ཁྱེད་ཀྱི་མིག་སྔའི་གནས།: མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ཞབས་ཕྱི།ཡུལ་སྐོར།
མཚོ་སྔོན་གྱིས“བྱ་མི་རུང་བ་བཅུ”བཏོན་ནས་ཡུལ་སྐོར་ཁྲོམ་རའི་རིན་གོང་སྒྲིག་ལམ་ཚད་ལྡན་དུ་བཏང་བ།
ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།  རྩོམ་སྒྲིག་པ། ཁོན་ཐར་འཚོ།  
སྤེལ་དུས། 2023-07-13 11:26:23

 ཉིན་ཤས་གོང་གསར་འགོད་པས་ཞིང་ཆེན་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན།     ཡུལ་སྐོར་ཁྲོམ་རའི་རིན་གོང་སྒྲིག་ལམ་སྔར་བས་ཚད་ལྡན་དང་ཡུལ་སྐོར་ཞབས་ཞུའི་སྤུས་ཚད་ཇེ་མཐོར་བཅས་གཏང་ཆེད།    ཞིང་ཆེན་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུའུ་ཡིས་ནུས་ཤུགས་བཏོན་ནས་ཡུལ་སྐོར་རིན་གོང་ཁྲོམ་རར་ཐོན་མང་བའི་དཀའ་གནད་དང་གནད་དོན་ལ་དམིགས་ཏེ། ཡུལ་སྐོར་ཁྲོམ་རའི་རིན་གོང་སྒྲིག་ལམ་སྲུང་སྐྱོང་ཐད་ནས“བྱ་མི་རུང་བ་བཅུ”ཁྱབ་བསྒྲགས་བྱས་ནས་བདེ་འཇགས་དང་ཡུལ་སྐོར་འཛད་སྤྱོད་ཀྱི་ཁོར་ཡུག་བློ་བདེ་བ་ཞིག་བསྐྲུན།      

  རྒྱུས་ལོན་བྱུང་བ་ལྟར་ན།   “བྱ་མི་རུང་བ་བཅུ”ཡི་ནང་ཞིང་ཆེན་ཡོངས་ཀྱི་ཡུལ་སྐོར་ལས་རིགས་པས་གཉེར་སྐྱོང་ཁ་དན་ཚིག་ལ་གནས་ཤིང་རིན་གོང་རྫུས་མ་འགོད་མི་ཆོག་པའི་བླང་བྱ་བཏོན།     རིན་གོང་གསལ་པོར་དགོད་དགོས་པ་མ་ཟད་གཏན་འཁེལ་རིན་གོང་ལས་གཞན་རིན་གོང་སྤར་མི་ཆོག གསལ་འགོད་རིན་གོང་དང་ཕྱིར་འཚོང་རིན་གོང་གཅིག་མཚུངས་ཡིན་དགོས་པ་ལས་གོང་ཚད་དམའ་བ་རིགས་གོང་ཚད་མཐོན་པོར་བཏང་ནས་རྩིས་རྒྱག་མི་ཆོག       གསལ་བརྡ་གཏོང་བའི་འོས་འགན་ལག་བསྟར་བྱེད་པ་ལས་མངོན་མེད་འཛད་སྤྱོད་བྱ་མི་ཆོག་པ།     རང་མོས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱེད་པ་ལས་བཙན་ཤེད་ཀྱིས་ཕྱིར་འཚོང་བྱ་མི་ཆོག བྲིན་ཚོང་བྱ་སྤྱོད་ཚད་ལྡན་དུ་གཏང་བ་ལས་ཉོ་ཚོང་ལ་བསླུ་བྲིད་བྱ་མི་ཆོག    རིན་གོང་གྱང་ཐོག་ཏུ་སྦྱར་བའི་ལུགས་དར་སྤེལ་དུ་གཏང་བ་ལས།   སྲིད་གཞུང་གིས་རིན་གོང་གཏན་འཁེལ་བྱེད་པའི་མཛེས་ལྗོངས་ཁུལ་དུ་རང་དགར་རིན་གོང་སྤར་མི་ཆོག བཅའ་ཁྲིམས་ལྟར་པ་སེ་ཆག་ཡང་དང་རྩ་ཆག་གཏང་རྒྱུ་ལས།     གཅོག་འཕྲི་བྱ་མི་རུང་།  འདྲ་མཉམ་དང་གོ་རིམ་ལྡན་པའི་སྒོ་ནས་འགྲན་རྩོད་བྱེད་པ་ལས་ཕན་ཚུན་ལྐོག་འབྲེལ་བྱ་མི་རུང་།  རིན་གོང་ཁ་བསླུས་རྒྱག་པའི་བྱ་སྤྱོད་ལ་སྒོར་ཁྲི50ནང་ཚུན་གྱི་ཆད་པ་གཅོད་ཆོག     སྲིད་གཞུང་གི་མཛུབ་སྟོན་རིན་གོང་དང་སྲིད་གཞུང་གི་གཏན་འཁེལ་རིན་གོང་ལག་བསྟར་མི་བྱེད་པའི་རིགས་ལ་སྒོར་ཁྲི200ནང་ཚུན་གྱི་ཆད་པ་གཅད་ཆོག རིན་གོང་ཧམ་སྤོར་བྱས་པར་སྒོར་ཁྲི300ནང་ཚུན་གྱི་ཆད་པ་གཅད་ཆོག ཕན་ཚུན་ལྐོག་འབྲེལ་བྱས་ནས་ཚོང་རའི་རིན་གོང་ཁ་ལོ་བསྒྱུར་རིགས་ལ་སྒོར་ཁྲི500ནང་ཚུན་གྱི་ཆད་པ་གཅད་ཆོག

