ཁྱེད་ཀྱི་མིག་སྔའི་གནས།: མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ཞབས་ཕྱི།ཡུལ་སྐོར།
མཚོ་སྔོན་པོ་རུ་ཆུ་ཐོག་གི་ཕྱོགས་བསྡུས་འཕྲལ་སྐྱོབ་འཁྲབ་སྦྱོང་བྱས་ནས་ཡུལ་སྐོར་དུས་བཟང་སྐབས་ཀྱི་བདེ་འཇགས་འགན་ལེན་ལ་གྲ་སྒྲིག་བྱས།
ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།  རྩོམ་སྒྲིག་པ། ཁོན་ཐར་འཚོ།  
སྤེལ་དུས། 2023-09-08 16:58:00

ཚེས7ཉིན། 2023ལོའི་མཚོ་སྔོན་པོའི་ཆུ་ཐོག་གི་ཕྱོགས་བསྡུས་འཕྲལ་བསྟུན་འཕྲལ་སྐྱོབ་སྦྱོང་བརྡར་གྱི་བྱེད་སྒོ་དེ་མཚོ་སྔོན་པོའི་རྣུ་ལྕེ་ལྗོངས་ཁུལ་གྱི་གྲུ་ཁ་དང་དེའི་ཉེ་འཁོར་དུ་སྤེལ་ཞིང་། ཐེངས་དེའི་སྦྱོང་བརྡར་འཁྲབ་སྟོན་གྱིས་མཚོ་སྔོན་པོའི་ཆུ་ཐོག་འཕྲལ་བསྟུན་རོགས་སྐྱོར་ནུས་པ་སྐྱེད་སྲིང་གི་ཕན་འབྲས་ཕྱོགས་ཡོངས་ནས་ངོམ་ཡོད།

སྦྱོང་བརྡར་འཁྲབ་སྟོན་ཡོངས་མཚོ་སྔོན་པོའི་ཆུ་ཐོག་གི་ཉེན་ཁའི་གནས་ཚུལ་དང་བཟློག་ཐབས་དངོས་ལ་སྦྱར་ནས་མཚོ་སྔོན་པོའི་ཆུ་ཐོག་གི་འཕྲལ་བསྟུན་སྔོན་ཇུས་མ་ལག་དང་། རྩ་འཛུགས་བཀོད་འདོམས་ཀྱི་མ་ལག  འཕྲལ་བསྟུན་མཐུན་སྦྱོར་གྱི་ནང་རྐྱེན་ལམ་སྲོལ།  མྱུར་སྐྱོབ་རོགས་སྐྱོབ་ཀྱི་ནུས་པ་སོགས་ལ་དཔྱད་ཞིབ་ལེགས་པོ་བྱས་ནས་ཆུ་ཐོག་གི་ཉེན་ཁར་འཕྲལ་པའི་གནས་ཚུལ་རིགས་བཟློག་ཐབས་ལ་ཉམས་མྱོང་རྩ་ཆེན་བླངས་པ་ཡིན་ཞེས་མཚོ་སྔོན་པོ་ལྗོངས་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུས་ཀྱི་ཏང་ཙུའུ་ཧྲུའུ་ཅི་དང་། ཅུས་ཀྲང་ཏུང་ཧྥུ་ཧའེ་གྱིས་དེ་ལྟར་བརྗོད།  ད་སྔ་ཡུལ་སྐོར་དུས་བཟང་གི་འགོ་ད་དུང་ཡལ་མེད་པ་དང་། རྒྱལ་སྟོན་དུས་ཆེན་དང་ཟླ་མཆོད་དུས་ཆེན་བསླེབ་ལ་ཉེ་བས།  འཕྲལ་བསྟུན་འཕྲལ་སྐྱོབ་ཀྱི་ལས་རེས་བརྟན་སྲུང་ལ་ཤུགས་བསྣན་དང་། གློ་བུར་བའི་དོན་རྐྱེན་ཐག་གཅོད་ཐད་ལ་གྲ་སྒྲིག་ཨང་གསར་བྱས་ནས་བདེ་འཇགས་ལ་འགན་ལེན་ཏན་ཏིག་བྱ་དགོས་ཟེར།

ཉིན་དེའི་འཁྲབ་སྦྱོང་ཁྲོད་དུ།   ཕྱོགས་བསྡུས་མཐུན་སྦྱོར་ཚན་ཆུང་དང་།  འཕྲལ་བསྟུན་འཕྲལ་སྐྱོབ་ཚན་ཆུང་།   ཆུ་ཐོག་ཉེན་ཟོན་ཚན་ཆུང་།  ཆུ་འགྲམ་ཉེན་ཟོན་ཚན་ཆུང་།   སྨན་བཅོས་མྱུར་སྐྱོབ་ཚན་ཆུང་།  མཁོ་བསྟུན་འགན་སྲུང་ཚན་ཆུང་།  ཁོར་ཡུག་ཚད་ལེན་ཚན་ཆུང་།   བརྙན་ལེན་དྲིལ་སྒྲོག་ཚན་ཆུང་བཅས་ལས་དོན་ཚན་ཆུང་བརྒྱད་བགོས་ཡོད་ཅིང་།   གྲུ་དང་གྲུ་བར་ཐོ་རྒྱག་པ་དང་། མི་ཆུར་ལྷུང་བ།   གྲུ་ཐོག་གི་མེ་ཟོན།  ཉེན་ཁ་ལས་ཐར་ཆེད་གྲུ་གཡུགས་པ།  གྲུ་ཡི་འབོག་བཙོག་འགོག་པ་བཅས་ཕྱོགས་ལྔ་ནས་འཁྲབ་སྦྱོང་བྱས་པ་དང་། དེར་གྲུ་གཟིངས30བཀོད་སྒྲིག་བྱས་ཡོད་ཅིང་།  ཧ་ལམ་ཏུན2000ལ་ཉེ་བ་ཡོད།  འཁྲབ་སྦྱོང་དུ་མཚོ་སྔོན་པོའི་མཚོ་དོན་ཅུས་ཀྱི་ལས་བྱེད་དང་ལས་བཟོ་བ་ཡོངས་དང་། མཚོ་སྔོན་པོའི་ཡུལ་སྐོར་གོང་སྤེལ་སྡེ་ཤོག་གི་ཆུ་ཐོག་ལས་ཀ་བ་བཅས་མི150ལྷག་ཞུགས་ཡོད་དོ། །

