ཁྱེད་ཀྱི་མིག་སྔའི་གནས།: མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ཞབས་ཕྱི།དྲི་བའི་སྐོར།
དྲི་བ་བརྒྱ་དང་བཞི། ཏང་གི་གསར་སྐྲུན་རིགས་པའི་གཞུང་ལུགས་ཀྱིས་ཏང་ཡོངས་ལ་དྲག་ཆས་སྤྲས་པ་ནི་ཏང་གི་བསམ་བློ་འཛུགས་སྐྲུན་བྱེད་པའི་རྩ་བའི་ལས་འགན་ཡིན་ཞེས་པར་གོ་བ་ཇི་ལྟར་ལེན་དགོས་སམ།
ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན།  རྩོམ་སྒྲིག་པ། ཁོན་ཐར་འཚོ།  
སྤེལ་དུས། 2023-07-28 10:56:07

  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པའི་སྙན་ཞུའི་ནང་“ཏང་གི་གསར་སྐྲུན་རིགས་པའི་གཞུང་ལུགས་ཀྱིས་ཏང་ཡོངས་ལ་དྲག་ཆས་སྤྲས་པ་ནི་ཏང་གི་བསམ་བློ་འཛུགས་སྐྲུན་བྱེད་པའི་རྩ་བའི་ལས་འགན་ཡིན”ཞེས་བསྟན་ཡོད། ཆོད་གཏམ་འདིས་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲས་པ་དང་བསམ་བློའི་འཛུགས་སྐྲུན་བར་གྱི་འབྲེལ་བ་གསལ་སྟོན་ཟབ་མོ་གནང་ཡོད་པས། ཏང་ཡོངས་ཀྱིས་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཀྱིས་བསམ་བློར་དྲག་ཆས་སྤྲས་པ་དང་། ལག་ལེན་ལ་མཛུབ་སྟོན་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་མཛུབ་སྟོན་གྱི་དོན་སྙིང་གལ་ཆེན་ལྡན་པ་རེད།

  དང་པོ། ཏང་གི་བསམ་བློ་འཛུགས་སྐྲུན་ནི་ཏང་གི་རྨང་གཞིའི་རང་བཞིན་གྱི་འཛུགས་སྐྲུན་ཡིན་ལ། ཏང་གིས་འགོ་ཁྲིད་བྱེད་པའི་རླབས་ཆེན་གྱི་སྤྱི་ཚོགས་གསར་བརྗེ་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཕྱོགས་སུ་མདུན་སྐྱོད་བྱེད་པའི་འགན་ལེན་གལ་ཆེན་ཞིག་ཀྱང་ཡིན། ཀྲུང་གོ་གུང་ཁྲན་ཏང་གིས་དཀའ་སྡུག་མང་པོ་བརྒྱུད་ནས་རྒྱུན་ཆད་མེད་པར་འཕེལ་རྒྱས་དང་སྟོབས་ཆེར་ཕྱིན་པའི་རྒྱུ་མཚན་གལ་ཆེན་ཞིག་ནི། ང་ཚོའི་ཏང་གིས་ཐོག་མཐའ་བར་གསུམ་དུ་བསམ་བློའི་ཐོག་ནས་ཏང་འཛུགས་སྐྲུན་དང་། རིགས་པའི་གཞུང་ལུགས་ཐོག་ནས་ཏང་སྟོབས་ལྡན་དུ་གཏོང་བར་མཐོང་ཆེན་བྱས་ཏེ། ཏང་ཡོངས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་བསམ་བློ་གཅིག་གྱུར་དང་། བློ་རྩ་བརྟན་པོ།  བྱ་སྤྱོད་མཐུན་སྦྱོར། འཐབ་འཛིང་གི་ནུས་པ་ཆེན་པོ་བཅས་སྲུང་འཛིན་བྱེད་ཐུབ་པས་ཡིན།  