ཁྱེད་ཀྱི་མིག་སྔའི་གནས།: མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ཞབས་ཕྱི།ཡུལ་སྐོར།
ཀན་སུའུ་དང་མཚོ་སྔོན་ཞིང་ཆེན་གཉིས་ཀྱིས་མཉམ་དུ་བསྐོར་ལམ་ཡུལ་སྐོར་ཁྲོམ་རར་བཅོས་སྐྱོང་བྱས།
ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།  རྩོམ་སྒྲིག་པ། ཁོན་ཐར་འཚོ།  
སྤེལ་དུས། 2023-08-16 11:16:44

ཟླ8ཚེས7ཉིན་ནས་ཚེས14ཉིན།  མཚོ་སྔོན་དང་ཀན་སུའུ་ཞིང་ཆེན་གཉིས་ཀྱི་རིག་གནས་ཡུལ་སྐོར་ཐིང་གིས་མཉམ་དུ་ཞིང་ཆེན་གྱི་རིག་གནས་ཡུལ་སྐོར་བསྐོར་ལམ་གྱི་ཁྲོམ་རའི་མཉམ་འབྲེལ་ཁྲིམས་བསྟར་ལ་ཞིབ་བཤེར་བྱས། གཙོ་བོ“ཀན་སུའུ་དང་མཚོ་སྔོན་ཡུལ་སྐོར་གྱི་བསྐོར་ལམ་ཆེན་མོ”ཡི་རིག་གནས་ཡུལ་སྐོར་ཁྲོམ་རའི་ལྟ་སྐུལ་དོ་དམ་ལ་སྔར་ལས་ཤུགས་བསྣན་ཏེ།  བསྐོར་ལམ་གྱི་རིག་གནས་ཡུལ་སྐོར་ཁྲོམ་ར་བཅོས་སྐྱོང་གི་ནུས་པ་དང་བཅོས་སྐྱོང་གི་ཆུ་ཚད་ཇེ་མཐོར་གཏང་ཆེད་དང་།  ཡུལ་སྐོར་པའི་ཁྲིམས་མཐུན་ཁེ་དབང་ལ་གནོད་པའི་ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་མྱུར་དུ་ཐག་གཅོད་བྱས་ཏེ།  ཡུལ་སྐོར་བ་ཚིམ་པོ་ཡོང་བ་བྱས་ནས་ཀན་སུའུ་དང་མཚོ་སྔོན་བསྐོར་ལམ་གྱི་ཡུལ་སྐོར་ཁྲོམ་རའི་སྒྲིག་ལམ་ཡག་པོ་བཟོ་ཆེད་བཅས་རེད།

སྐུ་འབུམ་དགོན་དང་། མཚོ་སྔོན་པོ།  ཚྭ་ཁའི་ཚྭ་མཚོ།  ཏུན་ཧོང་ས་ཕུག   ཅ་ཡུས་འགག  བྲག་དམར་ས་གཤིས་སྤྱི་གླིང་སོགས་རིག་གས་ཡུལ་སྐོར་ཐོན་ཁུངས་སྤུས་ལེགས་གཅིག་ནས་གཅིག་ལ་སྦྲེལ་ཏེ།  རྒྱལ་ཁབ་ཕྱི་ནང་དུ་གྲགས་ཆེ་བའི“ཀན་སུའུ་དང་མཚོ་སྔོན་གྱི་ཡུལ་སྐོར་བསྐོར་ལམ་ཆེན་མོ”དེ་གྲུབ་ནས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བས་ཡིད་སྨོན་བྱེད་སའི་ཡུལ་སྐོར་གནས་མཆོག་ཏུ་གྱུར། ད་ལོར་ཡུལ་སྐོར་ཁྲོམ་ར་སླར་གསོ་བྱུང་བ་དང་བསྟུན་ནས་བསྐོར་ལམ་ཡུལ་སྐོར་ཁྲོམ་རའི་དོ་དམ་ཞབས་ཞུ་ཁྲོད་དུ“ཡུལ་སྐོར་ལས་དོན་ཁང་གིས་ལུགས་དང་མི་མཐུན་པའི་གོང་བཅག་ཡུལ་སྐོར་སྒྲིག་འཛུགས་དང་།  ཡུལ་སྐོར་ལས་དོན་ཁང་གིས་ཡུལ་སྐོར་བའི་བར་རྒྱུན་སྲོལ་གྱི་ཡུལ་སྐོར་གན་རྒྱ་མི་འཇོག་པ།  སྣེ་ཤན་པས་ཡུལ་སྐོར་ལམ་ཐིག་གང་བྱུང་དུ་བསྒྱུར་བཅོས་བྱེད་པའམ་ཡང་ན་གྲོན་དངུལ་ལྷག་མ་ཁ་སྣོན་རྒྱག་པ།  ཡུལ་སྐོར་བར་མགོ་སྐོར་བཏང་ནས་འཛད་སྤྱོད་བྱེད་དུ་འཇུག་པ”སོགས་གནད་དོན་གསལ་རྗེན་དུ་མངོན་བྱུང་པས། ཡུལ་སྐོར་བའི་ཁྲིམས་མཐུན་ཁེ་དབང་ལ་གནོད་པ་བཏང་བ་མ་ཟད།  བསྐོར་ལམ་ཡུལ་སྐོར་ཁྲོམ་རའི་ལྟ་སྐུལ་དོ་དམ་ལ་འགྲན་རྩོད་གསར་པ་ཞིག་བསླངས།

