ཁྱེད་ཀྱི་མིག་སྔའི་གནས།: མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ཞབས་ཕྱི།དམངས་ཚིས་སྐོར།
མཁར་གྲོང་སྡོད་དམངས་ཀྱི་གཞི་རྩའི་སྨན་བཅོས་འགན་སྲུང་གི་སྲིད་ཇུས།
ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་བོད་ཡིག་དྲ་བ།  རྩོམ་སྒྲིག་པ། ལྷ་དཔལ་སྐྱབས།  
སྤེལ་དུས། 2023-04-12 11:19:11

  གཅིག མི་གང་དག་མཁར་གྲོང་སྡོད་དམངས་ཀྱི་གཞི་རྩའི་སྨན་བཅོས་འགན་སྲུང་ཁྲོད་ཞུགས་ཆོག་གམ། 

  གཤམ་ནས་སྡོད་དམངས་ཀྱི་སྨན་བཅོས་འགན་སྲུང་ཞེས་བསྡུ་རྒྱུ།རང་ཞིང་གི་ལས་བཟོ་པའི་གཞི་རྩའི་སྨན་བཅོས་འགན་སྲུང་ཁྲོད་ཞུགས་མེད་པའི་མཁར་གྲོང་གི་སྡོད་དམངས་དང་རང་ཞིང་དུ་གནས་སྡོད་དཔང་ཡིག་ཡོད་པ་ཚང་མ་ཞུགས་ཆོག 

  གཉིས། སྡོད་དམངས་སྨན་བཅོས་ཀྱི་གཅིག་བསྡུས་འགན་སྲུང་རིན་དངུལ་རྩིས་སྤྲོད་ཀྱི་དུས་ཚོད་ནི་ནམ་ཡིན་ནམ།ལོ་རེའི་ཟླ9པ་ནས་ཕྱི་ལོའི་ཟླ3པའི་ཚེས31ཉིན་བར་ནི་སྡོད་དམངས་ཀྱི་སྨན་བཅོས་འགན་སྲུང་གཅིག་བསྡུས་ངང་རྩིས་སྤྲོད་བྱེད་པའི་དུས་ཚོད་ཡིན། 

  གསུམ། སྡོད་དམངས་སྨན་བཅོས་འགན་སྲུང་ལོངས་སྤྱོད་བྱེད་པའི་དུས་ཚོད་ནི་ནམ་ཡིན་ནམ།ལོ་དེའི་ཟླ9པ་ནས་ཟླ12པའི་ཚེས31ཉིན་བར་ནི་སྨན་བཅོས་འགན་སྲུང་ཁྲོད་ཟབ་ཞུགས་དང་རིན་དངུལ་རྩིས་སྤྲོད་བྱེད་པའི་དུས་ཚོད་ཡིན། ཕྱི་ལོའི་ཟླ1པའི་ཚེས1ཉིན་ནས་ཟླ12པའི་ཚེས31ཉིན་བར་ནི་འགན་སྲུང་སྨན་བཅོས་ལོངས་སུ་སྤྱོད་པའི་དུས་ཚོད་ཡིན། ཕྱི་ལོའི་ཟླ1པའི་ཚེས1ཉིན་ནས་ཟླ3པའི་ཚེས31ཉིན་བར་ནི་སྨན་བཅོས་འགན་སྲུང་ཁྲོད་ཟབ་ཞུགས་དང་རིན་དངུལ་རྩིས་སྤྲོད་བྱེད་པའི་དུས་ཚོད་ཡིན་པས། ཟབ་ཞུགས་རིན་དངུལ་སྤྲོད་པའི་ཉིན་ནས་བཟུང་སྨན་བཅོས་འགན་སྲུང་ལོངས་སུ་སྤྱད་ཆོག ཟླ4པའི་ཚེས1ཉིན་ནས་ཟླ6པའི་ཚེས31ཉིན་བར་ནི་འགན་སྲུང་རིན་དངུལ་རྩིས་སྤྲོད་བྱེད་པའི་དུས་ཚོད་ཡིན་པས། སྲིད་གཞུང་གི་ཁ་གསབ་རོགས་དངུལ་ལོངས་སུ་སྤྱད་ཆོག རང་འགན་རྩིས་སྤྲོད་རིན་དངུལ་གྱིས་ཉིན60ཡི་རྗེས་ནས་ད་བཟོད་སྨན་བཅོས་འགན་སྲུང་ལོངས་སུ་སྤྱད་ཆོག ཟླ7པའི་ཚེས1ཉིན་གྱི་རྗེས་ནས་སྨན་བཅོས་འགན་སྲུང་རིན་དངུལ་རྩིས་སྤྲོད་བྱས་ན། ནོར་སྲིད་ཁ་གསབ་དང་མི་སྒེར་གྱི་རིན་དངུལ་ཡོད་ཚད་མི་སྒེར་གྱིས་འཁུར་དགོས་པ་མ་ཟད། རྩིས་སྤྲོད་རྗེས་ཀྱི་ཉིན60ཡི་རྗེས་ནས་ད་བཟོད་སྨན་བཅོས་འགན་སྲུང་གི་དམིགས་གསལ་གཟིགས་སྐྱོང་ལོངས་སུ་སྤྱད་ཆོག  