ཏང་གི་བསམ་བློ་འཛུགས་སྐྲུན་ཞེས་པ་ནི་ཏང་གིས་རང་ཉིད་ཀྱི་གསར་སྐྲུན་ནུས་པ་དང་། གོང་བུར་འགྲིལ་ཤུགས། འཐབ་འཛིང་གི་ནུས་པ་བཅས་སྲུང་འཛིན་བྱེད་ཆེད་བསམ་བློ་དང་རིགས་པའི་གཞུང་ལུགས་འཛུགས་སྐྲུན་བྱེད་པའི་ཐད་གཞུང་ལུགས་གསར་སྐྲུན་དང་། སློབ་སྦྱོང་དང་སློབ་གསོ་སོགས་ཀྱི་ལས་དོན་རབ་དང་རིམ་པ་སྤེལ་བ་དེ་ཡིན། ཆབ་སྲིད་ཐད་ཀྱི་རིག་པ་དྭངས་གསལ་ནི་རིགས་པའི་གཞུང་ལུགས་ཐད་ཀྱི་རིག་པ་དྭངས་གསལ་ལས་བྱུང་བ་དང་། ཆབ་སྲིད་ཐད་ཀྱི་བློ་རྩ་བརྟན་པོ་ནི་བསམ་བློའི་ཐད་ཀྱི་བློ་རྩ་བརྟན་པོ་ལས་བྱུང་བ་རེད། ཏང་འཛུགས་སྐྲུན་བྱེད་པའི་ཁྲོད་བསམ་བློ་འཛུགས་སྐྲུན་ནི་རྨང་གཞིའི་རང་བཞིན་གྱི་འཛུགས་སྐྲུན་ཡིན་ཞིང་། ཏང་གི་གསར་སྐྲུན་རིགས་པའི་གཞུང་ལུགས་ཀྱིས་ཏང་ཡོངས་ལ་དྲག་ཆས་སྤྲས་པ་ནི་དུས་དང་རྣམ་པ་ཀུན་ཏུ་མར་ཁེ་སི་རིང་ལུགས་དེ་བྱ་སྤྱོད་ཀྱི་ཕྱོགས་སྟོན་དུ་བཟུང་ནས། ཏང་ཡོངས་ཀྱིས་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཀྱི་སྟེང་ཚད་མཐོའི་གཅིག་གྱུར་ཡོང་བར་འགན་ལེན་བྱེད་པའི་ཆེད་དུ་ཡིན།  ཏང་གི་བསམ་བློ་འཛུགས་སྐྲུན་ལེགས་པོར་སྤེལ་ནས། ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་རྒྱུན་འཁྱོངས་དང་། ཡང་དག་པའི་རྩ་འཛིན་དང་ལམ་ཕྱོགས་གཏན་འབེབས། ཚན་རིག་དང་མཐུན་པའི་བསམ་བློ་གཏོང་སྟངས་དང་ལས་དོན་སྒྲུབ་སྟངས་རྒྱུན་འཁྱོངས་བཅས་བྱས་ན། གཞི་ནས་ཏང་ཡོངས་ཀྱི་མཐུན་སྒྲིལ་གཅིག་གྱུར་སྲུང་འཛིན་དང་།  ཕྱོགས་ཡོངས་དང་ཡང་དག་པའི་འགོ་ཁྲིད་མངོན་འགྱུར་བྱས་ཏེ། ཏང་གིས་འགོ་ཁྲིད་བྱེད་པའི་རླབས་ཆེན་གྱི་སྤྱི་ཚོགས་གསར་བརྗེ་དུས་དང་རྣམ་པ་ཀུན་ཏུ་ཡང་དག་པའི་ཕྱོགས་སུ་མདུན་སྐྱོད་བྱེད་པར་འགན་ལེན་ཏན་ཏིག་བྱེད་ཐུབ།

  གཉིས་པ། ཏང་གི་བསམ་བློ་འཛུགས་སྐྲུན་བྱེད་པའི་ལས་འགན་སྣ་ཚོགས་ཀྱི་ཁྲོད།  ཏང་གི་གསར་སྐྲུན་རིགས་པའི་གཞུང་ལུགས་ཀྱིས་ཏང་ཡོངས་ལ་དྲག་ཆས་སྤྲས་པ་ནི་རྩ་བ་ཡིན།  ཀྲུང་གོ་གུང་ཁྲན་ཏང་འཇོན་དོན་ཅི་ཡིན་པ་དང་།  ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཡག་དོན་ཅི་ཡིན་པ་དེ་མཐར་གཏུགས་ནས་བཤད་ན་མར་ཁེ་སི་རིང་ལུགས་ཡང་དག་པས་ཡིན་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མར་ཁེ་སི་རིང་ལུགས་ཡང་དག་པས་ཡིན་པ་རེད།    ང་ཚོའི་ཏང་དབུ་བརྙེས་པ་ནས་བཟུང་མར་ཁེ་སི་རིང་ལུགས་དེ་ཏང་གི་དར་ཆའི་སྟེང་བཀོད་ཡོད། ཀྲུང་གོའི་གསར་བརྗེ་དང་འཛུགས་སྐྲུན།  