མཚོ་བྱང་ཁུལ་མདོ་ལ་རྫོང་གིས་ཡུལ་སྐོར་ལམ་ཐིག་ལེགས་ཤོས་བཞི་འོས་སྦྱོར་བྱས་ཡོད།
ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ།
རྩོམ་སྒྲིག་པ། ཁོན་ཐར་འཚོ།
སྤེལ་དུས། 2023-07-12 17:43:30
མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ཟླ6ཚེས22ཉིན། “མདོ་ལ་ལྷ་ཡི་ཞིང་ཁམས། སྙན་ངག་དང་རྒྱང་རིང་གི་ཁྱིམ་གཞིས” ཞེས་པའི་སྐྱེ་ཁམས་ཡུལ་སྐོར་ཆེད་དོན་འོས་སྦྱོར་ཚོགས་འདུ་ཟི་ལིང་དུ་བསྡུས་ཤིང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་ཡུལ་སྐོར་སྤུས་ལེགས་པོ་གོང་སྤེལ་ལ་དམིགས་ཏེ། སྤུས་ལེགས་པའི་སྐྱེ་ཁམས་ཡུལ་སྐོར་གྱི་ལམ་ཐིག4འོས་སྦྱོར་བྱས་པར་མ་ཟད། ཞིང་ཆེན་ཡོངས་ཀྱི་ཡུལ་སྐོར་ལས་དོན་ཁང་སོ་སོ་དང་། མདོ་ལ་རྫོང་རིག་གནས་ཡུལ་སྐོར་གྱི་ཁེ་ལས་བཅས་གདན་ཞུས་ཏེ། མདོ་ལའི་ཕུན་སུམ་ཚོགས་པའི་ཡུལ་སྐོར་ཐོན་ཁུངས་དང་ཁྱད་ལྡན་ཡུལ་སྐོར་ཐོན་རྫས་ཕྱོགས་ཡོངས་ནས་འོས་སྦྱོར་བྱས།
མདོ་ལ་རྫོང་ནི་མཚོ་སྔོན་ཞིང་ཆེན་ཤར་བྱང་གི་རྒྱུད་དང་། མཚོ་བྱང་ཁུལ་གྱི་ནུབ་བྱང་གི་རྒྱུད་དེ་མདོ་ལ་རི་བོའི་ལྟེ་བར་ཆགས། ས་ཁོངས་སུ་གངས་རི་དང་། ནགས་ཚལ། རྩྭ་ཐང་། བརླན་ས། གྲོག་རོང་། ཆུ་བོ་སོགས་ཡུལ་ལྗོངས་ལྟ་ན་སྡུག་པས། རྒྱལ་ཁབ་ཀྱི་ས་ཁོངས་ཡོངས་ཀྱི་ཡུལ་སྐོར་དཔེ་སྟོན་ཁུལ་སྐོར་ཁག་དང་པོའི་ནང་བདམས་པས། རང་ཞིང་གི་རྒྱལ་ཁབ་ཀྱི་ས་ཁོངས་ཡོངས་ཀྱི་ཡུལ་སྐོར་དཔེ་སྟོན་ཁུལ་ཐོག་མར་གྱུར། དེར5Aརིམ་པའི་ལྗོངས་ཁུལ1དང་། 4Aརིམ་པའི་ལྗོངས་ཁུལ1ཡོད་པ་དང་། ཞིང་ཆེན་ཡོངས་དང་ཐ་ན་ཀྲུང་གོའི་ནུབ་རྒྱུད་ཀྱི་ཡུལ་སྐོར་རྫོང་གྲགས་ཅན་ཡིན།
འོས་སྦྱོར་ཚོགས་འདུའི་སྟེང་། མདོ་ལ་རྫོང་གི་འབྲེལ་ཡོད་ལས་བྱེད་པས་དེར་ཕེབས་ཀྱི་སྐུ་མགྲོན་རྣམས་ལ་“མདོ་ལ་ལྷ་ཡི་ཞིང་ཁམས་དག་གཙང་གི་སྐྱེ་ཁམས་ཡུལ་སྐོར་དང་། མདོ་ལ་ལྷ་ཡི་ཞིང་ཁམས་སྐྱེ་ཁམས་ཡུལ་སྐོར་གྱི་བསྐོར་ལམ་ཆེན་མོ། མདོ་ལ་ལྷ་ཡི་ཞིང་ཁམས་ཡུལ་སྐོར་སྤྲོ་གསེང་གི་སྐོར་ལམ་ཆུང་བ། མདོ་ལ་རྫོང་དང་ཀན་སུའུ་ཞིང་ཆེན་འབྲོང་ཡུལ་གྲོང་ཁྱེར་བར་གྱི་ཀན་ལྷོའི་ཡུས་ཀུའུ་རིགས་རང་སྐྱོང་རྫོང་སྐྱེ་ཁམས་ཡུལ་སྐོར་གྱི་སྐོར་ལམ་ཆུང་བ་བཅས་སྤུས་དག་པའི་སྐྱེ་ཁམས་ཡུལ་སྐོར་ལམ་ཐིག4 འོས་སྦྱོར་བྱས་ལ། ལམ་ཐིག་ཏུ་ཨ་མྱེས་སྟོང་སོ་ལྗོངས་ཁུལ་དང་། མཛོ་མོ་དམར་ཡག་མའི་ལྗོངས་ཁུལ། ཆུ་ནག་གྲོང་རོང་ཆེན་མོ། མདོ་ལ་རི་བོའི་རྩྭ་ཐང་སོགས་རྫོང་ཁོངས་དེའི་སྐྱེ་ཁམས་དང་རིག་གནས་ཡུལ་སྐོར་ལྗོངས་ཁུལ་འདུ་བ་རེད།
ལོ་ཙཱ་བ། ཁོན་ཐར་འཚོ།