ཁྱེད་ཀྱི་མིག་སྔའི་གནས།: མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ཞབས་ཕྱི།དྲི་བའི་སྐོར།
གནས་ཚུལ་ག་འདྲའི་འོག་ས་ཞིང་འགན་གཙང་ལེན་གྱི་གན་རྒྱ་བསྒྱུར་བཅོས་དང་ཕྱིར་འཐེན་བྱས་ཆོག
ཡོང་ཁུངས། མཚོ་སྔོན་བོད་ཡིག་ཁྲིམས་ལུགས་ཚགས་པར།  རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།  
སྤེལ་དུས། 2023-08-21 09:17:19

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་ཞིང་འགན་གཙང་ལེན་བཅའ་ཁྲིམས》ཀྱི་དོན་ཚན30པའི་གཏན་འཁེལ་ལྟར་ན། འགན་གཙང་ལེན་བྱས་པའི་དུས་ཡུན་ནང་དུ་འགན་གཙང་ལེན་མཁན་ཕྱོགས་ཀྱིས་རང་མོས་ངང་འགན་གཙང་ལེན་བྱས་པའི་ས་ཞིང་འགན་གཙང་སྤྲོད་མཁན་ལ་ཕྱིར་སྤྲད་ཆོག འགན་གཙང་ལེན་ཕྱོགས་ཀྱིས་རང་མོས་ངང་འགན་གཙང་ལེན་བྱས་པའི་ས་ཞིང་ཕྱིར་སྤྲོད་བྱས་ན་ལུགས་མཐུན་གྱི་སྐྱིན་ཚབ་ཐོབ་ཆོག་མོད། འོན་ཀྱང་། ལོ་ཕྱེད་ཀྱི་སྔོན་ལ་ཡིག་ཐོག་ནས་འགན་གཙང་སྤྲོད་མཁན་ཕྱོགས་ལ་བརྡ་གཏོང་དགོས་ལ། འགན་གཙང་ལེན་ཕྱོགས་ཀྱིས་འགན་གཙང་ལེན་བྱས་པའི་དུས་ཡུན་ནང་དུ་འགན་གཙང་ལེན་བྱས་པའི་ས་ཞིང་ཕྱིར་སྤྲོད་བྱས་ན། འགན་གཙང་ལེན་བྱས་པའི་དུས་ཡུན་ནང་དུ་ས་ཞིང་འགན་གཙང་ལེན་བྱ་རྒྱུའི་བླང་བྱ་བསྐྱར་དུ་བཏོན་མི་ཆོག གཞན་ཡང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་ཞིང་འགན་གཙང་ལེན་བཅའ་ཁྲིམས》ཀྱི་དོན་ཚན34པའི་གཏན་འཁེལ་ལྟར་ན། འགན་གཙང་སྤྲོད་མཁན་ཕྱོགས་ཀྱིས་མོས་མཐུན་བྱུང་བ་བརྒྱུད་དེ། འགན་གཙང་ལེན་ཕྱོགས་ཀྱིས་ས་ཞིང་འགན་གཙང་ལེན་བྱས་ནས་གཉེར་སྐྱོང་བྱེད་དབང་ཡོངས་རྫོགས་སམ་ཆ་ཤས་ཐུན་མོང་དཔལ་འབྱོར་རྩ་འཛུགས་དེ་གའི་ཞིང་བ་གཞན་དག་ལ་བཤུག་སྤྲོད་བྱས་ཆོག་པ་དང་། ཞིང་བ་དེས་འགན་གཙང་སྤྲོད་མཁན་ཕྱོགས་དང་འགན་གཙང་ལེན་གྱི་འབྲེལ་བ་གསར་དུ་འཛུགས་རྒྱུ་དང་། དེ་སྔའི་འགན་གཙང་ལེན་ཕྱོགས་དང་འགན་གཙང་སྤྲོད་མཁན་ཕྱོགས་གཉིས་ཀྱི་ས་ཞིང་གི་འགན་གཙང་ལེན་གྱི་འབྲེལ་བ་འཕྲལ་མར་མཚམས་འཇོག་དགོས།

ང་ཚོའི་གནས་ཚུལ། འགན་འཁུར་གསལ་བསྒྲགས། འབྲེལ་གཏུག་བྱེད་ཡུལ།
Copyright © 2005-2023   མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
青ICP备19000163号-70 འབྲེལ་གཏུགས་ཁ་པར། 0971-8456487
 
གནས་ཚུལ་ག་འདྲའི་འོག་ས་ཞིང་འགན་གཙང་ལེན་གྱི་གན་རྒྱ་བསྒྱུར་བཅོས་དང་ཕྱིར་འཐེན་བྱས་ཆོག

ཡོང་ཁུངས། མཚོ་སྔོན་བོད་ཡིག་ཁྲིམས་ལུགས་ཚགས་པར།

རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།