གཞན་ལ་གཅར་རྡུང་བྱས་ན་ཆད་པ་ཇི་ལྟར་གཅོད་དགོས།
ཡོང་ཁུངས། མཚོ་སྔོན་བོད་ཡིག་ཁྲིམས་ལུགས་ཚགས་པར།
རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།
སྤེལ་དུས། 2023-09-01 15:37:35
རང་རྒྱལ་གྱི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་སྐྱོང་དོ་དམ་ཆད་གཅོད་བཅའ་ཁྲིམས》ཀྱི་འབྲེལ་ཡོད་གཏན་འཁེལ་ལྟར་ན། སྐྱེ་བོ་གཞན་ལ་གཅར་རྡུང་བྱས་པའམ་བསམ་གཟས་ནས་སྐྱེ་བོ་གཞན་གྱི་ལུས་ཁམས་ལ་གནོད་འཚེ་བཏང་བའི་རིགས་ལ་ཉིན5ཡན་ནས་ཉིན10མན་གྱི་བཀག་ཉར་བྱེད་པར་མ་ཟད། སྒོར200ཡན་ནས500མན་གྱི་ཆད་པའང་གཅད་རྒྱུ། ཉེས་ཚབས་ཅུང་ཆུང་བའི་རིགས་ལ་ཉིན5མན་གྱི་བཀག་ཉར་རམ་སྒོར500མན་གྱི་ཆད་པ་གཅད་རྒྱུ།
གཤམ་གསལ་གྱི་གནས་ཚུལ་ལས་རིགས་གཅིག་ཡོད་ན། ཉིན10ཡན་ནས་ཉིན15མན་གྱི་བཀག་ཉར་བྱེད་པར་མ་ཟད། སྒོར500ཡན་ནས1000མན་གྱི་ཆད་པའང་གཅད་རྒྱུ་སྟེ།
གཅིག དཔུང་བསྒྲིགས་ནས་གཞན་ལ་གཅར་རྡུང་བྱས་པ་དང་གནོད་འཚེ་བཏང་བའི་རིགས།
གཉིས། དབང་པོ་སྐྱོན་ཅན་དང་སྦྲུམ་མ། ལོ14མ་སོན་པའི་སྐྱེ་བོའམ་ལོ60ཡན་གྱི་སྐྱེ་བོར་གཅར་རྡུང་བྱས་པ་དང་གནོད་འཚེ་བཏང་བའི་རིགས།
གསུམ། ཐེངས་མང་པོར་གཞན་ལ་གཅར་རྡུང་བྱས་ནས་མི་གཞན་ལ་གནོད་འཚེ་བཏང་བའམ། ཡང་ན་ཐེངས་གཅིག་ལ་གཅར་རྡུང་བྱས་ནས་མི་མང་པོར་གནོད་འཚེ་བཏང་བའི་རིགས་བཅས་ཡིན།