ཁྱེད་ཀྱི་མིག་སྔའི་གནས།: མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ཞབས་ཕྱི།དྲི་བའི་སྐོར།
 ཞིང་ཆེན་ཕྱི་ནང་ནས་སྡོད་ཁང་སྤྱི་གསོག་མ་དངུལ་བསྒྲུབ་པ་ལ་ནང་དོན་གང་དག་འདུ།
ཡོང་ཁུངས། མཚོ་སྔོན་སྲིད་གཞུང་དྲ་བ།  རྩོམ་སྒྲིག་པ། ཁོན་ཐར་འཚོ།  
སྤེལ་དུས། 2023-03-10 16:18:06

སྡོད་ཁང་སྤྱི་གསོག་མ་དངུལ་འཇལ་སྤྲོད་དང་གསབ་སྤྲོད་བྱེད་དགོས་ཚེ།
 (གོ་རིམ་ཡོངས་དྲ་ཐོག་ནས་བསྒྲུབ་ཆོག)
རེ་ཞུ་པས་ཡུལ་གཞན་ནས་འཇལ་གསོག་བྱ་ཡུལ་གྱི་སྡོད་ཁང་སྤྱི་གསོག་མ་དངུལ་དོ་དམ་ལྟེ་གནས་སུ་སྡོད་ཁང་སྤྱི་གསོག་མ་དངུལ་འཇལ་སྤྲོད་དང་གསབ་སྤྲོད་བྱེད་པའི་རེ་བ་འདོན་ཆོག་ལ། དེར་ས་ཁོངས་ཀྱི་ཚད་བཀག་མེད།
  སྡོད་ཁང་སྤྱི་ཚོགས་གསོག་མ་དངུལ་གྱི་དངུལ་བུན་ཆ་ཤས་སྔོན་ལ་སྤྲོད་དགོས་ཚེ།  
  (གོ་རིམ་ཡོངས་དྲ་ཐོག་ནས་བསྒྲུབ་ཆོག་པ་མ་ཟད། ས་ཁུལ་གཉིས་འབྲེལ་ནས་བསྒྲུབ་པ་ཡིན)
  རེ་ཞུ་པས་ཡུལ་གཞན་ནས་སྡོད་ཁང་སྤྱི་ཚོགས་མ་དངུལ་གྱི་བསྐྱི་དངུལ་ལེན་སའི་སྡོད་ཁང་སྤྱི་གསོག་མ་དངུལ་དོ་དམ་ལྟེ་གནས་ལ་དངུལ་བུན་ཆ་ཤས་སྔོན་ལ་སྤྲོད་པའི་རེ་ཞུ་བརྒྱབ་ཆོག་ལ།  དེར་ས་ཁོངས་ཀྱི་ཚད་བཀག་མེད།
བོགས་གཏོང་ཁང་པ་གླ་བར་སྡོད་ཁང་སྤྱི་གསོག་མ་དངུལ་ལེན་དུས།

རེ་ཞུ་བས་འཇལ་གསོག་བྱ་ཡུལ་དུ་རང་ལ་དབང་བའི་སྡོད་ཁང་དང་ཡང་ན་བོགས་ཁང་སོགས་ཅི་ཡང་མེད་པ་ཡིན་ན།  ཡུལ་གཞན་ནས་འཇལ་གསོག་བྱ་ཡུལ་གྱི་སྡོད་ཁང་སྤྱི་ཚོགས་མ་དངུལ་དོ་དམ་ལྟེ་གནས་ལ་སྡོད་ཁང་སྤྱི་གསོག་མ་དངུལ་ལེན་རྒྱུའི་སྙན་ཞུ་བརྒྱབ་ཆོག་པ་དང་།  དེར་ས་ཁོངས་ཀྱི་ཚད་བཀག་མེད།
  
