉེར་སྐྱོང་དབང་ཆ་ཡང་བསྐྱར་དབྱེ་བགོ་བྱས་པ་དང་། དེ་ལས་བཀྲ་ཤིས་ཚང་ལ་ས་ཞིང་མུའུ1.8ཀྱི་འགན་གཙང་ལེན་གཉེར་སྐྱོང་དབང་ཆ་ཐོབ་པ་དང་། འབྲུག་སྐྱིད་ཚང་ལ་ས་ཞིང་མུའུ3.34ཡི་འགན་གཙང་ལེན་གཉེར་སྐྱོང་དབང་ཆ་ཐོབ་ལ། ཨ་ཁུ་ཀླུ་རྒྱལ་ཚང་ལ་ས་ཞིང་མུའུ1.54ཡི་འགན་གཙང་ལེན་གཉེར་སྐྱོང་དབང་ཆ་ཐོབ། ཁྱིམ་ཚང་གསུམ་པོར་དེ་མཐུན་གྱི་འགན་གཙང་ལེན་གཉེར་སྐྱོང་དབང་ཆའི་འཛིན་ཡིག་བྱིན། དེའི་རྗེས་སུ། ཨ་ཁུ་ཀླུ་རྒྱལ་ཚང་གིས་འགན་གཙང་ལེན་བྱས་ཡོད་པའི་ས་ཞིང་མུའུ1.54པོ་དེ་རང་སྡེ་བའི་སྡེ་མི་བསམ་གཏན་ཚང་ལ་བསྒྱུར་སྤྲོད་བྱས་ནས་གཉེར་སྐྱོང་བྱེད་དུ་བཅུག བསྒྱུར་སྤྲོད་གྲོས་མཐུན་ཡི་གེའི་སྟེང་འབྲུག་སྐྱིད་ཀྱིས་ཨ་ཁུ་ཀླུ་རྒྱལ་ཚང་གི་ཚབ་བྱས་ནས་མིང་རྟགས་བཀོད། ཨ་ཁུ་ཀླུ་རྒྱལ་དང་ཨ་ནེ་ལྷ་སྒྲོན་བཟའ་ཟླ་གཉིས་སྔ་གཞུག་ཏུ་ཚེ་ལས་འདས་རྗེས། དེ་སྔོན་ཨ་ཁུ་ཀླུ་རྒྱལ་ཚང་གིས་འགན་གཙང་ལེན་བྱས་པའི་ས་ཞིང་མུའུ1.54པོ་དེ་བསྒྱུར་སྤྲོད་བྱས་པའི་ཡོང་སྒོ་འབྲུག་སྐྱིད་ཀྱིས་བདག་བཟུང་བྱས། བཀྲ་ཤིས་ཀྱིས་ཁོ་རང་ལ་ཡང་ཨ་ཁུ་ཀླུ་རྒྱལ་ཚང་གིས་འགན་གཙང་ལེན་བྱས་པའི་ས་ཞིང་དེ་རྒྱུན་འཛིན་བྱེད་རྒྱུའི་དབང་ཆ་ཕྱེད་ཀ་ཡོད་པར་བསམས་ནས། ཁོར་དབང་བའི་ས་ཞིང་དེ་ཕྱིར་སྟེར་བའི་རེ་བ་བཏོན།

