མཚོ་བོད་སྡེ་ཤོག་ཀུང་སིས་ཏུན་ཧོང་ནས་ལྷ་སའི་ཕྱོགས་ཀྱི་འགྲུལ་སྐྱེལ་མེ་འཁོར་གནས་སྐབས་ཁ་སྣོན་བྱས།
ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།
རྩོམ་སྒྲིག་པ། ཁོན་ཐར་འཚོ།
སྤེལ་དུས། 2023-07-13 11:21:36
མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཉེ་ལམ། གསར་འགོད་པས་ཀྲུང་གོའི་ལྕགས་ལམ་མཚོ་བོད་སྡེ་ཤོག་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་ལྟར་ན། ཡུལ་སྐོར་བའི་འགྲོ་འོང་གི་དགོས་མཁོ་བསྐང་ཆེད་ཀུང་ས་དེས་ན་གོར་མོ་ནས་ཏུན་ཧོང་དང་། ཟི་ལིང(ན་གོར་མོ)ནས་ལྷ་སའི་བར་གྱི་འགྲུལ་སྐྱེལ་མེ་འཁོར་གནས་སྐབས་ཁ་སྣོན་ཐོག་ཤར་གཏོང་བྱས་ཡོད་པ་རེད།
ཟླ7ཚེས6ཉིན་ནས་ཟླ7ཚེས31ཉིན་བར་དུ། ན་གོར་མོ་ནས་ཏུན་ཧོང་བར་མེ་འཁོརK4124/1རྟགས་ཅན་ཁ་སྣོན་ཐོག་ཤར་གཏོང་བྱས་ཡོད་པ་དང་། ཟླ7ཚེས7ཉིན་ནས་ཟླ8ཚེས1ཉིན་བར་ཏུན་ཧོང་ནས་ན་གོར་མོའི་བར་མེ་འཁོརK4122/3གནས་སྐབས་སུ་ཁ་སྣོན་བརྒྱབ་ནས་ཤར་གཏོང་བྱས་ཡོད།
ཟླ7ཚེས8ཉིན་ཟི་ལིང་ནས་ལྷ་སའི་བར་མེ་འཁོརZ9817གནས་སྐབས་ཁ་སྣོན་ཐོག་ཤར་གཏོང་བྱས་ཡོད།
ཟླ7ཚེས8ཉིན་ནས་ཟླ8ཚེས31ཉིན་བར། ཟི་ལིང་ནས་ལྷ་སའི་བར་མེ་འཁོརZ9821གནས་སྐབས་ཁ་སྣོན་བརྒྱབ་ནས་ཤར་གཏོང་བྱས། ཟླ7ཚེས9ཉིན་དང་། ཟླ7ཚེས11ཉིན་ནས་ཟླ9ཚེས3ཉིན་བར་ལྷ་ས་ནས་ཟི་ལིང་བར་མེ་འཁོརZ9822རྟགས་ཅན་གནས་སྐབས་སུ་ཁ་སྣོན་ཐོག་ཤར་གཏོང་བྱས་ཡོད།
ཟླ7ཚེས9ཉིན་ནས་ཟླ9ཚེས1ཉིན་བར། ལྷ་ས་ནས་ན་གོར་མོའི་བར་མེ་འཁོརZ9824རྟགས་ཅན་གནས་སྐབས་སུ་ཁ་སྣོན་བྱས་ནས་བཏང་ཡོད་ལ། ཟླ7ཚེས10ཉིན་ནས་ཟླ9ཚེས2ཉིན་ན་གོར་མོ་ནས་ལྷ་སའི་བར་མེ་འཁོརZ9823རྟགས་ཅན་གནས་སྐབས་ཁ་སྣོན་ཐོག་ཤར་གཏོང་བྱས་ཡོད།
ལོ་ཙཱ་བ། ཁོན་ཐར་འཚོ།