  བཞི། བཙས་མ་ཐག་པའི་ཁྱེའུ་སྨན་བཅོས་འགན་སྲུང་ཁྲོད་ཇི་ལྟར་ཞུགས་དགོས་སམ། བཙས་མ་ཐག་པའི་ཁྱེའུ་སྐྱེས་རྗེས་ཀྱི་ཉིན90ཡི་ནང་ཁྱིམ་ཐོའི་སྟེང་བཞག་པ་ན། ཁྱིམ་ཐོ་ཡོད་སའི་ས་ཁུལ་དེའི་རྫོང་དང་ཆུས། གྲོང་ཁྱེར་བཅས་གང་རུང་གི་སྨན་བཅོས་འགན་སྲུང་ལས་སྒྲུབ་ཁང་དུ་སོང་སྟེ་སྨན་བཅོས་འགན་སྲུང་ཁྲོད་ཐོ་འགོད་བྱས་ནས་རིན་དངུལ་རྩིས་སྤྲོད་བྱས་པ་ན། ད་བཟོད་སྐྱེས་པའི་ཉིན་ནས་བཟུང་སྨན་བཅོས་འགན་སྲུང་གི་སྨན་བཅོས་དམིགས་གསལ་གཟིགས་སྐྱོང་དེ་ལོངས་སུ་སྤྱད་ཆོག 

  ལྔ། སྡོད་དམངས་ནས་སྨན་བཅོས་འགན་སྲུང་གི་གཟིགས་སྐྱོང་གང་དག་ལོངས་སུ་སྤྱོད་ཐུབ། 

  དང་པོ། སྤྱིར་བཏང་གི་སྒོ་བསྟེན་ཐད་ཀྱི་གཟིགས་སྐྱོང་། སྨན་བཅོས་འགན་སྲུང་ཁྲོད་ཞུགས་པའི་རིམ་གསུམ་དང་རིམ་གཉིས་མན་གྱི་གཏན་ཁེལ་སྨན་བཅོས་སྒྲིག་འཛུགས་སྒོ་བསྟེན་གྱི་སྲིད་ཇུས་ཁྱབ་ཁོངས་ཁྲོད་ཀྱི་སྨན་བཅོས་རིན་དངུལ་དེ་སོ་སོ50%དང70%ཡི་སྡུར་ཚད་གཞིར་བཟུང་ནས་རྩིས་ཞུ་བྱ་རྒྱུ་ཡིན་ལ། མི་རེའི་ལོ་རེར་ཆེས་མཐོ་བའི་རྩིས་ཞུའི་རིན་དངུལ་སྒོར300ཡིན། 

