ཁྱེད་ཀྱི་མིག་སྔའི་གནས།: མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ཞབས་ཕྱི།དམངས་ཚིས་སྐོར།
ཟླ7པའི་ཟླ་མཇུག་བར་དམངས་སྲིད་ཀྱི་དོན་དངོས་ཁག་དུ་མ་ལག་བསྟར་བྱས་ནས་གྲུབ་འབྲས་མངོན་ཡོད།
ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།  རྩོམ་སྒྲིག་པ། ཁོན་ཐར་འཚོ།  
སྤེལ་དུས། 2023-08-14 16:45:00

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ8ཚེས10ཉིན་ཞིང་ཆེན་དམངས་སྲིད་ཐིང་ནས་ཤེས་གསལ་ལྟར་ན།  གཙོ་དོན་སློབ་གསོ་སྤེལ་ནས་བཟུང་། ཞིང་ཆེན་ཡོངས་ཀྱི་དམངས་སྲིད་ཁྱབ་ཁོངས་སུ“རིས་ཁྲ་བཀལ་ནས་འཐབ་རྩོད་བྱེད་པ”ལག་ལེན་ཏུ་བསྟར་ཞིང་། ཟླ7པའི་ཟླ་མཇུག་བར་གནད་དོན་དུ་མར་ལྟ་བཤེར་དག་ཐེར་ལ་དུས་རིམ་རང་བཞིན་གྱི་ཕན་འབྲས་ཐོབ་པ་དང་།  དམངས་སྲིད་ཀྱི་དོན་དངོས་སྒྲུབ་པའི་ལས་གཞི་སྐོར་ཞིག་ལག་ལེན་དོན་འཁྱོལ་བྱུང་།

ཟླ4བ་ནས་བཟུང་།  ཞིང་ཆེན་དམངས་སྲིད་ཐིང་གིས་སྤྱི་ཚོགས་ཀྱི་རོགས་སྐྱོབ་སྲིད་ཇུས་ཁེབས་རྒྱ་ཆེར་བསྐྱེད་ལ་ཧུར་ཐག་བྱས་ཏེ། སྔ་གཞུག་ཏུ་ཡོང་འབབ་དམའ་བའི་མང་ཚོགས་ཁྲི5.8ཁྲོད་ཀྱི་དབང་སྐྱོན་ཚབས་ཆེན་ཅན་དང་འགྲོ་སོང་གཏང་དཀའ་ཅན།  མ་མཐའི་འཚོ་བ་འགན་སྲུང་གི་ཡས་མཐར་ལྷུང་བའི་ཁྱིམ་ཚང་ཁྲོད་ཀྱི་ནད་གཞི་ལྕི་མོ་ཅན་བཅས“མི་ཆིག་རྐྱང་འགན་སྲུང”ལ་ཟུར་ལྟ་བྱས་ནས་དེ་རྣམས་མ་མཐའི་འཚོ་བ་འགན་སྲུང་གི་ཁོངས་སུ་བླངས་པ་དང་།  སྤྱི་ཚོགས་ཉེན་འགོག་འགན་ལེན་མི་འདྲ་བ་འཇལ་བའི་གཅིག་གྱུར་གྲོན་དངུལ་དང་། སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཁ་གསབ་བྱ་དགའ་སོགས་ཡོང་འབབ་རྣམ་གྲངས13ཁྱིམ་ཚང་གི་ཡོང་འབབ་ལ་མ་བརྩིས་པ་བྱས།    སྤྱི་ཚོགས་རོགས་སྐྱོབ་ཀྱི་རང་འགུལ་ཤེས་རྟོགས་ལམ་ལུགས་ལག་ལེན་དོན་འཁྱོལ་བྱས་ཏེ།  ཞིང་ཆེན་ཡོངས་ཀྱི་ཡོང་འབབ་དམའ་བའི་མི་ཁྲི80ངེས་མེད་ལྟ་རྟོག་དང་ཚད་ལེན་གྱི་ཁྱབ་ཁོངས་སུ་བླངས་པ་དང་།   ཞིང་གྲོང་དར་སྤེལ་དང་སྨན་བཅོས་འགན་སྲུང་ལ་སོགས་སྡེ་ཚན་ལ་གཤིབ་བསྡུར་གཞི་གྲངས་ཁག21མཉམ་སྤྱོད་བྱས་ནས་ཞིང་གྲོང་དར་སྤེལ་སྡེ་ཚན་གྱིས་སྔ་ཕྱིར་ཁྱིམ་ཚང5481དང་།  ལྟ་ཞིབ་ཚད་ལེན་བྱས་པའི་ཁྱིམ་ཚང་ཁྲི2.05ལས4223དང་། མི10070བཅས་དམངས་སྲིད་རོགས་སྐྱོབ་ཀྱི་འགན་སྲུང་ཁྱབ་ཁོངས་སུ་བླངས།

