ཁྱེད་ཀྱི་མིག་སྔའི་གནས།: མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ཞབས་ཕྱི།དམངས་ཚིས་སྐོར།
ཕོ་བ་རིས་ཀྱི་བྱེད་ནུས།
ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར་ཚགས་པར།  རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།  
སྤེལ་དུས། 2023-03-22 09:23:17

  ཕོ་བ་རིས་ནི་ང་ཚོས་དུས་རྒྱུན་གྱི་འཚོ་བའི་ཁྲོད་རྒྱུན་དུ་བཀོལ་སྤྱོད་བྱེད་ཀྱིན་པའི་བྲོ་རྫས་ཤིག་ཡིན་ལ།གསོ་བ་རིག་པའི་གཞུང་དུ་རྒྱུན་དུ་བཀོལ་བཞིན་པའི་སྨན་རྫས་ཤིག་ཀྱང་ཡིན། དེ་ལ་དྲོད་སྲུང་གྲང་འཇོམས་ཀྱི་བྱེད་ནུས་ལྡན་པས་ཕོ་བའི་མེ་དྲོད་གསོ་བར་ཕན།

  ལས་སྣོན་བྱེད་སྟངས་མི་འདྲ་བའི་དབང་གིས་ཕོ་བ་རིས་ལ་དཀར་ནག་གཉིས་སུ་དབྱེ་ཡོད།ཕོ་བ་རིས་ནག་པོ་ནི་སྨིན་ཐག་མ་ཆོད་པའི་ཕོ་བ་རིས་ཀྱི་འབྲས་བུ་ལས་སྣོན་བྱས་ཏེ་གྲུབ་པ་དང་།ཕོ་བ་རིས་དཀར་པོ་ནི་སྨིན་ཐག་ཆོད་པའི་ཕོ་བ་རིས་ཀྱི་འབྲས་བུ་ལས་སྣོན་བྱས་ཏེ་གྲུབ་པ་རེད། ཕོ་བ་རིས་ནག་པོར་དྲི་མ་ཞིམ་པོ་ཞིག་ལྡན་པས། དེ་བྲོ་རྫས་སུ་སྤྱད་ན་ཡི་ག་འབྱེད་པར་ཕན་ཞིང་། སྐམས་ཤ་དང་ནང་ཁྲོལ་སོགས་བརྔོ་ཡུན་ཐུང་བའི་ཟས་རིགས་དང་སྡེབ་ན་བཟང་། ཕོ་བ་རིས་དཀར་པོར་དྲི་ཞིམ་དེ་འདྲ་ཞིག་མེད་པར་ཁ་ཚ་བ་རེད། དེ་བས་དྲོད་སྲུང་གྲང་འཇོམས་ཀྱི་ནུས་པ་ལྡན་ལ། གཙོ་བོ་ཤ་ཁུ་དང་འབྲས་ལྡུར་བསྐོལ་བ་སོགས་ཀྱི་སྐབས་སུ་སྤྱོད་པར་འཚམ།

  ཕོ་བ་རིས་ལ་ཟས་རིགས་ཀྱི་བྲོ་བ་ཇེ་ཞིམ་དུ་གཏོང་བ་དང་། ཡི་ག་འབྱེད་པ། ཕོ་བ་གསོ་བ། ཟས་རིགས་འཇུ་བ་བཅས་ཀྱི་བྱེད་ནུས་ལྡན་པས། ཕོ་མཆེར་ལ་གྲང་ངར་ཕོག་པ་ལས་བསླངས་པའི་ཁོག་པ་བཤལ་བ་དང་གསུས་ཁོག་སྦས་པ།གསུས་ཁོག་ན་བ་སོགས་གསོ་བར་ཕན།

  ཁ་བཅད་པའི་སྣོད་ཆས་ཤིག་གི་ནང་དུ་བཞག་སྟེ། བརླན་མི་འཁོར་བར་བྱེད་པ་དང་ཉི་འོད་དྲག་པོའི་འོག་ཏུའང་འཇོག་མི་རུང་།འཇོག་ཡུན་རིང་མི་རུང་ལ་ཚོད་མ་བརྔོ་བ་དང་ཁུ་བ་གདུས་ཚར་ཏེ་འཐུང་ཁར་ཉུང་ཙམ་བླུགས་རྗེས་སྙོམས་པོར་བསྲེས་འཇུག་བྱས་པས་ཆོག གློ་ལུ་བ་དང་དབུགས་ལམ་སྐྲངས་ཤིང་ན་བ། མིག་ནད་དང་གཞང་འབྲུམ་ཡོད་པ་སོགས་ཀྱིས་བསྟེན་མི་རུང་ངོ་། །

ང་ཚོའི་གནས་ཚུལ། འགན་འཁུར་གསལ་བསྒྲགས། འབྲེལ་གཏུག་བྱེད་ཡུལ།
Copyright © 2005-2023   མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
青ICP备19000163号-70 འབྲེལ་གཏུགས་ཁ་པར། 0971-8456487
 
ཕོ་བ་རིས་ཀྱི་བྱེད་ནུས།

ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར་ཚགས་པར།

རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།