  གཉིས་པ། ཁྲག་ཤེད་མཐོ་པ་དང་གཅིན་སྙི་ཟ་ཁུའི་ནད་པའི་སྒོ་བསྟེན་སྨན་རིན་གཟིགས་སྐྱོང་། ཁྲག་ཤེད་མཐོ་བ་དང་གཅིན་སྙི་ཟ་ཁུའི་ནད་ཕོགས་མཁན་དལ་པའི་རང་བཞིན་གྱི་དམིགས་གསལ་སྒོ་བསྟེན་འགན་སྲུང་ཁྲོད་ཞུགས་མེད་མཁན། ཐག་ཉེ་སའི་སྨན་ཁང་དང་གཞིས་ཁུལ་གྱི་ཞབས་ཞུའི་ལྟེ་གནས། ཡུལ་ཚོ་དང་གྲོང་རྡལ་གྱི་འཕྲོད་བསྟེན་གླིང་སོགས་ལ་སོང་སྟེ་ནད་རིགས་གཉིས་ཀྱི་གསལ་འབྱེད་སྨན་བཅོས་སྒྲིག་འཛུགས་ལས་ཁས་ལེན་བྱས་རྗེས། ད་བཟོད་ནད་རིགས་གཉིས་ཀྱི་གཟིགས་སྐྱོང་ལོངས་སུ་སྤྱད་ཆོག ནད་རིགས་གཉིས་ཀྱི་སྒོ་བསྟེན་སྨན་གྱི་འགན་སྲུང་ལ་གཏན་ཁེལ་ཅི་ཡང་མེད། འགན་སྲུང་ཁྲོད་ཞུགས་པའི་ནད་པས་གཏན་ཁེལ་སྒྲིག་འཛུགས་ཀྱི་སྒོ་བསྟེན་དང་ཡང་ན་གཏན་ཁེལ་སྨན་རྫས་ཕྱིར་འཚོང་ཁང་དུ་སྲིད་ཇུས་ཀྱི་ཁྱབ་ཁོངས་ནང་རིན་དངུལ་ལོངས་སུ་སྤྱད་ཆོག རིམ་གསུམ་དང་རིམ་གཉིས། དེའི་མན་གྱི་གཏན་ཁེལ་སྨན་བཅོས་སྒྲིག་འཛུགས་ཀྱི་རྩིས་ཞུའི་སྡུར་ཚད་ནི50%དང70%ཡིན། འགན་སྲུང་ཟབ་ཞུགས་ཀྱི་ལོ་འཁོར་ནང་ཁྲག་ཤེད་མཐོ་བ་དང་གཅིན་སྙི་ཟ་ཁུའི་ནད་པའི་སྒོ་བསྟེན་སྨན་བཅོས་ཀྱི་རིན་དངུལ་སོ་སོ་ནི་སྒོར400དང་སྒོར600ཡིན་ལ། དེ་དང་ཆབས་ཅིག་ནད་རིགས་གཉིས་ཀྱི་ནད་པའི་ཆེས་མཐོའི་རྩིས་ཞུའི་རིན་དངུལ་སྒོར1000ཡིན།  

  གསུམ་པ། དལ་བའི་རང་བཞིན་གྱི་ནད་པའི་སྒོ་བསྟེན་གྱི་གཟིགས་སྐྱོང་།རིགས་དང་པོའི་ནད་ལ་རིགས་དབྱེ་བཞི་སྟེ། 1.ཁྲག་ཟགས་ནད། 2.འབྲས་སྐྲན་སྡུག་པོ། དེའི་ཁོངས་སུ་སྐེ་རྨེན་དང་ཁྲག་དཀར་ནད་འདུ། 3.དལ་བའི་རང་བཞིན་གྱི་མཁལ་པའི་ནུས་པ་ཉམས་པ། 4. དབང་པོ་བརྗེ་སྤོར་གཤག་བཅོས་རྗེས་ཀྱི་རིམས་འགོག་དུག་སེལ་གྱི་སྨན་བཅོས། 