 སྔ་མོ་ནས་ལས་འཁྱུར་ངལ་གསོ་བརྒྱབ་ཏེ་སྡོད་ཁང་གི་སྤྱི་གསོག་མ་དངུལ་ལེན་དགོས་ཚེ།

རེ་ཞུ་བ་ཁྲིམས་བཀོད་ཀྱི་ལས་འཁྱུར་ལོ་ཚད་ལོངས་མེད་ན་ཡང་འབྲེལ་ཡོད་ཀྱི་འགྲོ་ལུགས་བསྒྲུབ་ཚར་བ་ཡིན་ན།  ཡུལ་གཞན་ནས་འཇལ་གསོག་བྱ་ཡུལ་གྱི་སྡོད་ཁང་སྤྱི་གསོག་མ་དངུལ་དོ་དམ་ལྟེ་གནས་ལ་སྡོད་ཁང་སྤྱི་གསོག་མ་དངུལ་ལེན་རྒྱུའི་རེ་ཞུ་བརྒྱབ་ཆོག་པ་དང་།དེར་ས་ཁོངས་ཀྱི་ཚད་བཀག་མེད།
མི་སྒེར་གྱི་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་དངུལ་བུན་འཇལ་གསོག་ཆ་འཕྲིན་འདྲི་རྩད་བྱེད་དགོས་ན།
(གོ་རིམ་ཡོངས་དྲ་ཐོག་ནས་བསྒྲུབ་ཆོག)
འདྲི་རྩད་རེ་ཞུ་བས་ཡུལ་གཞན་ནས་མི་སྒེར་གྱི་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་དངུལ་བུན་འཇལ་གསོག་སོགས་ཀྱི་ཆ་འཕྲིན་ལ་འདྲི་རྩད་བྱེད་ཐུབ་ལ། དེར་འཇལ་གསོག་བྱ་ཡུལ་གྱི་ཚད་བཀག་མེད།

   ལས་བཟོ་པའི་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་དངུལ་བུན་འཇལ་གསོག་བེད་སྤྱོད་དཔང་ཡིག
(གོ་རིམ་ཡོངས་དྲ་ཐོག་ནས་བསྒྲུབ་ཆོག་པ་མ་ཟད། ཚབ་ལེན་ཚབ་སྒྲུབ་བྱ་ཆོག)
རེ་ཞུ་པས་སྡོད་ཁང་སྤྱི་གསོག་མ་དངུལ་འཇལ་གསོག་བྱ་ཡུལ་ནས་དངུལ་བུན་བླངས་ནས་ཁང་པ་ཉོ་སྒྲུབ་བྱས་པ་མིན་ན།  ཁང་པ་ཉོ་ཡུལ་གྱི་སྡོད་ཁང་སྤྱི་གསོག་མ་དངུལ་དོ་དམ་ལྟེ་གནས་ལ་ལས་བཟོ་པའི་སྡོད་ཁང་སྤྱི་གསོག་མ་དངུལ་བསྐྱི་ལེན་འཇལ་གསོག་གི་བེད་སྤྱོད་དཔང་ཡིག་ལ་རེ་ཞུ་རྒྱག་ཆོག་ལ། དེར་འཇལ་སྤྲོད་བྱ་ཡུལ་ས་ཁོངས་ཀྱི་ཚད་བཀག་མེད།
ལས་འཁྱུར་ངལ་གསོའི་ལོ་ཚད་ལོངས་རྗེས་སུ་སྡོད་ཁང་སྤྱི་གསོག་མ་དངུལ་ལེན་དུས།
(གོ་རིམ་ཡོངས་དྲ་ཐོག་ནས་བསྒྲུབ་ཆོག)
རེ་ཞུ་བ་རྒྱུན་སྲོལ་གྱི་གོ་རིམ་བཞིན་ལས་འཁྱུར་ངལ་གསོ་བྱས་པ་ཡིན་ན། ཡུལ་གཞན་ནས་སྡོད་ཁང་སྤྱི་གསོག་མ་དངུལ་ལེན་ཆོག་ལ། དེར་འཇལ་གསོག་བྱ་ཡུལ་ས་ཁོངས་ཀྱི་ཚད་བཀག་མེད།
ལས་ཁུངས་ཀྱིས་སྡོད་ཁང་སྤྱི་གསོག་མ་དངུལ་ཐོ་འགོད་དང་རྩིས་ཐོ་བཟོ་དགོས་ན།
རེ་ཞུ་བས་ཡུལ་གཞན་ནས་ཐོ་འགོད་བྱ་ཡུལ་གྱི་སྡོད་ཁང་སྤྱི་གསོག་མ་དངུལ་དོ་དམ་ལྟེ་གནས་སུ་སྡོད་ཁང་སྤྱི་གསོག་མ་དངུལ་འཇལ་མཁན་ལས་ཁུངས་ཀྱིས་ཐོ་འགོད་བྱས་ནས་རྩིས་ཐོ་བཟོ་བར་རེ་ཞུ་བརྒྱབ་ཆོག་པ་དང་། དེར་ས་ཁོངས་ཀྱི་ཚད་བཀག་མེད།

