ཁྱེད་ཀྱི་མིག་སྔའི་གནས།: མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ཞབས་ཕྱི།དྲི་བའི་སྐོར།
རྙེད་དངོས་བདག་བཟུང་བྱས་ཆོག་གམ།
ཡོང་ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར།  རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།  
སྤེལ་དུས། 2023-05-26 10:31:04

  01 བློ་མཐུན་རྩོམ་སྒྲིག་པ་ལགས།

  ཉིན་ཞིག་ལ།རྒན་མོ་ཚེ་སྐྱིད་སྡེ་བའི་གཞུང་ལས་ལ་འགྲོ་བའི་ལམ་བར་དུ་གསེར་གྱི་སྐེ་རྒྱན་ཞིག་རྙེད་ཅིང་། ཁོ་མོས་དེའི་ཉེ་འཁོར་དུ་ཕར་ལྟ་ཚུར་ལྟ་ཞིག་བྱས་རྗེས། མི་གཅིག་ཀྱང་མེད་པ་མཐོང་སྟེ་གསེར་གྱི་སྐེ་རྒྱན་རང་ཉིད་ཀྱིས་བདག་བཟུང་བྱས། ཟླ་གཅིག་གི་རྗེས་སུ། རྒན་མོ་ཚེ་སྐྱིད་ལ་གློ་བུར་དུ་ནད་ལྕི་མོ་ཞིག་བྱུང་སྟེ་སྨན་ཁང་དུ་བསྐྱལ་ནས་མྱུར་སྐྱོབ་བྱས་ཀྱང་། ནད་ཀྱི་གནས་ཚུལ་སྔར་བཞིན་དེ་འདྲའི་བཟང་རྒྱུ་མེད་པས། མོས་ཁྱིམ་གྱི་རྒྱུ་ནོར་དང་ད་དུང་གཉེན་སྒྲིག་བྱས་མེད་པའི་བུ་གཅིག་པུ་ཡིད་ལ་དབང་མེད་དུ་དྲན་ཏེ། ཕྱིས་ཀྱི་དོན་དག་ཡོད་ཚད་བུ་ལ་བཅོལ་གདམས་ཤིག་བྱ་དགོས་པར་འདོད། དེར་བརྟེན། རྒན་མོ་ཚེ་སྐྱིད་ཀྱིས་བུ་སྨན་ཁང་དུ་བོས་ཏེ་ཁྱིམ་གྱི་རྒྱུ་ནོར་ཡོད་ཚད་རྩིས་སྤྲོད་གསལ་པོ་ཞིག་བྱས་པའི་ཁྲོད་ཁོ་མོས་ལམ་ནས་རྙེད་པའི་གསེར་གྱི་སྐེ་རྒྱན་དེའང་ཡོད། འདིར་ཁྱེད་བཅའ་ཁྲིམས་བློ་སྟོན་ཁང་ལ་དྲི་རྒྱུ་ཞིག་ཡོད་པ་ནི་བོར་དངོས་རང་ཉིད་ཀྱིས་བདག་བཟུང་བྱས་ཆོག་གམ།དེ་ནི་ཤུལ་ནོར་དུ་བརྩིས་ནས་ཤུལ་འཛིན་བྱས་ཆོག་གམ།

  ཞེས་མགོན་པོ་ཡིས།

  བློ་མཐུན་མགོན་པོ་ལགས།

  རང་རྒྱལ་གྱི་བཅའ་ཁྲིམས་ཀྱིས་ཤུལ་ནོར་གྱི་ཁྱབ་ཁོངས་ལ་གཏན་འཁེལ་གསལ་པོ་བྱས་ཡོད་དེ།《དམངས་དོན་ཁྲིམས་གཞུང》གི་དོན་ཚན1122པའི་གཏན་འཁེལ་ལྟར་ན། “ཤུལ་བཞག་རྒྱུ་དངོས་ནི་རང་བྱུང་མི་ཚེ་ལས་འདས་སྐབས་ཤུལ་དུ་ལུས་པའི་སྒེར་གྱི་ཁྲིམས་མཐུན་རྒྱུ་ནོར་ཡིན། བཅའ་ཁྲིམས་ཀྱི་གཏན་འཁེལ་ལྟར་རམ་དེའི་ངོ་བོར་གཞིགས་ནས་ཤུལ་འཛིན་བྱས་མི་ཆོག་པའི་ཤུལ་བཞག་རྒྱུ་དངོས་ཤུལ་འཛིན་བྱས་མི་ཆོག”ཅེས་བཀོད་ཡོད། གཞན་ཡང《དམངས་དོན་ཁྲིམས་གཞུང》གི་དོན་ཚན314པའི་གཏན་འཁེལ་ལྟར་ན། “བོར་དངོས་རྙེད་ན་དེའི་ཁེ་དབང་འཛིན་མཁན་ལ་ཕྱིར་སྤྲད་དགོས། རྙེད་མཁན་གྱིས་ཁེ་དབང་འཛིན་མཁན་ལ་དུས་ཐོག་ཏུ་ལེན་དགོས་པའི་བརྡ་གཏང་དགོས་པའམ་སྤྱི་བདེ་ལས་ཁུངས་སོགས་འབྲེལ་ཡོད་སྡེ་ཁག་ལ་སྤྲད་དགོས”ཞེས་བཀོད་ཡོད། དེར་བརྟེན། བོར་དངོས་རང་ཉིད་ཀྱིས་བདག་བཟུང་བྱས་པའི་བྱ་སྤྱོད་ནི་ཁྲིམས་འགལ་ཡིན། གཞན་གྱི་བོར་དངོས་ནི་རང་ཉིད་ཀྱི་ཁྲིམས་མཐུན་རྒྱུ་ནོར་མིན་པས་ཤུལ་ནོར་ཁྱབ་ཁོངས་སུ་མི་གཏོགས་ལ་རྒྱུན་འཛིན་དེ་བས་ཀྱང་བྱས་མི་ཆོག

  གོང་གི་གྱོད་དོན་འདིར་གཞིགས་ན། རྒན་མོ་ཚེ་སྐྱིད་མི་སྒེར་གྱི་ཁྲིམས་མཐུན་རྒྱུ་ནོར་ཁོ་ན་བུ་ཡིས་ཤུལ་འཛིན་བྱས་ཆོག བོར་དངོས་ཏེ་གསེར་གྱི་སྐེ་རྒྱན་ཁོ་མོའི་ཁྲིམས་མཐུན་རྒྱུ་ནོར་མིན་ལ། དེ་ནི་དངོས་པོ་བོར་མཁན་གྱི་རྒྱུ་ནོར་ཡིན་པས་རྒན་མོ་ཚེ་སྐྱིད་ཀྱི་བུ་ཡིས་ཤུལ་ནོར་དུ་བརྩིས་ཏེ་ཤུལ་འཛིན་བྱས་མི་ཆོག

  ཅེས་འདི་གའི་བཅའ་ཁྲིམས་བློ་སྟོན་ཁང་གིས།

ང་ཚོའི་གནས་ཚུལ། འགན་འཁུར་གསལ་བསྒྲགས། འབྲེལ་གཏུག་བྱེད་ཡུལ།
Copyright © 2005-2023   མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
青ICP备19000163号-70 འབྲེལ་གཏུགས་ཁ་པར། 0971-8456487
 
རྙེད་དངོས་བདག་བཟུང་བྱས་ཆོག་གམ།

ཡོང་ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར།

རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།