མེ་འཁོར་ལ་སྡོད་སྐབས་ཐོབ་ཐང་ལག་ཁྱེར་འཁྱེར་རྒྱུ་བརྗེད་ན་ཁ་པར་སྟེང་ནས་གནས་སྐབས་ཐོབ་ཐང་ལག་ཁྱེར་ཇི་ལྟར་ལེན་དགོས།
ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
རྩོམ་སྒྲིག་པ། ཡེ་ཤེས་སྒྲོལ་མ།
སྤེལ་དུས། 2023-03-09 15:48:40
མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། ལྕགས་ལམ12306Appསྟེང་ནས་འཕྲད་མ་ཉིད་དུ“གནས་སྐབས་གློག་རྡུལ་ཐོབ་ཐང་ལག་ཁྱེར”ཇི་ལྟར་བཀོལ་སྤྱོད་བྱེད་པ་དང་། དེར་གནས་པའི་རྒྱུན་མཐོང་གི་གནད་དོན་ལ་དམིགས་ནས། ཟླ3པའི་ཚེས6ཉིན། གསར་འགོད་པས་ཟི་ལིང་མེ་འཁོར་ས་ཚུགས་ཀྱི་འགྲུལ་སྐྱེལ་པ་ཧོ་ཅིན་ཝུའེ་ལ་བཅར་འདྲི་བྱས།
ཧོ་ཅིན་ཝུའེ་ཡིས་བཤད་རྒྱུར། ཐོག་མར་ཁ་པར་སྟེང་ནས་ལྕགས་ལམ12306Appཕབ་ལེན་བྱེད་དགོས་ཤིང་། “ཞབས་ཞུའི”ལེ་ཚན་ལས“མེ་འཁོར་ལ་སྡོད་སྐབས་ཀྱི་གནས་སྐབས་ཐོབ་ཐང་ལག་ཁྱེར”གདམ་ནས། མིང་དང་ཐོབ་ཐང་ལག་ཁྱེར་ཨང་གྲངས་འབྲི་དགོས། ཡིད་འཇོག་བྱ་རྒྱུ་ཞིག་ལ་ཁ་པར་སྟེང་རང་ཉིད་གང་དུ་སྡོད་པའི་གྲོང་ཁྱེར་གྱི་གནས་ཡུལ་ངེས་པར་དུ་ཁ་ཕྱེས་རྗེས་ད་གཟོད“ལམ་སེང་རེ་ཞུ”ཞེས་པའི་ཡི་གེ་མནན་དགོས། འགྲུལ་སྐྱེལ་མེ་འཁོར་ལ་སྡོད་པའི་གནས་སྐབས་ཐོབ་ཐང་ལག་ཁྱེར་སྒྲུབ་སྐབས། འགྲུལ་པས་ངེས་པར་དུ་ཐོབ་ཐང་གི་ཆ་འཕྲིན་ངོ་མ་འདོན་སྤྲོད་བྱེད་དགོས་པ་དང་། ལྕགས་ལམ་སྤྱི་བདེ་ལས་ཁུངས་ཀྱིས་དེ་ལ་ཞིབ་བཤེར་བྱེད་དགོས། དེ་ནས་ཤ་ཚའི་གསལ་འདེབས་ལས“མོས་འཐད”ཅེས་པ་མནན་རྗེས། མི་སྒེར་ངོས་འཛིན་གྱི་འཆར་ངོས་སུ་སོང་ནས་ཀློག་འདོན་བདམ་བྱ་ལས“ལས་རིམ་རྗེས་མ”ཞེས་པ་འདེམ་ནས“ངོས་འཛིན་བྱས་དེ་མི་སྒེར་དངོས་ཡིན་མིན་ཞིབ་བཤེར”བྱེད་དགོས། ཞིབ་དཔྱད་བྱས་རྗེས་མེ་འཁོར་གྱི་གནས་སྐབས་གློག་རྡུལ་ཐོབ་ཐང་ལག་ཁྱེར་ར་སྤྲོད་ཀྱི་རྩ་གཉིས་ཨང་བཤེར་འཆར་ངེས་ལ། རྩ་གཉིས་ཨང་བཤེར་དེ་བསྟན་ན་མེ་འཁོར་ས་ཚིགས་སུ་འཛུལ་ཐུབ།
མིག་སྔར། མེ་འཁོར་ལ་སྡོད་པའི་གནས་སྐབས་གློག་རྡུལ་ཐོབ་ཐང་ལག་ཁྱེར་དེ་གློག་རྡུལ་སྤ་སེ་འཚོང་སའི་མེ་འཁོར་ས་ཚིགས་ཚང་མ་ནས་ལེན་ཐུབ་པ་སྟེ། མེ་འཁོར་ས་ཚུགས་ཀྱི་སྤ་སེ་ཉོ་ས་དང་ཕྱིར་སློག་སའི་སྒེའུ་ཁུང་དང་། མིང་དངོས་བཤེར་སྒོའམ་སྤ་སེ་བཤེར་སྒོ། མེ་འཁོར་སྟེང་ནས་སྤ་སེ་ཞིབ་བཤེར་བཅས་ཚང་མར་བཀོལ་སྤྱོད་བྱས་ཆོག
དོ་སྣང་བྱེད་དགོས་པ་ཞིག་ལ། མེ་འཁོར་ལ་སྡོད་པའི་གནས་སྐབས་གློག་རྡུལ་ཐོབ་ཐང་ལག་ཁྱེར་ལ་ཐེངས་གྲངས་ཀྱི་ཚད་བཀག་ཡོད་པ་དང་། མི་རེ་ཡིས་ཟླ་གཅིག་ནང་ཐེངས་གསུམ་ལ་རེ་ཞུ་བྱས་ཆོག གལ་ཏེ་རེ་ཞུ་ཐེངས3ལས་བརྒལ་ན། མེ་འཁོར་ས་ཚུགས་གྱི་སྤྱི་བདེའི་ལག་ཁྱེར་གཉེར་སྒྲུབ་སྒེའུ་ཁུང་ནས་མེ་འཁོར་སྡོད་པའི་གནས་སྐབས་ཐོབ་ཐང་ལག་ཁྱེར་ལེན་དགོས།
ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།