  སྡོད་ཁང་སྤྱི་གསོག་མ་དངུལ་འཇལ་མཁན་ལས་ཁུངས་དང་མི་སྒེར་གྱིས་འཇལ་གསོག་ཆ་འཕྲིན་བཟོ་བཅོས་དགོས་ན།
 (གོ་རིམ་ཡོངས་དྲ་ཐོག་ནས་བསྒྲུབ་ཆོག)
རེ་ཞུ་པས་ཡུལ་གཞན་ནས་འཇལ་གསོག་བྱ་ཡུལ་གྱི་སྡོད་ཁང་སྤྱི་གསོག་མ་དངུལ་དོ་དམ་ལྟེ་གནས་སུ་ལས་ཁུངས་དང་མི་སྒེར་གྱི་འཇལ་གསོག་ཆ་འཕྲིན་བཟོ་བཅོས་དགོས་པའི་རེ་ཞུ་བརྒྱབ་ཆོག་པ་དང་། དེར་ས་ཁོངས་ཀྱི་ཚད་བཀག་མེད།
ཁང་པ་ཉོ་སྒྲུབ་ལ་སྡོད་ཁང་སྤྱི་གསོག་མ་དངུལ་ལེན་དགོས་ཚེ།
(གོ་རིམ་ཡོངས་དྲ་ཐོག་ནས་བསྒྲུབ་ཆོག ས་ཁུལ་གཉིས་ནས་མཉམ་དུ་བསྒྲུབ།)
རེ་ཞུ་བས་འཇལ་གསོག་བྱ་ཡུལ་ནས་ཁང་པ་ཉོ་སྒྲུབ་བྱས་མེད་ན།  ཁང་པ་ཉོ་ཡུལ་གང་དེའི་སྡོད་ཁང་སྤྱི་གསོག་མ་དངུལ་དོ་དམ་ལྟེ་གནས་ལ།   འཇལ་གསོག་བྱ་ཡུལ་གྱི་སྡོད་ཁང་སྤྱི་གསོག་མ་དངུལ་དོ་དམ་ལྟེ་གནས་ནས་སྤྱི་གསོག་མ་དངུལ་ལེན་དགོས་པའི་རེ་ཞུ་བརྒྱབ་ཆོག

མི་སྒེར་གྱི་སྡོད་ཁང་གི་དངུལ་བུན་ཆ་ཚང་འཇལ་ཚར་བའི་དཔང་ཡིག་ལེན་དགོས་ན།

རེ་ཞུ་བས་ཡུལ་གཞན་ནས་དངུལ་བུན་ལེན་སའི་སྡོད་ཁང་སྤྱི་གསོག་མ་དངུལ་དོ་དམ་ལྟེ་གནས་སུ།   སྡོད་ཁང་སྤྱི་གསོག་མ་དངུལ་ལས་མི་སྒེར་གྱི་སྡོད་ཁང་དངུལ་བུན་ཆ་ཚང་འཇལ་ཚར་བའི་དཔང་ཡིག་འདོན་དགོས་པའི་རེ་ཞུ་བརྒྱབ་ཆོག  དེར་ས་ཁོངས་ཀྱི་ཚད་བཀག་གང་ཡང་མེད།

སྡོད་ཁང་སྤྱི་གསོག་མ་དངུལ་གྱི་དངུལ་བུན་ཆ་ཚང་སྔོན་ལ་འཇལ་འདོད་ན
(གོ་རིམ་ཡོངས་དྲ་ཐོག་ནས་བསྒྲུབ་ཆོག)
རེ་ཞུ་པས་ཡུལ་གཞན་ནས་དངུལ་བུན་ལེན་སའི་སྡོད་ཁང་སྤྱི་གསོག་མ་དངུལ་དོ་དམ་ལྟེ་གནས་སུ།   སྡོད་ཁང་སྤྱི་གསོག་མ་དངུལ་གྱི་དངུལ་བུན་ཆ་ཚང་འཇལ་རྒྱུའི་རེ་ཞུ་བརྒྱབ་ཆོག་ལ། དེར་ས་ཁོངས་ཀྱི་ཚད་བཀག་གང་ཡང་མེད། 

ལོ་ཙཱ་བ། ཁོན་ཐར་འཚོ།
 
ང་ཚོའི་གནས་ཚུལ། འགན་འཁུར་གསལ་བསྒྲགས། འབྲེལ་གཏུག་བྱེད་ཡུལ།
Copyright © 2005-2023   མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
青ICP备19000163号-70 འབྲེལ་གཏུགས་ཁ་པར། 0971-8456487
 
 ཞིང་ཆེན་ཕྱི་ནང་ནས་སྡོད་ཁང་སྤྱི་གསོག་མ་དངུལ་བསྒྲུབ་པ་ལ་ནང་དོན་གང་དག་འདུ།

ཡོང་ཁུངས། མཚོ་སྔོན་སྲིད་གཞུང་དྲ་བ།

རྩོམ་སྒྲིག་པ། ཁོན་ཐར་འཚོ།