  “བྱ་མི་རུང་བ་བཅུ”ཁྱབ་བསྒྲགས་བྱ་བ་ནི་ཞིང་ཆེན་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུའུ་ཡིས་བྱ་སྤྱོད་དངོས་ཀྱི་ཐོག་ནས་གཙོ་དོན་སློབ་གསོ་གཏིང་ཟབ་ཏན་ཏིག་དང་ཕན་འབྲས་ཐོན་བར་སྐུལ་འདེད་དང་། ཡུལ་སྐོར་ཁྲོམ་རའི་རིན་གོང་ཚད་ལྡན་དུ་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ། འདྲ་མཉམ་དང་གོ་རིམ་ལྡན་པའི་ཡུལ་སྐོར་ཁྲོམ་རའི་འཛད་སྤྱོད་ཁོར་ཡུག་གཏོད་པའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཀྱང་རེད།     སླད་ཕྱིན་ཞིང་ཆེན་ཁྲོམ་རའི་ལྟ་སྐུལ་དོ་དམ་ཅུའུ་ཡིས“བྱ་མི་རུང་བ་བཅུའི”བླང་བྱ་ལག་བསྟར་དོན་འཁྱོལ་བྱ་རྒྱུ་ཤུགས་རྒྱག་སར་བྱས་ནས་རིན་གོང་ལྟ་སྐུལ་མཛུབ་ཁྲིད་ཞིབ་བཤེར་ཚོ་ཆུང་བཙུགས་ཏེ། “མི་བྱེད་པ་བཞི་དང་ཐད་ཀར་གཉིས”ཀྱི་བྱེད་ཐབས་ལ་བརྟེན་ནས་ཞིང་ཆེན་ཡོངས་ཀྱི་གཙོ་གནད་ཡུལ་སྐོར་མཛེས་ལྗོངས་ཁུལ་ལ་ལྟ་སྐུལ་ཞིབ་བཤེར་བྱས་ཏེ། དོན་དངོས་དང་མཐུན་པའི་ས་ཁུལ་གྱི་ལྟ་སྐུལ་དོ་དམ་འགན་འཁྲི་སྔར་བས་ཇེ་ཡང་དུ་བཏང་སྟེ་ཁྲིམས་འཛིན་སྟོབས་ཤུགས་འཐབ་ཕྱོགས་དང་པོར་གཤམ་སྤྲོད་ལ་སྐུལ་འདེད་གཏོང་བ་དང་མཛེས་ལྗོངས་ཁུལ་དང་དེ་བཞིན་ཉེ་འཁོར་གྱི་རིན་གོང་བྱ་སྤྱོད་ཚད་ལྡན་དུ་བཏང་ནས་ཡུལ་སྐོར་བའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱ་རྒྱུ་རེད། 

གཡང་སྐྱིད་ཀྱིས་བསྒྱུར། 

ང་ཚོའི་གནས་ཚུལ། འགན་འཁུར་གསལ་བསྒྲགས། འབྲེལ་གཏུག་བྱེད་ཡུལ།
Copyright © 2005-2023   མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
青ICP备19000163号-70 འབྲེལ་གཏུགས་ཁ་པར། 0971-8456487
 
མཚོ་སྔོན་གྱིས“བྱ་མི་རུང་བ་བཅུ”བཏོན་ནས་ཡུལ་སྐོར་ཁྲོམ་རའི་རིན་གོང་སྒྲིག་ལམ་ཚད་ལྡན་དུ་བཏང་བ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

རྩོམ་སྒྲིག་པ། ཁོན་ཐར་འཚོ།