བསྐོར་ལམ་ཞིབ་བཤེར་ཁྲོད་དུ།  ཞིང་ཆེན་གཉིས་ཀྱི་ཁྲིམས་བསྟར་པས་ཕན་ཚུན་བསྡེབས་ནས་ལས་དོན་ཚན་ཆུང་གསུམ་བཙུགས་ཏེ།   ཡུལ་སྐོར་གཉེར་སྐྱོང་ཁེ་ལས་ཀྱི་གཉེར་སྐྱོང་བདེ་འཇགས་ཡིན་མིན་དང་།  བདེ་འཇགས་ཀྱི་འགན་འཁྲི་ལག་བསྟར་བྱས་ཡོད་མེད།  དམིགས་བསལ་གྱི་སྒྲིག་ཆས་ཞིག་གསོ་དང་རྒྱུན་པར་བདག་དོམ་བྱས་ཡོད་མེད་ལ་ཞིབ་བཤེར་བྱས་པ་དང་།   ཡུལ་སྐོར་དཔུང་སྡེའི་གན་རྒྱ་བཞག་ཚུལ་དང་། སྣེ་ཤན་པའི་གློག་རྡུལ་མངག་ཐོ།  གློག་རྡུལ་ལམ་ཐོ།   གློག་རྡུལ་གན་རྒྱ། སྣེ་ཤན་པའི་འཛིན་ཡིག་བཅས་ལ་ཞིབ་བཤེར།  དེ་མིན་རླངས་འཁོར་གྱི་མཐོ་ས་གསལ་སར་ཡུལ་སྐོར་སྐྱེལ་འདྲེན་ཆེད་སྤྱོད་མཚོན་རྟགས་སྦྱར་ཡོད་མེད་དང་།  རླངས་འཁོར་ནང་གི་གསལ་ས་མཐོ་སར་གཉེར་སྐྱོང་བ་དང་ཁ་ལོ་བའི་ཆ་འཕྲིན་གསལ་བོ་ཡོངས་བསྒྲགས་བྱས་ཡོད་མེད།   བགྲོད་ལམ་སྐྱེལ་འདྲེན་དོ་དམ་ལས་ཁུངས་ཀྱི་ལྟ་སྐུལ་ཁ་པར་སོགས་ཀྱི་གནས་ཚུལ་གསལ་བོར་བཀོད་ཡོད་མེད་སོགས་ལ་ཞིབ་བཤེར་བྱས།   མཉམ་འབྲེལ་ཁྲིམས་བསྟར་ཞིབ་བཤེར་ཚན་ཆུང་གིས་ཀན་སུའུ་ཡི་འབྲོང་ཡུལ་དང་། ཅ་ཡུས་འགག   ཏུན་ཧོང་། མཚོ་སྔོན་གྱི་མཚོ་ནུབ། མཚོ་ལྷོ། ཟི་ལིང་གི་ལྗོངས་ཁུལ་དང་མགྲོན་ཁང་བཅས་སུ་ཁྲིམས་བསྟར་བ་མངགས་ཏེ།  ཡུལ་དངོས་ཞིབ་བཤེར་དང་ལས་དོན་བརྗེ་རེས་ཟུང་འབྲེལ་གྱི་ལམ་ནས་ཞིབ་བཤེར་བྱེད་ཞོར་གསལ་འདེབས་བྱེད་པ་དང་། འབྲེལ་འདྲིས་བྱས་ནས་ཁྲིམས་བསྟར་གྱི་མཉམ་ཤུགས་ཆགས་པས།  ཁྲིམས་བསྟར་གྱི་ནུས་པ་ཇེ་ཆེར་དང་བསྐོར་ལམ་གྱི་མཉམ་འབྲེལ་ཁྲིམས་བསྟར་གྱི་ཟིལ་ཤུགས་ཇེ་དྲག་ཏུ་ཕྱིན། 

ལོ་ཙཱ་བ། ཁོན་ཐར་འཚོ། 

ང་ཚོའི་གནས་ཚུལ། འགན་འཁུར་གསལ་བསྒྲགས། འབྲེལ་གཏུག་བྱེད་ཡུལ།
Copyright © 2005-2023   མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
青ICP备19000163号-70 འབྲེལ་གཏུགས་ཁ་པར། 0971-8456487
 
ཀན་སུའུ་དང་མཚོ་སྔོན་ཞིང་ཆེན་གཉིས་ཀྱིས་མཉམ་དུ་བསྐོར་ལམ་ཡུལ་སྐོར་ཁྲོམ་རར་བཅོས་སྐྱོང་བྱས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

རྩོམ་སྒྲིག་པ། ཁོན་ཐར་འཚོ།