དེ་དང་ཆབས་ཅིག   ཡོང་འབབ་དམའ་བའི་སྡོད་དམངས་ཀྱི་དཔལ་འབྱོར་གནས་ཚུལ་ཐོ་གཏུག་པའི་མ་ལག་རིམ་སྤར་བཅོས་སྒྱུར་བྱས་ཏེ།  མང་ཚོགས་དཀའ་ངལ་ཅན་ཡོད་ན“འགན་སྲུང་ཅི་དགོས་འགན་སྲུང་དང་། རོགས་སྐྱོབ་ཅི་མཁོར་རོགས་སྐྱོབ”བྱས།   ཟླ6པའི་ཟླ་མཇུག་བར་དུ།  ཞིང་ཆེན་ཡོངས་སུ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་སྲུང་བྱ་ཡུལ་མི་ཁྲི35.25ཡོད་ཅིང་།  དམིགས་བསལ་གསོ་སྙོར་བྱ་ཡུལ་མི་ཁྲི1.7ཡོད་པ་དང་།  དེར་རོགས་སྐྱོབ་མ་དངུལ་ཧ་ལམ་དུང་ཕྱུར13གཤམ་དུ་སྤྲད།   མི་ཁྲི7.5ལ་གནས་སྐབས་རོགས་སྐྱོབ་བྱས་ཤིང་། གནས་སྐབས་རོགས་སྐྱོབ་མ་དངུལ་སྒོར་དུང་ཕྱུར1.28གཤམ་དུ་སྤྲད་པས། སྤྱི་ཚོགས་རོགས་སྐྱོབ་ཀྱི་དམངས་ཕན་ཞབས་ཞུ་མུ་མཐུད་ཇེ་ལེགས་སུ་བཏང་།  དམངས་སྲིད་པུའུ་ཡི་ཡོང་འབབ་དམའ་བའི་ཁྱིམ་ཚང་ངོས་འཛིན་སློབ་སྟོན་ལྟེ་གནས་སུ་པུའུ་དང་ཞིང་ཆེན་གྱི་སྦྲེལ་དྲའི་གཞི་གྲངས་བརྗེ་རེས་ཐུབ་པའི་རྩད་ཞིབ་ལམ་ལུགས་བཙུགས་ཏེ།  བཀོལ་སྤྱོད་ཆོག་པའི་ཡོང་འབབ་དང་བོགས་དངུལ་དང་བསྐྱི་དངུལ་གྱི་གན་རྒྱ་ལ་སོགས་ཀྱི་དཔང་ཡིག་ཁག22མེད་པར་བཟོས།   ཞིང་ཆེན་ཡོངས་ཀྱི90%ཡན་གྱི་རྫོང་དང་ཆུས་ཀྱི་མ་མཐའི་འཚོ་བའི་འགན་སྲུང་དཔྱད་ཞིབ་གཏན་འཁེལ་གྱི་དབང་ཚད་ཡུལ་ཚོ་དང་གྲོང་རྡལ(སྲང་ལམ)ལ་སྤྲད་པ་དང་།  མ་མཐའི་འཚོ་བའི་འགན་སྲུང་སྒྲུབ་གཉེར་དུས་ཡུན་ཇེ་ཐུང་དུ་བཏང་ནས་ཉིན20རུ་གཏན་འཁེལ་བྱས།