  རིགས་གཉིས་པའི་ནད་ལ་རིགས22ཡོད་སྟེ། 5.མཆིན་ཚད་ག་བ། 6.དལ་བའི་རང་བཞིན་གྱི་དབང་རྩ་འགག་པའི་གློ་བའི་རིམས་ནད། 7.དལ་བའི་རང་བཞིན་གྱི་གློ་བའི་གདོད་གཤིས་སྙིང་ནད། 8. དལ་བའི་རང་བཞིན་གྱི་དྲག་དྲེགས་རང་བཞིན་གྱི་སྙིང་ནད། 9.པྲོག་དབྱིབས་དབང་རྩ་སྲ་འགྱུར་རང་བཞིན་གྱི་སྙིང་ནད། 10. དལ་བའི་རང་བཞིན་གྱི་མཆིན་ཚད་ཁ་བ། 11. མ་ལག་རང་བཞིན་གྱི་རྨ་དམར། 12.དྲག་གྲུམ། 13.དལ་བའི་རང་བཞིན་གྱི་མཁལ་མའི་གཉན་ཚད། 14. ཀླད་ཁྲག་དབང་རྩའི་ནད་རྙིང་། 15.དབང་སྐྱོན་དང་སྤྱོད་པའི་འགོག་རྐྱེན། 16.དྲག་གྲུམ།  17.མཆིན་པ་སྲ་འགྱུར། 18. སྨྱོ་ནད། 19. གློ་བའི་གཅོང་ནད། 20. ཁྲག་ཤེད་དམའ་བའི་ནད། 21. ཕཱ་ཅིན་སིའི་ནད། 22.འཇུ་ནུས་ཉམས་པའི་ནད། 23.རྒ་ནད། 24. ཀླད་ནུས་དབང་རྩ་ཉམས་པ། 25.གཅིན་སྙི་ཟ་ཁུའི་ནད། 26.ཁྲག་ཤེད་མཐོ་པའི་ནད། 

  སྨན་བཅོས་འགན་སྲུང་ཁྲོད་ཟབ་ཞུགས་བྱས་པའི་སྡོད་དམངས་དག་གིས་གཏན་ཁེལ་སྨན་བཅོས་སྒྲིག་འཛུགས་ཀྱི་སྒོ་བསྟེན་ཁང་དུ་རིགས་དང་པོའི་ནད་བྱུང་བ་ན་མཉམ་ལས་སྨན་བཅོས་ཀྱི་སྒྲིག་སྲོལ་ནང་བཞིན་སྨན་བཅོས་རིན་དངུལ་རྩིས་སྤྲོད་བྱས་ཆོག་ལ། སྡོད་དམངས་ཀྱི་སྨན་བཅོས་འགན་སྲུང་གི་ཞག་སྡོད་སྲིད་ཇུས་ཀྱི་གཏན་འབེབས་ནང་བཞིན་རྩིས་ཞུ་ཡང་བྱས་ཆོག་པས། ཐོག་མར་རྩིས་སྤྲོད་ཀྱི་ཚད་གཞི་མེད་པས། མི་རེའི་ལོ་རེར་ཆེས་མཐོ་ན་ཡང་སྒོར་ཁྲི10ཡི་ཡན་གྱི་སྨན་བཅོས་བྱས་ཆོག སྨན་བཅོས་འགན་སྲུང་ཁྲོད་ཟབ་ཞུགས་བྱས་པའི་སྡོད་དམངས་དག་གིས་གཏན་ཁེལ་སྨན་བཅོས་སྒྲིག་འཛུགས་ཀྱི་སྒོ་བསྟེན་ཁང་དུ་རིགས་གཉིས་པའི་ནད་བྱུང་བ་ན་མཉམ་ལས་སྨན་བཅོས་ཀྱི་སྒྲིག་སྲོལ་ནང་བཞིན་སྨན་བཅོས་རིན་དངུལ་རྩིས་སྤྲོད་བྱས་ཆོག་ལ། ལོ་གཅིག་གི་ནང་གི་ཆེས་ཐོག་མའི་ཆེས་དམའ་བའི་ཚད་གཞི་ནི་སྒོར200ཡིན། རིམ་གསུམ་གཏན་ཁེལ་སྨན་བཅོས་སྒྲིག་འཛུགས་དང་རིམ་གཉིས་སྨན་ཁང་། དེའི་མན་གྱི་གཏན་ཁེལ་སྨན་བཅོས་སྒྲིག་འཛུགས་ཀྱི་རྩིས་ཞུའི་སྡུར་ཚད་སོ་སོ་ནི50%དང70%ཡིན། མཆིན་ཚད་ག་བ། དབང་སྐྱོན་དང་སྤྱོད་པའི་འགོག་རྐྱེན། གློ་གཅོད་ནད་ཀྱི་ནད་པ་མི་རེའི་ལོ་རེའི་ཆེས་མཐོ་བའི་རྩིས་སྤྲོད་མ་དངུལ་གྱི་ཚད་གཞི་ནི་སྒོར5000ཡིན་ལ། གཞན་པའི་ནད་རིགས་ལ་མི་རེའི་ལོ་རེར་ཆེས་མཐོ་པའི་སྒོར3000ཡིན། དེ་དང་ཆབས་ཅིག་རིགས་གཉིས་པའི་ནད་རིགས་གཉིས་ཀྱི་ཡན་བྱུང་བ་ན། ཆེས་མཐོ་པའི་རྩིས་སྤྲོད་ཀྱི་ནད་རིགས་གཟིགས་སྐྱོང་རྨང་གཞིའི་སྟེང་། ལོ་རེའི་ལོ་རེར་ཆེས་མཐོ་པའི་རྩིས་སྤྲོད་ཀྱི་སྟེང་ལ་སྒོར1000ཁ་སྣོན་བྱེད་དགོས། 