བཅོས་སྒྱུར་བཅས་ལ་འགོ་ཁྲིད་བྱེད་པའི་ཡུན་རིང་གི་ལག་ལེན་ཁྲོད།  ང་ཚོའི་ཏང་གིས་དུས་དང་རྣམ་པ་ཀུན་ཏུ་རིགས་པའི་གཞུང་ལུགས་ཀྱི་མཛུབ་སྟོན་ལ་མཐོང་ཆེན་དང་རིགས་པའི་གཞུང་ལུགས་གསར་སྐྲུན་བྱེད་ཕོད་པ་དང་། མའོ་ཙེ་ཏུང་གི་དགོངས་པ་ནི་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་ཐེངས་དང་པོ་ཡིན་ཞིང་། ཏང་དང་མི་དམངས་ཀྱི་སྣེ་ཁྲིད་དེ་དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེའི་རླབས་ཆེན་གྲུབ་འབྲས་དང་སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན་གྱི་རླབས་ཆེན་གྲུབ་འབྲས་གསར་སྐྲུན་བྱས་ཤིང་།  ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་མ་ལག་གིས་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་མཆོང་སྐྱོད་གསར་པ་མངོན་འགྱུར་བྱས་པ་དང་། ཏང་དང་མི་དམངས་ཀྱི་སྣེ་ཁྲིད་དེ་བཅོས་སྒྱུར་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་གྱི་རླབས་ཆེན་གྲུབ་འབྲས་གསར་སྐྲུན་བྱས་པ།  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་མཆོང་སྐྱོད་གསར་པ་མངོན་འགྱུར་བྱས་ནས། ཏང་དང་མི་དམངས་ཀྱི་སྣེ་ཁྲིད་དེ་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་གྲུབ་འབྲས་གསར་སྐྲུན་བྱས་ཡོད།  དུས་རབས་གསར་པར་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་རྒྱུན་འཁྱོངས་བྱེད་པ་དེ་ནི། ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་གསར་ཤོས་ལ་བརྟེན་ནས་དུས་རབས་ཀྱི་འཕོ་འགྱུར་གསལ་རྟོགས་དང་། དུས་རབས་ཀྱི་འཕར་རྩ་ཁོང་དུ་ཆུད་པ། དུས་རབས་ཀྱི་རླབས་རྒྱུན་ལ་སྣེ་ཁྲིད་བཅས་བྱེད་པ་དང་། ཚན་རིག་དང་མཐུན་པའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ་ལ་བརྟེན་ནས་ལོ་རྒྱུས་ཀྱི་ཆོས་ཉིད་ཁོང་དུ་ཆུད་པ་དང་། བྱ་གཞག་འཕེལ་རྒྱས་ལ་ཇུས་འགོད། ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་འཇལ་བ་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བགྲོད་ལམ་སྟེང་རྒྱལ་ཁབ་སྟོབས་ལྡན་དང་བསྐྱར་དར་ཡོང་བའི་གོམ་པ་བརྟན་པོ་ཞིག་སྤོ་དགོས།

