ཁྱེད་ཀྱི་མིག་སྔའི་གནས།: མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ཞབས་ཕྱི།ཡུལ་སྐོར།
“ནམ་མཁའི་མེ་ལོང་རྟགས་ཅན”གྱི་ཡུལ་སྐོར་ཆེད་གཏོང་མེ་འཁོར་ཟི་ལིང་ནས་ཚྭ་ཁའི་མཛེས་ལྗོངས་ཁུལ་བར་གྱི་ཐད་སྐྱོད་མེ་འཁོར་ཤར་གཏོང་བྱས།
ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།  རྩོམ་སྒྲིག་པ། ཁོན་ཐར་འཚོ།  
སྤེལ་དུས། 2023-07-12 17:43:00

    ཉེ་ལམ་ཟི་ལིང་ནས་ཚྭ་ཁའི་ཚྭ་མཚོའི་བར་བསྐྱོད་པའི“ནམ་མཁའི་མེ་ལོང་རྟགས་ཅན”གྱི་ཡུལ་སྐོར་ཆེད་གཏོང་མེ་འཁོར་དངོས་སུ་ཤར་གཏོང་བྱས་ནས་མཚོ་སྔོན་ལ་ཡུལ་སྐོར་དུ་ཕེབས་མཁན་སྐུ་མགྲོན་རྣམས་ལ་སྟབས་བདེ་བསྐྲུན།  དེ་ནི་མཚོ་སྔོན་གྱི་ཡུལ་སྐོར་ཆེས་ཡག་པའི་དུས་བཟང་ལ་བསླེབས་པ་མཚོན།

  “ནམ་མཁའི་མེ་ལོང་རྟགས་ཅན”གྱི་ཡུལ་སྐོར་ཆེད་གཏོང་མེ་འཁོར་ནི་ཚྭ་ཁའི་ཚྭ་མཚོ་ལྗོངས་ཁུལ་གྱི་མིང་ཐོག་ནས་ཆེད་དུ་བཏང་བའི་ཡུལ་སྐོར་མེ་འཁོར་ཡིན། ལོ་རེའི་ཡུལ་སྐོར་དུས་བཟང་གི་སྐབས་ལ་ཤར་གཏོང་བྱེད་པ་ཡིན།  དེའི་རིང་ལ་ཉིན་རེར་ཟི་ལིང་གི་མེ་འཁོར་ས་ཚིགས་ནས་ཚྭ་ཁའི་མེ་འཁོར་ས་ཚིགས་བར་འགྲོ་འོང་བྱེད་པ་དང་། ད་ལོའི་མེ་འཁོར་གཏོང་བའི་དུས་ཚོད་ནི་སྔ་དྲོའི་ཆུ7:45སྟེང་ཟི་ལིང་གི་མེ་འཁོར་འབབ་ཚིགས་ནས་ལམ་ལ་ཆས་བ་དང་། ཆུ་ཚོད12:28སྟེང་ཚྭ་ཁའི་མེ་འཁོར་ས་ཚིགས་སུ་འབྱོར་བ་ཡིན།  ཕྱི་དྲོའི་ཆུ་ཚོད17:50ཡི་སྟེང་ཚྭ་ཁའི་མེ་འཁོར་ས་ཚིགས་ནས་ལམ་ནས་ཆས་ཤིང་། དགོང་མོའི་ཆུ་ཚོད22:39སྟེང་ཟི་ལིང་གི་མེ་འཁོར་ས་ཚིགས་སུ་འབྱོར་བ་ཡིན།  མེ་འཁོར་གྱི་མལ་ཁྲི་དཀྱུས་མ་རེར་སྒོར110.5དང་། རྐུབ་སྟེགས་རེར་སྒོར62.5ཡིན་པ་རེད།  ལམ་བར་དུ་མཚོ་སྔོན་པོ་དང་། ཚྭ་ཁའི་ཚྭ་མཚོ་སོགས་ལྗོངས་ཁུལ་གྲགས་ཅན་དང་མཚེའུ་དང་རྩྭ་ཐང་། བྱེ་ཐང་སོགས་བརྒྱུད་མཐར་“ནམ་མཁའི་མེ་ལོང”སྟེ་ཚྭ་ཁའི་ལྗོངས་ཁུལ་དུ་འབྱོར་བས། ཡུལ་སྐོར་པས་ཉིན་གཅིག་ལ་མཚོ་སྔོན་གྱི་ཐུན་མོང་མ་ཡིན་པའི་མཛེས་ལྗོངས་ལ་ཅི་དགར་གཟིགས་ཐུབ། 

      ཚྭ་ཁའི་ཚྭ་མཚོ་ནི་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཝུའུ་ལན་རྫོང་ཚྭ་ཁ་གྲོང་རྡལ་དུ་ཡོད་ཅིང་། མཚོ་ངོས་ཀྱི་རྒྱ་ཁྱོན་ལ་སྤྱི་ངོས་སྙོམས་གྲུ་བཞི་མ105དང་། ལྗོངས་ཁུལ་གྱི་རྒྱ་ཁྱོན་ལ་སྨི་ངོས་སྙོམས་གྲུ་བཞི་མ30ཡོད།  ལོ་རྒྱུས་དང་རིག་གནས་དར་ཡུན་རིང་ལ། ཀྲུང་གོའི་ཚྭ་ཡི་རིག་གནས་ཀྱི་འབྱུང་ཁོངས་ཉག་ཅིག་ཡིན་པས་གནའ་ནས་བཟུང་དེ་ལ་ཕོ་བྲང་ནུབ་མའི་ཚྭ་མཚོ་ཞེས་ཀྱང་འབོད།    རྒྱལ་ཁབ་ཡུལ་སྐོར་ས་ཁམས་དུས་དེར་གྱིས“མི་ཚེ་འདིར་བསྐྱོད་འོས་པའི་ཡུལ55”གྱི་གྲས་སུ་བགྲངས་ཡོད་དོ། ། 

  ལོ་ཙཱ་བ། ཁོན་ཐར་འཚོ། 

ང་ཚོའི་གནས་ཚུལ། འགན་འཁུར་གསལ་བསྒྲགས། འབྲེལ་གཏུག་བྱེད་ཡུལ།
Copyright © 2005-2023   མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
青ICP备19000163号-70 འབྲེལ་གཏུགས་ཁ་པར། 0971-8456487
 
“ནམ་མཁའི་མེ་ལོང་རྟགས་ཅན”གྱི་ཡུལ་སྐོར་ཆེད་གཏོང་མེ་འཁོར་ཟི་ལིང་ནས་ཚྭ་ཁའི་མཛེས་ལྗོངས་ཁུལ་བར་གྱི་ཐད་སྐྱོད་མེ་འཁོར་ཤར་གཏོང་བྱས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།

རྩོམ་སྒྲིག་པ། ཁོན་ཐར་འཚོ།