དབྱེ་ཞིབ།

ཞིང་སྡེའི་ས་ཞིང་འགན་གཙང་ལེན་གཉེར་སྐྱོང་དབང་ཆ་རྒྱུན་འཛིན་བྱེད་ཆོག་མིན་གྱི་ཐད་ནས་རྩོད་གླེང་མང་པོ་མཆིས་ཏེ། ཞིང་སྡེའི་ས་ཞིང་འགན་གཙང་ལེན་གཉེར་སྐྱོང་དབང་ཆ་ནི་ཞིང་པའི་ཁྱིམ་ཚང་ལ་དབང་བ་ལས། ཞིང་པའི་ཁྱིམ་ཚང་གི་ཁོངས་མི་སྒེར་ལ་དབང་བ་མིན། 《དམངས་དོན་ཁྲིམས་གཞུང》གི་དོན་ཚན1122པར་གཏན་འབེབས་བྱས་དོན། ཤུལ་དངོས་ནི་རང་བྱུང་མི་ཚེ་ལས་འདའ་ཁར་མི་སྒེར་གྱིས་ཤུལ་དུ་བཞག་པའི་ཁྲིམས་མཐུན་རྒྱུ་ནོར་ལ་གོ་བ་ཡིན། ཞིང་སྡེའི་ས་ཞིང་འགན་གཙང་ལེན་གཉེར་སྐྱོང་དབང་ཆ་ནི་བཟའ་མི་སྒེར་ལ་མི་དབང་བ་དེས། ཞིང་སྡེའི་ས་ཞིང་འགན་གཙང་ལེན་གཉེར་སྐྱོང་དབང་ཆ་དེ་མི་སྒེར་གྱི་རྒྱུ་ནོར་དུ་མི་གཏོགས་པ་མཚོན་ཡོད་པས། རྒྱུན་འཛིན་གྱི་གནད་དོན་འབྱུང་མི་སྲིད། གལ་ཏེ་ཞིང་ཁྱིམ་གྱི་བཟའ་མི་གཅིག་ཚེ་ལས་འདས་པ་ཡིན་ན། ཞིང་ཁྱིམ་དེའི་བཟའ་མི་གཞན་དག་གིས་ཁྱིམ་ཚང་གི་མིང་ཐོག་ནས་མུ་མཐུད་དུ་མཉམ་དུ་གཉེར་སྐྱོང་བྱེད་ཆོག་ལ། འགན་གཙང་ལེན་ས་ཞིང་གི་ཁེ་དབང་སྣ་ཚོགས་འདྲ་མཉམ་ངང་ལོངས་སུ་སྤྱད་ཆོག གལ་ཏེ་ཞིང་ཁྱིམ་གཅིག་གི་ཁོངས་མི་ཡོངས་རྫོགས་ཚེ་ལས་འདས་ན། ཞིང་ཁྱིམ་དེ་ག་མེད་པར་གྱུར་སོང་བས། ཞིང་ཁྱིམ་དེ་གའི་ས་ཞིང་འགན་གཙང་ལེན་གཉེར་སྐྱོང་དབང་ཆའང་དེ་དང་བསྟུན་ནས་མེད་པར་འགྱུར་བ་ཡིན་ལ། དེ་གས་འགན་གཙང་ལེན་བྱས་ཡོད་པའི་ས་ཞིང་ཡང་ཞིང་ཁྱིམ་ཡོད་སའི་ཞིང་སྡེའི་ཐུན་མོང་དཔལ་འབྱོར་རྩ་འཛུགས་ཀྱིས་ལོགས་སུ་བགོ་བཤའ་བརྒྱབ་ཆོག གྱོད་གཞི་འདིའི་ནང་དུ། བཀྲ་ཤིས་དང་འབྲུག་སྐྱིད་གཉིས་ནི་ཨ་ཁུ་ཀླུ་རྒྱལ་དང་ཨ་ནེ་ལྷ་སྒྲོན་གཉིས་ཀྱི་བུ་ཕྲུག་ཡིན་ཡང་། བཀྲ་ཤིས་དང་འབྲུག་སྐྱིད་གཉིས་གཉེན་བསྒྲིགས་རྗེས་རང་རང་ས་ནས་ཁྱིམ་གཞི་གསར་དུ་བཅོས་ཡོད་པས། བཀྲ་ཤིས་དང་འབྲུག་སྐྱིད་གཉིས་ཨ་ཁུ་ཀླུ་རྒྱལ་དང་ཨ་ནེ་ལྷ་སྒྲོན་གཉིས་ཀྱི་བཅའ་ཁྲིམས་ངོས་ཐད་ཀྱི་ཁྱིམ་ཚང་གི་ཁོངས་མི་མིན། ཨ་ཁུ་ཀླུ་རྒྱལ་དང་ཨ་ནེ་ལྷ་སྒྲོན་གཉིས་ཚེ་ལས་འདས་རྗེས། ཁོ་ཚང་ལ་བཟའ་མི་གཞན་མེད་པས། ཨ་ཁུ་ཀླུ་རྒྱལ་ཚང་གིས་སྔོན་ཆད་འགན་གཙང་ལེན་བྱས་ཡོད་པའི་ས་ཞིང་མུའུ1.54པོ་དེ་ཞིང་སྡེའི་ཐུན་མོང་དཔལ་འབྱོར་རྩ་འཛུགས་ཀྱིས་ཕྱིར་བསྡུ་དགོས། དེ་ལྟར་ན་བཀྲ་ཤིས་དང་འབྲུག་སྐྱིད་གཉིས་ཀར་ཨ་ཁུ་ཀླུ་རྒྱལ་དང་ཨ་ནེ་ལྷ་སྒྲོན་གཉིས་ཚེ་ལས་འདས་རྗེས་ཀྱི་འགན་གཙང་ལེན་ས་ཞིང་དེ་རྒྱུན་འཛིན་བྱེད་པའི་དབང་ཆ་མེད་དོ། །

ང་ཚོའི་གནས་ཚུལ། འགན་འཁུར་གསལ་བསྒྲགས། འབྲེལ་གཏུག་བྱེད་ཡུལ།
Copyright © 2005-2023   མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
青ICP备19000163号-70 འབྲེལ་གཏུགས་ཁ་པར། 0971-8456487
 
འགན་གཙང་ལེན་ས་ཞིང་ཤུལ་དངོས་ལྟར་རྒྱུན་འཛིན་བྱེད་ཆོག་གམ།

ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།

རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།