  གསུམ་པ། དུས་རབས་གསར་པའི་ཏང་གི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། ཏང་གི་གསར་སྐྲུན་གཞུང་ལུགས་ཀྱིས་ཏང་ཡོངས་ལ་དྲག་ཆས་སྤྲས་པའི་ལས་དོན་དམ་འཛིན་ཏན་ཏིག་བྱེད་དགོས། རིགས་པའི་གཞུང་ལུགས་གསར་སྐྲུན་བྱེད་རྒྱུ་དེ་གོམ་གང་མདུན་དུ་སྤོས་ན་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲས་རྒྱུ་དེའང་དེ་དང་མཉམ་དུ་གོམ་གང་མདུན་དུ་སྤོ་དགོས།  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ནི་དེང་རབས་ཀྱི་ཀྲུང་གོའི་མར་ཁེ་སི་རིང་ལུགས་དང་དུས་རབས21པའི་མར་ཁེ་སི་རིང་ལུགས་ཡིན་ཞིང་། རིགས་པའི་གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་བྱེད་པའི་ཐོག་ནས་དུས་རབས་ཀྱི་ཞིབ་འཇུག་བྱ་གཞི་གལ་ཆེན་རབ་དང་རིམ་པར་ལན་ཟབ་མོ་བཏབ་ཡོད། དུས་རབས་གསར་པར་ཏང་གི་གསར་སྐྲུན་རིགས་པའི་གཞུང་ལུགས་ཀྱིས་ཏང་ཡོངས་ལ་དྲག་ཆས་སྤྲས་པ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་ཏང་ཡོངས་ལ་དྲག་ཆས་སྤྲས་པ་དེ་ཡིན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ནི་ང་ཚོ་རྒྱུགས་འབུལ་གྱི་ལམ་བུ་གསར་པའི་ཐོག་ཡག་པོར་བསྐྱོད་པ་དང་། དུས་རབས་གསར་བ་དང་སྐྱོད་ལམ་གསར་པའི་ཐོག་སྔར་ལས་རླབས་ཆེན་གྱི་རྒྱལ་ཁ་དང་གཟི་བརྗིད་ཀྱི་བསམ་བློའི་མཚོན་ཆ་ཆེན་པོ་ཐོབ་པར་བྱེད་རྒྱུ་དེ་ཡིན།    ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་བསམ་བློར་དྲག་ཆས་སྤྲས་པ་དང་། ལག་ལེན་ལ་མཛུབ་སྟོན་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་རྒྱུན་འཁྱོངས་བྱེད་དགོས་ན། གཅིག་ནས་ངེས་པར་དུ་སློབ་སྦྱོང་ཏན་ཏིག་བྱེད་དགོས་པ་སྟེ།  མ་རྩོམ་ཀློག་པ་དང་། མ་ཡིག་སློབ་པ། རྩ་བའི་རིགས་པ་རྟོགས་པ་བཅས་བྱེད་པ་དང་། ནན་ཏན་སྒོས་མར་ཁེ་སི་རིང་ལུགས་ཀྱི་གསུང་རྩོམ་གྲགས་ཅན་སློབ་སྦྱོང་བྱེད་པ། མར་ཁེ་སི་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིགས་པ་ཁོང་དུ་ཆུད་པར་བྱེད་པ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་དོན་སྙིང་གཙོ་བོ་དང་། དགོངས་དོན་གྱི་ངོ་བོ། ཕུན་སུམ་ཚོགས་པའི་ནང་དོན། ལག་ལེན་གྱི་བླང་བྱ་བཅས་ཁོང་དུ་གཏིང་ཟབ་ཆུད་པར་བྱེད་པ། དེའི་ནང་ཁྱབ་པའི་ལངས་ཕྱོགས་དང་། ལྟ་བ། བྱེད་ཐབས་བཅས་ཁོང་དུ་ཡག་པོ་ཆུད་པར་བྱས་ནས།  གོ་བ་གཏིང་ཟབ་ལེན་པ་དང་གོ་དོན་མཐིལ་རྟོགས་ཐུབ་པར་བྱེད་དགོས།  