ཅི་ཞིག་ལ་ལས་ཚབ་ཟེར།
ཡོང་ཁུངས། མཚོ་སྔོན་བོད་ཡིག་ཁྲིམས་ལུགས་ཚགས་པར།
རྩོམ་སྒྲིག་པ། ཨ་གཡང་སྐྱིད།
སྤེལ་དུས། 2023-04-28 15:59:00
དང་པོ། ཅི་ཞིག་ལ་ལས་ཚབ་ཟེར།
ལས་ཚབ་ཟེར་བ་ནི་ལས་ཚབ་པས་ལས་ཚབ་བྱ་ཡུལ་གྱི་ཚབ་བྱས་ཏེ་དམངས་དོན་བཅའ་ཁྲིམས་ཀྱི་བྱ་སྤྱོད་སྤེལ་བ་དང་། དེའི་བཅའ་ཁྲིམས་ཀྱི་ཕན་འབྲས་དེ་ལས་ཚབ་བྱ་ཡུལ་ལ་ཐད་ཀར་དུ་དབང་པའི་བྱ་སྤྱོད་ལ་ཟེར།
གཉིས། ལས་ཚབ་བྱས་མི་ཆོག་པའི་གནས་ཚུལ།
《དམངས་དོན་ཁྲིམས་གཞུང》གི་དོན་ཚན161པའི་ནང་གསེས་དོན་ཚན2པའི་གཏན་འཁེལ་ལ་གཞིགས་ན། གཤམ་གསལ་གྱི་དམངས་དོན་བཅའ་ཁྲིམས་ཀྱི་བྱ་སྤྱོད་རིགས་གསུམ་ལས་ཚབ་བྱས་མི་ཆོག
1. བཅའ་ཁྲིམས་ཀྱི་གཏན་འཁེལ་ལྟར་མི་ངོ་མས་དངོས་སུ་སྤེལ་དགོས་པའི་དམངས་དོན་བཅའ་ཁྲིམས་ཀྱི་བྱ་སྤྱོད་ཡིན་པའི་རིགས།
2. དོ་བདག་གི་ཁ་ཆད་ལྟར་དོ་བདག་པ་ངོ་མས་དངོས་སུ་ལག་བསྟར་བྱ་དགོས་པའི་དམངས་དོན་བཅའ་ཁྲིམས་ཀྱི་བྱ་སྤྱོད།
3. དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ཀྱི་ངོ་བོར་གཞིགས་ན་མི་ངོ་མས་དངོས་སུ་སྤེལ་དགོས་པའི་དམངས་དོན་བཅའ་ཁྲིམས་ཀྱི་བྱ་སྤྱོད།
གསུམ། བཅའ་ཁྲིམས་ཀྱི་གཞི་འཛིན་ས།
《དམངས་དོན་ཁྲིམས་གཞུང》གི་དོན་ཚན161པའི་གཏན་འཁེལ་ལྟར་ན། “དམངས་དོན་བྱེད་པོས་ལས་ཚབ་པ་བརྒྱུད་ནས་དམངས་དོན་བཅའ་ཁྲིམས་ཀྱི་བྱ་སྤྱོད་ལག་བསྟར་བྱས་ཆོག”ཅེས་བཀོད་ཡོད།
བཅའ་ཁྲིམས་ཀྱི་གཏན་འཁེལ་དང་དོ་བདག་པ་བར་ཁ་ཆད་བཞག་པའམ་ཡང་ན་དམངས་དོན་བཅའ་ཁྲིམས་བྱ་སྤྱོད་ཀྱི་ངོ་བོ་ལྟར་ན། མི་རང་ཉིད་ཀྱིས་དངོས་སུ་ལག་བསྟར་བྱ་དགོས་པའི་དམངས་དོན་བཅའ་ཁྲིམས་ཀྱི་བྱ་སྤྱོད་ཡིན་པར་ལས་ཚབ་བྱས་མི་ཆོག