མཚོ་སྔོན་གྱིས་མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་གསར་འཛུགས་དང་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་དམིགས་སའི་མཚོ་སྔོན་པོའི་དཔེ་སྟོན་ཁུལ་གསར་འཛུགས་ལ་ནུས་རྒུས་སྐུལ་འདེད་གཏོང་བཞིན་ཡོད།   མཚོ་སྔོན་པོའི་སྐྱེ་ཁམས་ཀྱི་བདེ་འཇགས་ལ་འགན་སྲུང་དང་།  སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ།   ཡུལ་སྐོར་བདེ་འཇགས་ལ་སྲུང་སྐྱོང་བཅས་བྱེད་པ་ནི་རྨང་གཞིའི་འགན་སྲུང་གལ་ཆེན་ཡིན་ཞེས་མཚོ་སྔོན་པོ་ལྗོངས་ཁུལ་སྲུང་སྐྱོབ་དང་བེད་སྤྱོད་དོ་དམ་ཅུས་ཀྱི་ཅུས་ཀྲང་མཱ་ཐིན་ཁྲེང་གིས་དེ་སྐད་ཟེར།  མཚོ་སྔོན་པོའི་ཆུ་ཐོག་གི་ཕྱོགས་བསྡུས་འཕྲལ་བསྟུན་འཕྲལ་སྐྱོབ་འཁྲབ་སྦྱོང་ནི་མཚོ་སྔོན་པོའི་ཆུ་ཐོག་གི་བདེ་འཇགས་བྱ་བའི་དམག་སྦྱོང་ཐེངས་ཤིག་ཡིན་ལ།  ཆུ་ཐོག་གི་སྐྱེལ་འདྲེན་བདེ་འཇགས་ཀྱི་ཡར་རྒྱས་ཤིག་ཀྱང་ཡིན། ཅུས་དེས་ཐེངས་དེའི་འཁྲབ་སྦྱོང་གོ་སྐབས་སུ་བཟུང་སྟེ། ཆུ་ཐོག་གི་བདེ་འཇགས་ལས་ཀུན་གྱི་འགངས་ཆེན་དུ་བརྩིས་ནས་ཆུ་ཐོག་གི་འཕྲལ་བསྟུན་མཐུན་སྦྱོར་ལམ་ལུགས་དང་།  ཆུ་ཐོག་གི་འཕྲལ་སྐྱོབ་རོགས་རེས་ཀྱི་ནུས་པར་སྔར་ལས་ཇེ་མཐོར་གཏང་རྒྱུ་ཡིན་ཟེར།

ད་སྔ་མཚོ་སྔོན་པོའི་ཆུ་ཐོག་གནས་བབ་ཧ་ཅང་བདེ་འཇགས་ཡིན་ལ། ལོ་དུ་མར‘འབག་བཙོག’དང་‘དོན་རྐྱེན’གཅིག་ཀྱང་བྱུང་མྱོང་མེད་ན་ཡང་།  གྲུ་གཟིངས་རྙིང་བ་དུས་སུ་གསར་བརྗེ་མ་བ་དང་། གྲུ་ཁ་དང་འཕྲལ་བསྟུན་འཕྲལ་སྐྱོབ་ཀྱི་རྨང་གཞི་སྒྲིག་ཆས་རྗེས་ལུས་ཡིན་པ།  ལྟ་སྐུལ་དོ་དམ་ཆ་འཕྲིན་ཅན་དུ་འགྱུར་ཚད་དལ་བ།   གྲུ་བའི་བྱང་ཚད་དང་ནུས་པས་མི་ལྕོགས་པ་ལ་སོགས་གནད་དོན་ཡོད་པས།  གནས་བབ་ཧ་ཅང་ཚབས་ཆེ་ལ།  ལྷོད་གཡེང་གཏན་ན་བྱ་མི་རུང་ཞེས་ཏུང་ཧྥུ་ཧའེ་ཡིས་ཟེར། 
 
ལོ་ཙཱ་བ། ཁོན་ཐར་འཚོ། 

ང་ཚོའི་གནས་ཚུལ། འགན་འཁུར་གསལ་བསྒྲགས། འབྲེལ་གཏུག་བྱེད་ཡུལ།
Copyright © 2005-2023   མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
青ICP备19000163号-70 འབྲེལ་གཏུགས་ཁ་པར། 0971-8456487
 
མཚོ་སྔོན་པོ་རུ་ཆུ་ཐོག་གི་ཕྱོགས་བསྡུས་འཕྲལ་སྐྱོབ་འཁྲབ་སྦྱོང་བྱས་ནས་ཡུལ་སྐོར་དུས་བཟང་སྐབས་ཀྱི་བདེ་འཇགས་འགན་ལེན་ལ་གྲ་སྒྲིག་བྱས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

རྩོམ་སྒྲིག་པ། ཁོན་ཐར་འཚོ།