ཁྱེད་ཀྱི་མིག་སྔའི་གནས།: མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ཞབས་ཕྱི།དམངས་ཚིས་སྐོར།
རང་ཞིང་གིས“ཆུ་དཔོན་དང་མཚོ་དཔོན་ལམ་ལུགས”“ནགས་དཔོན་དང་རྩྭ་དཔོན་ལམ་ལུགས”གཉིས་འབྲེལ་ནས་སྐྱེ་ཁམས་བཅོས་སྐྱོང་ལ་སྐུལ་འདེད་བཏང་བ།
ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།  རྩོམ་སྒྲིག་པ། ཁོན་ཐར་འཚོ།  
སྤེལ་དུས། 2023-07-28 10:56:19

  མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན།  ཉེ་ལམ་མཚོ་སྔོན་ཞིང་ཆེན་ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་གཞུང་སྒྲུབ་ཁང་དང་། ཞིང་ཆེན་ནགས་དཔོན་གཞུང་སྒྲུབ་ཁང་བཅས་ཀྱིས་མཉམ་དུ《“ཆུ་དཔོན་དང་མཚོ་དཔོན་ལམ་ལུགས”“ནགས་དཔོན་དང་རྩྭ་དཔོན་ལམ་ལུགས”མཉམ་འགུལ་གྱི་ནང་རྐྱེན་ལམ་ལུགས་ལས་ཀའི་ཇུས་གཞི》(གཤམ་དུ《ལས་ཀའི་ཇུས་གཞི》ཞེས་དགོད་རྒྱུ)པར་འགྲེམས་བྱས་ཏེ།  ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གིས་ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་ཇེ་དྲག་དང་། ནགས་དཔོན་དང་རྩྭ་དཔོན་ལམ་ལུགས་ལ་སྐུལ་འདེད་གཏང་བའི་བླང་བྱ་དོན་འཁྱོལ་བྱས་པ་དང་།  རི་ཆུ་ནགས་ཞིང་མཚེའུ་རྩྭ་ཐང་བྱེ་ས་འཁྱགས་རོམ་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་རྒྱུད་ཁོངས་བཅོས་སྐྱོང་ལ་གཅིག་གྱུར་ཐོག་འཆར་འགོད་བཟོས་ནས་སྐྱེ་ཁམས་མ་ལག་གི་བྱེད་ནུས་ཇེ་ཆེར་བཏང་།

  《ལས་ཀའི་ཇུས་གཞི》ཡིས“རྒྱལ་ཁབ་ཀྱི་དོན་ཆེན”ནས་འགྲེང་སྟེ།   ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་ཇེ་དྲག་དང་། ནགས་དཔོན་དང་རྩྭ་དཔོན་ལམ་ལུགས་སྐུལ་སྤེལ་དམིགས་སུ་བཟུང་ནས་རིམ་ཁག་ཏང་ཨུ་དང་སྲིད་གཞུང་གི་བྱེད་པོའི་འགན་འཁྲིར་ནན་ནན་བཅག་བཅག་བྱས་པ་དང་།  ཆུ་དཔོན་དང་མཚོ་དཔོན། ནགས་དཔོན་དང་རྩྭ་དཔོན། དེ་མིན་འབྲེལ་ཡོད་སྡེ་ཚན་གྱིས་ལས་འགན་ཁུར་ལེན་ལ་སློབ་སྟོན་བྱས་ཏེ།  ཆུ་བོ་དང་མཚོ་མོ། ནགས་ཚལ། རྩྭ་ཐང་། ན་འདམ་སོགས་སྐྱེ་ཁམས་མ་ལག་གཞི་ཅན་ཅན་གྱི་སྲུང་སྐྱོབ་དང་རྒྱུད་ཁོངས་བཅོས་སྐྱོང་ལ་སྐུད་འདེད་བཏང་ནས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་བསྐྲུན་དང་“ཀྲུང་ཧྭ་ཆུམཛོད”ལ་སྲུང་སྐྱོབ་ལེགས་པོ་བྱས་ཡོད། 

