ཁྱེད་ཀྱི་མིག་སྔའི་གནས།: མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ཞབས་ཕྱི།དམངས་ཚིས་སྐོར།
ཀྲུང་དབྱང་ནོར་སྲིད་ཀྱིས་མ་དངུལ་སྒོར་དུང་ཕྱུར100བཏང་ནས་འབྲུ་རིགས་འདེབས་མཁན་ཞིང་པར་ཐེངས་གཅིག་རང་བཞིན་གྱི་ཁ་གསབ་སྤྲོད་རྒྱུ་ཡིན་པ།
ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན།  རྩོམ་སྒྲིག་པ། ཨ་གཡང་སྐྱིད།  
སྤེལ་དུས། 2023-04-18 16:04:00

  ཚེས17ཉིན་གསར་འགོད་པས་ནོར་སྲིད་པུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན།  ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་སྟེ། ཞིང་ལས་རྒྱུ་ཆའི་ཁྲོམ་རའི་རིན་གོང་འཕེལ་ཕྱོགས་དང་ཞིང་ལས་ཐོན་སྐྱེད་ཀྱི་དུས་བབ་ལ་སྤྱི་འདོམས་བསམ་གཞིག་བྱས་ཏེ། ཉེ་ཆར་ཀྲུང་དབྱང་ནོར་སྲིད་ཀྱིས་མ་དངུལ་སྒོར་དུང་ཕྱུར100གཤམ་སྤྲོད་བྱས་ནས། དོན་དངོས་ཀྱི་འབྲུ་རིགས་འདེབས་མཁན་ཞིང་པར་སྤྲོད་ཐེངས་གཅིག་གི་ཁ་གསབ་སྤྲད་དེ་དཔྱིད་རྨོད་ཐོན་སྐྱེད་ལ་སྤྱི་འདོམས་རྒྱབ་སྐྱོར་བྱས་ནས། སྔར་ལས་ལྷག་པའི་སྒོ་ནས་ཞིང་པས་འབྲུ་རིགས་འདེབས་པའི་ཧུར་སེམས་ལ་སྐུལ་སློང་བྱས།

  ཐེངས་འདིའི་ཁ་གསབ་བྱ་ཡུལ་ནི་དོན་དངོས་ཐོག་འབྲུ་རིགས་འདེབས་མཁན་ཡིན་ཞིང་།    དེའི་ནང་འགན་གཙང་བླངས་པའི་ས་ཞིང་ལ་བརྟེན་ནས་འབྲུ་རིགས་འདེབས་པའི་ཞིང་པ་དང་།    ས་ཞིང་འཁོར་རྒྱུག་བྱེད་མཁན་དུད་ཆེན་དང་།    ཁྱིམ་ཚང་གི་ཞིང་ར།    ཞིང་པའི་མཉམ་ལས་ཁང་།    ཞིང་ལས་ཁེ་ལས་སོགས་ཞིང་ལས་གཉེར་སྐྱོང་བྱེད་པོ་གསར་པ།    དེ་བཞིན་འབྲུ་རིགས་རྨོ་འདེབས་བསྡུ་གསུམ་གྱི་བརྒྱུད་རིམ་ཧྲིལ་པོ་སྤྱི་ཚོགས་ཅན་དུ་འགྱུར་བའི་ཞབས་འདེགས་ཞུ་མཁན་མི་སྒེར་དང་རྩ་འཛུགས་བཅས་ཚུད་ཡོད་ལ།    ཁ་གསབ་མ་དངུལ་འབྲུ་རིགས་འདེབས་མཁན་གྱི་ལག་ཏུ་འབྱོར་བར་འགན་སྲུང་བྱ་རྒྱུ་རེད།     ས་ཁུལ་ཁག་གིས་འབྲེལ་ཡོད་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ་ཁ་གསབ་ཀྱི་ཚད་གཞི་ཕྱོགས་བསྡུས་གཏན་འཁེལ་བྱས་ཏེ།  དེང་རབས་ཅན་གྱི་ཆ་འཕྲིན་ལག་རྩལ་བྱེད་ཐབས་བེད་སྤྱོད་གང་ལེགས་ཐོག་མུ་མཐུད་དུ་“བྱང་བུ་གཅིག”ཤར་གཏོང་སོགས་ཀྱི་རྣམ་པ་སྤྱད་དེ།   དུས་ཐོག་ཏུ་ཁ་གསབ་མ་དངུལ་འདང་ངེས་ཞིག་སྤྲོད་ཐུབ་པར་བྱ་དགོས་པ་བསྟན།    

  གཡང་སྐྱིད་ཀྱིས་བསྒྱུར། 

ང་ཚོའི་གནས་ཚུལ། འགན་འཁུར་གསལ་བསྒྲགས། འབྲེལ་གཏུག་བྱེད་ཡུལ།
Copyright © 2005-2023   མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
青ICP备19000163号-70 འབྲེལ་གཏུགས་ཁ་པར། 0971-8456487
 
ཀྲུང་དབྱང་ནོར་སྲིད་ཀྱིས་མ་དངུལ་སྒོར་དུང་ཕྱུར100བཏང་ནས་འབྲུ་རིགས་འདེབས་མཁན་ཞིང་པར་ཐེངས་གཅིག་རང་བཞིན་གྱི་ཁ་གསབ་སྤྲོད་རྒྱུ་ཡིན་པ།

ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན།

རྩོམ་སྒྲིག་པ། ཨ་གཡང་སྐྱིད།