དམངས་སྲིད་མ་ལག་རང་སྟེང་གི་ལས་རིགས་དགེ་མཚན་གང་ལེགས་བཏོན།  རྟོག་ཞིབ་དང་ཞིབ་འཇུག་ཁྲོད་རྙེད་པའི་དཀའ་ཁག་དང་གནད་དོན། མང་ཚོགས་ཀྱི་བསམ་འཆར་བཅས་ལ་དམིགས་ཏེ་མ་དངུལ་སྒོར་ཁྲི1500ལྷག་བསྡུས་ཤིང་།  སྤྱི་ཚོགས་ཀྱི་ཚོགས་པ་ཞིང་གྲོང་དར་སྤེལ་དང་།   ལྷན་སྐྱེད་སྙིང་ནད་ཅན་བྱིས་པ་གཅེས་སྐྱོང་།  བགྲེས་པོར“ནད་བརྟག་ཁྲིད་སྟོན”།  དབང་བོ་སྐྱོན་ཅན་ལ་ཁམས་གསོ་ཡོ་ཆས་བསྒྲིགས་པ།  གནས་སྤོས་བགྲེས་སོང་གི་སེམས་ཁམས་དང་འཚོ་བར་བདེ་སྐྱིད་བསྐྲུན་པ།   “མིག་དབང་གསོ་བའི་ལས་གཞི”། བདེ་ཐང་རོགས་སྐྱོར།   སྡེ་བའི་ཐོན་ལས་དར་སྤེལ་ལ་རོགས་སྐྱོར།   སློབ་ཞུགས་རོགས་འདོན།   རྒྱ་མདོ་ཧུའེ་རིགས་རང་སྐྱོང་རྫོང་གི་བགྲེས་པར་གཅེས་སྐྱོང་ལ་སོགས་དམངས་སྲིད་ཀྱིས་ཞིང་གྲོང་དར་སྤེལ་ལ་རོགས་བྱེད་པའི་ལས་གཞི་ཁག10སྤེལ་ནས་དམངས་ཚིས་དོན་དངོས་བསྒྲུབས།

ཞིང་ཆེན་དམངས་སྲིད་ཐིང་གིས་ད་ཡོད་ཀྱི་རྒན་གསོ་ལས་ཁུངས་དང་། སྡོད་ཁུལ་གྱི་རྒན་གསོ་ཞབས་ཞུ་སྒྲིག་ཆས་བེད་སྤྱད་དེ།   ཞིང་ཆེན་ཡོངས་སུ་ཕྱོགས་བསྡུས་ཀྱི་ཟས་རིགས་རོགས་འདོན་དང་། ཉིན་མོར་བདག་སྐྱོང་ལ་སོགས་བྱེད་ནུས་སྣ་འཛོམས་ཅན་གྱི་སྡོད་ཁུལ་རྒན་གསོ་ཞབས་ཞུ་བྱེད་ས50བཙུགས་པ་དང་།  ད་ཡོད་ཀྱི་ཞིང་གྲོང་རོགས་རེས་བདེ་སྐྱིང་གླིང་དང་བེད་མེད་ཁང་པ་སོགས་ཐོན་ཁུངས་བེད་སྤྱད་དེ།   ཁྱིམ་མཚེས་བར་གྱི་ཟས་འདོན་རོགས་རེས་བྱེད་སྟངས་ལ་སྐུལ་འདེད་བཏང་ནས་ཞིང་ཆེན་ཡོངས་སུ་ཟས་འདོན་རོགས་རེས་དང་ཉིན་མོར་བདག་སྐྱོང་གི་བྱེད་ནུས་ཚང་བའི་ཞིང་གྲོང་གི་རོགས་རེས་རྒན་གསོ་བྱེད་ས100བཙུགས།   ཞིང་ཆེན་ཡོངས་སུ་དཔལ་འབྱོར་གྱི་འཁོས་ཀ་ཞན་པའི་ཁྱིམ་ཚང1500ཡི་ནུས་ཤོར་བགྲེས་པོའི་ཁྱིམ་ཚང་གི་རྒན་གསོར་འཚམ་པའི་ཁྱིམ་གྱི་ཁོར་ཡུག་བཅོས་སྒྱུར་གྱི་ལས་གཞི་ཐད་མ་དངུལ་སྒོར་ཁྲི751བཏང་ལ།   ད་སྔའི་བར་དུ་ཁྱིམ་ཚང1303གྱི་ཁྱིམ་ཚང་ཁོར་ཡུག་བཅོས་སྒྱུར་བྱས་ཚར། 
 
ལོ་ཙཱ་བ། ཁོན་ཐར་འཚོ། 

ང་ཚོའི་གནས་ཚུལ། འགན་འཁུར་གསལ་བསྒྲགས། འབྲེལ་གཏུག་བྱེད་ཡུལ།
Copyright © 2005-2023   མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
青ICP备19000163号-70 འབྲེལ་གཏུགས་ཁ་པར། 0971-8456487
 
ཟླ7པའི་ཟླ་མཇུག་བར་དམངས་སྲིད་ཀྱི་དོན་དངོས་ཁག་དུ་མ་ལག་བསྟར་བྱས་ནས་གྲུབ་འབྲས་མངོན་ཡོད།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

རྩོམ་སྒྲིག་པ། ཁོན་ཐར་འཚོ།