  《ལས་ཀའི་ཇུས་གཞི》ཡི་ནང་དུ།  གྲོས་བསྡུས་སྙོམས་སྒྲིག་གི་ནང་རྐྱེན་ལམ་ལུགས་དང་།  མཉམ་བསྐྲུན་མཉམ་བཅོས་ཀྱི་ནང་རྐྱེན་ལམ་ལུགས། མཉམ་འབྲེལ་ཁྲིམས་བསྟར་གྱི་ནང་རྐྱེན་ལམ་ལུགས། གཅིག་གྱུར་སྐོར་ཞིབ་ཀྱི་ནང་རྐྱེན་ལམ་ལུགས།  ཆེད་མཁས་བློ་འདྲི་ཡི་ནང་རྐྱེན་ལམ་ལུགས།  ཆ་འཕྲིན་མཉམ་སྤྱོད་ཀྱི་ནང་རྐྱེན་ལམ་ལུགས་བཅས་བཙུགས་ཏེ།   ལམ་ལུགས་དྲུག་པོ་འདི་ལག་ལེན་ལ་ཤུགས་བསྣན་དང་མཉམ་འབྲེལ་ཐོག་སྟོབས་ཤུགས་གཅིག་ཏུ་བསྡུས་ནས“ཆུ་དཔོན་དང་མཚོ་དཔོན་ལམ་ལུགས+”“ནགས་དཔོན་དང་རྩྭ་དཔོན་ལམ་ལུགས+”ཡི་ལས་ཀའི་ལམ་ལུགས་མུ་མཐུད་དུ་རྒྱ་སྐྱེད།   མ་ལག་གི་བསམ་བློས་སྐྱེ་ཁམས་བཅོས་སྐྱོང་ལ་སྐུལ་འདེད་དང་། ཆུ་བོ་དང་མཚོ་མོའི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་མུ་མཐུད་ཇེ་ལེགས། ལྗང་མདོག་གི་སྐྱེ་ཁམས་ཚོས་གཞི་མཐུག་པོ་འདིང་བ་བཅས་ཀྱི་ལམ་ནས་རང་ཞིང་གི་སྤུས་ལེགས་འཕེལ་རྒྱས་ལ་ཆུ་དང་མཚེའུ།  ནགས། རྩྭ་བཅས་སྣོད་བཅུ་ཀྱི་རྨང་གཞི་བརྟན་པོ་བཏིངས།   
        མགོ་ཁྲིད་རྩ་འཛུགས་ལ་ཤུགས་བསྣན་ཏེ།  འགན་འཁྲི་དོན་འཁྱོལ་ལ་མུ་མཐུད་ནས་ཤུགས་སྣོན་དང་།  ལས་ཀའི་བྱེད་ཐབས་གསར་པ་གསར་དུ་བཏོད་ནས་དྲང་ཕྱོགས་ཀྱི་དྲིལ་སྒྲོག་དང་ཁྲིད་སྟོན་ལ་ཤུགས་བསྣན་པ་དང་།   མཉམ་འཛིན་མཉམ་སྐྱོང་དང་ཁོངས་ཡོངས་མཉམ་བཅོས།  མ་དཔེ་མཉམ་བཅོས་ཀྱི་མཉམ་ཤུགས་ཆགས་པར་སྐུལ་འདེད་བཏང་སྟེ། ཞིང་ཆེན་རིམ་པས་གཅིག་གྱུར་འཆར་འགོད་དང་།  ས་ཁོངས་ཀྱི་མཉམ་འབྲེལ།  སྡེ་ཚན་བར་མཉམ་འགུལ།  སྤྱི་ཚོགས་མཉམ་བཅོས་བཅས་ཀྱི་ཆུ་དང་མཚེའུ། ནགས་ཚལ། རྩྭ་ཐང་དོ་དམ་གྱི་རྣམ་པ་གསར་པ་ཧུར་ཐག་གིས་བསྐྲུན། 
 
ལོ་ཙཱ་བ། ཁོན་ཐར་འཚོ། 

ང་ཚོའི་གནས་ཚུལ། འགན་འཁུར་གསལ་བསྒྲགས། འབྲེལ་གཏུག་བྱེད་ཡུལ།
Copyright © 2005-2023   མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
青ICP备19000163号-70 འབྲེལ་གཏུགས་ཁ་པར། 0971-8456487
 
རང་ཞིང་གིས“ཆུ་དཔོན་དང་མཚོ་དཔོན་ལམ་ལུགས”“ནགས་དཔོན་དང་རྩྭ་དཔོན་ལམ་ལུགས”གཉིས་འབྲེལ་ནས་སྐྱེ་ཁམས་བཅོས་སྐྱོང་ལ་སྐུལ་འདེད་བཏང་བ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

རྩོམ་སྒྲིག་པ། ཁོན་ཐར་འཚོ།