གཉིས་ནས་དངོས་གནས་ཡིད་ཆེས་བྱེད་དགོས་པ་སྟེ།  “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་བླངས་ནས།  ཐོག་མཐའ་བར་གསུམ་དུ་བསམ་བློ་དང་ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱས་ཏེ།  “གཏན་འཁེལ་གཉིས”ལ་གོང་བཀུར་བྱ་རྒྱུ་དེ“སྲུང་སྐྱོང་གཉིས”ཀྱི་ཚད་མཐོའི་རང་རྟོགས་སུ་འགྱུར་བར་བྱེད་པ་དང་།  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་བློ་དཀར་སེམས་དཀར་གྱིས་དད་མོས་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལ་ཡིད་ཆེས་བརྟན་པོ་བྱེད་པ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བར་ཡིད་ཆེས་བརྟན་པོ་བྱེད་པ་བཅས་སུ་འགྱུར་བར་བྱེད་པ། ལས་དོན་སྣ་ཚོགས་ཡག་པོར་སྒྲུབ་པའི་བྱ་སྤྱོད་དངོས་ལ་འགྱུར་བར་བྱེད་པ་བཅས་བྱེད་དགོས།   གསུམ་ནས་དངོས་གནས་བཀོལ་སྤྱོད་བྱེད་དགོས་པ་སྟེ།  ཐོས་བསམ་སྤྱོད་གསུམ་ཟུང་འབྲེལ་དང་ཤེས་དད་སྦྱོར་གསུམ་གཅིག་གྱུར་ཡོང་བ་རྒྱུན་འཁྱོངས་བྱས་ཏེ། རང་རྟོགས་སྒོས་དུས་རབས་གསར་པའི་ཏང་གི་གསར་སྐྲུན་རིགས་པའི་གཞུང་ལུགས་ཀྱིས་གནས་བབ་གསར་པར་ལྟ་ཞིབ་དང་། གནས་ཚུལ་གསར་པར་ཞིབ་འཇུག གནད་དོན་གསར་པ་ཐག་གཅོད་བཅས་བྱས་ནས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་སྣ་ཚོགས་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ། རྙོག་འཛིང་ཆེ་བའི་གནས་བབ་ཀྱི་མདུན་དུ་རྨོངས་འཐོམ་མི་བྱེད་པ་དང་དཀའ་ཚེགས་ཆེ་བའི་འཐབ་རྩོད་ཀྱི་མདུན་དུ་ཕྱིར་བཤོལ་མི་བྱེད་པར་སློབ་སྦྱོང་གི་ཕན་འབྲས་དེ་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོ་ཞིག་ཏུ་འགྱུར་བར་བྱེད་དགོས།

ང་ཚོའི་གནས་ཚུལ། འགན་འཁུར་གསལ་བསྒྲགས། འབྲེལ་གཏུག་བྱེད་ཡུལ།
Copyright © 2005-2023   མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
青ICP备19000163号-70 འབྲེལ་གཏུགས་ཁ་པར། 0971-8456487
 
དྲི་བ་བརྒྱ་དང་བཞི། ཏང་གི་གསར་སྐྲུན་རིགས་པའི་གཞུང་ལུགས་ཀྱིས་ཏང་ཡོངས་ལ་དྲག་ཆས་སྤྲས་པ་ནི་ཏང་གི་བསམ་བློ་འཛུགས་སྐྲུན་བྱེད་པའི་རྩ་བའི་ལས་འགན་ཡིན་ཞེས་པར་གོ་བ་ཇི་ལྟར་ལེན་དགོས་སམ།

ཡོང་ཁུངས། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན།

རྩོམ་སྒྲིག་པ། ཁོན་ཐར་འཚོ།