  བཞི་པ། ཞག་སྡོད་གཟིགས་སྐྱོང་། སྨན་བཅོས་འགན་སྲུང་ཁྲོད་ཟབ་ཞུགས་བྱས་པའི་སྡོད་དམངས་དག་གིས་རིམ་པ་གསུམ་པ་དང་གཉིས་པ། དང་པོ་དང་དེའི་མན་གྱི་གཏན་ཁེལ་སྨན་བཅོས་སྒྲིག་འཛུགས་སུ་ཞག་སྡོད་བྱས་ཏེ་བྱུང་བའི་མཉམ་ལས་སྨན་བཅོས་སྒྲིག་སྲོལ་གྱི་སྨན་བཅོས་རིན་དངུལ་རྩིས་ཞུའི་སྡུར་ཚད་སོ་སོ་ནི70%དང80%  90%བཅས་ཡིན། ཞག་སྡོད་སྨན་ཁང་གི་ཆེས་དམའ་པའི་རྩིས་སྤྲོད་ཚད་གཞི་སོ་སོ་ནི་སྒོར1500དང་སྒོར600 དེ་མིན་སྒོར100བཅས་ཡིན། སྨན་བཅོས་འགན་སྲུང་གི་གཞི་རྩའི་ཆེས་མཐོ་བའི་རྩིས་སྤྲོད་ཚད་བཀག་ནི་སྒོར10ཡིན། 

  ལྔ་པ། ནད་ཚབས་ཆེན་གྱི་འགན་བཅོལ། སྡོད་དམངས་ཀྱི་སྨན་བཅོས་འགན་སྲུང་རྩིས་ཞུ་བྱས་རྗེས། ལྷག་མའི་ནད་ཚབས་ཆེན་གྱི་ཐོག་མའི་རྩིས་གཏོང་ཚད་གཞི་ལས་བརྒལ་པའི་མཉམ་ལས་སྨན་བཅོས་སྒྲིག་སྲོལ་གྱི་སྨན་བཅོས་རིན་དངུལ་དེ་ནད་ཚབས་ཆེན་གྱི་འགན་སྲུང་རྩིས་ཞུའི་ཁྱབ་ཁོངས་ཁྲོད་བཅུག་ནས། 80%ཡི་སྡུར་ཚད་ལྟར་རིམ་པ་གཉིས་པའི་རྩིས་ཞུ་བྱེད་ངེས།

  ལྷ་དཔལ་སྐྱབས་ཀྱིས་བསྒྱུར། 

ང་ཚོའི་གནས་ཚུལ། འགན་འཁུར་གསལ་བསྒྲགས། འབྲེལ་གཏུག་བྱེད་ཡུལ།
Copyright © 2005-2023   མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
青ICP备19000163号-70 འབྲེལ་གཏུགས་ཁ་པར། 0971-8456487
 
མཁར་གྲོང་སྡོད་དམངས་ཀྱི་གཞི་རྩའི་སྨན་བཅོས་འགན་སྲུང་གི་སྲིད་ཇུས།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་བོད་ཡིག་དྲ་བ།

རྩོམ་སྒྲིག་པ། ལྷ་དཔལ་སྐྱབས།