ཁྱེད་ཀྱི་མིག་སྔའི་གནས།: མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ཞབས་ཕྱི།དམངས་ཚིས་སྐོར།
མཚོ་སྔོན་གྱིས་བྱེད་ཐབས་ཁག32བཏོན་ནས་རྒན་བཅོལ་གཉོར་སྐྱོང་ཞབས་ཞུ་ལས་རིགས་ཀྱི་དཀའ་ཁག་སེལ་རྒྱུ།
ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།  རྩོམ་སྒྲིག་པ། སུང་ཆི།  
སྤེལ་དུས། 2023-01-03 15:11:00

མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། རྒན་བཅོལ་གཉོར་སྐྱོང་ཁྱབ་ཁོངས་ཀྱི་ལས་རིགས་ཀྱི་ཁྲོམ་རའི་དཀའ་ངལ་སེལ་རོགས་དང་། འཕེལ་རྒྱས་སླར་གསོ་ཡོང་བར་རྒྱབ་སྐྱོར་བྱ་ཆེད། ཉེ་ལམ་མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ལྷན་དང་། ཞིང་ཆེན་སློབ་གསོ་ཐིང་། ཞིང་ཆེན་ཚན་རིག་ལག་རྩལ་ཐིང་། ཞིང་ཆེན་དམངས་སྲིད་ཐིང་། ཞིང་ཆེན་ནོར་སྲིད་ཐིང་སོགས་སྡེ་ཚན13གྱིས་མཉམ་འབྲེལ་ཐོག 《མཚོ་སྔོན་ཞིང་ཆེན་གྱིས་རྒན་བཅོལ་གཉོར་སྐྱོང་ཞབས་ཞུ་ལས་རིགས་འཕེལ་རྒྱས་ཐད་འཕྲད་པའི་དཀའ་ངལ་སེལ་རོགས་ལ་སྐུལ་འདེད་གཏང་བའི་སྲིད་ཇུས་བྱེད་ཐབས་འགའ》(གཤམ་དུ《སྲིད་ཇུས་བྱེད་ཐབས་འགའ་ཞེས་བསྡུ་རྒྱུ། 》)བཟོས་ཏེ། རྒན་བཅོལ་གཉོར་སྐྱོང་གི་ཞབས་ཞུའི་ལས་རིགས་ལ་སེམས་ཤུགས་བསྩལ།

ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ལྟར། པྲོག་གསར་ནད་དུག་གི་ཤུགས་རྐྱེན་འོག་རྒན་བཅོལ་གཉོར་སྐྱོང་ཞབས་ཞུ་ལས་རིགས་ལ་ཐེབས་པའི་ཕོག་ཐུག་དང་འཕྲད་པའི་དཀའ་ཁག་རྣམས་བཟློག་ཆེད། རང་ཞིང་གིས་ཁེ་ལས་ཀྱི་གཉེར་སྐྱོང་མ་རྩ་ཆག་ཡང་དང་ཁེ་ལས་རྒྱུན་མཐུད་འཕེལ་རྒྱས་ཡོང་པའི་ཁོར་ཡུག་བཟང་པོ་སྲུང་སྐྱོབ་ལ་རོགས་བྱེད་དགོས་པའི་ཕྱོགས་ལ་གཉིས་དམིགས་ནས《སྲིད་ཇུས་བྱེད་ཐབས་འགའ 》བཟོས་ཤིང་། བྱེད་ཐབས་ཀྱི་ནང་དོན་ཕྱོགས་ཆེན་པོ་དྲུག་དང་། བྱེ་བྲག་གི་སྲིད་ཇུས་བྱེད་ཐབས་ཁག32འདུ་ལ། མདོར་གྲལ་ན“ཆག་ཡང་གཉིས་དང་། རྒྱབ་སྐྱོར་བཞི”ཡིན་ནོ། །

དེ་ཡང“ཆག་ཡང་གཉིས”ནི། གཙོ་བོ་བགས་གཏོང་ཁང་པའི་བགས་དངུལ་ཆག་ཡང་དང་། དཔྱ་ཁྲལ་ཆག་ཡང་གཏང་བ་གཉིས་ཡིན། བགས་ཁང་གི་བགས་དངུལ་ཆག་ཡང་དུ་གཏང་བའི་བྱེད་ཐབས་ནང་གཙོ་བོ་རྒན་བཅོལ་གཉོར་སྐྱོང་ཞབས་ཞུ་གཉེར་མཁན་ཁེ་ལས་ཆུང་ངུ་དང་སྒེར་གཉེར་བཟོ་ཚོང་གིས་རྒྱལ་ཁབ་ལ་དབང་པའི་ཁང་པ་གླས་པའི་བགས་དངུལ་དང་། རྒྱལ་ཁབ་ལ་དབང་བ་མ་ཡིན་པའི་བགས་ཁང་གི་བགས་དངུལ་ཆག་ཡང་དུ་གཏང་བ་ལ་སོགས་པའི་བྱེད་ཐབས་འདུ། ཁྲལ་དངུལ་ཆག་ཡང་གི་བྱེད་ཐབས་ནང་གཙོ་བོ་ཆ་རྐྱེན་དང་མཐུན་པའི་རྒན་བཅོལ་གཉོར་སྐྱོང་ཞབས་ཞུ་ལས་ཁུངས་ཀྱིས“ཁྲལ་དྲུག་གྲོན་གཉིས”ཉུང་བསྡུ་དང་སྡོད་ཁུལ་གྱི་ཁྱིམ་ཚང་ཞབས་ཞུ་ལས་རིགས་ཀྱི་ཁྲལ་དངུལ་གཟིགས་སྐྱོང་། ཁྲལ་ཐང་འཕར་ཁྲལ་གཏའ་མ་བཞག་ནས་ཁྲལ་དངུལ་ཕྱིར་འཐེན་པ། གློག་དང་ཆུ། རྫབ་རླངས། དྲོད་འདོན་ལ་གཟིགས་སྐྱོང་བྱེད་པ་ལ་སོགས་ཀྱི་བྱེད་ཐབས་འདུ།

“རྒྱབ་སྐྱོར་བཞི”ནི་གཙོ་བོ་སྤྱི་ཚོགས་ཀྱི་ཉེན་འགོག་འགན་ལེན་གྱི་རྒྱབ་སྐྱོར་དང་། དངུལ་རྩའི་རྒྱབ་སྐྱོར། རིམས་འགོག་གི་རྒྱབ་སྐྱོར། ཕྱོགས་གཞན་དག་གི་རྒྱབ་སྐྱོར་བཅས་ལ་གོ། དེ་ཡང་སྤྱི་ཚོགས་ཀྱི་ཉེན་འགོག་འགན་ལེན་གྱི་རྒྱབ་སྐྱོར་བྱེད་ཐབས་ནང་གཙོ་བོ་མུ་མཐུད་ནས་དུས་རིམ་རང་བཞིན་གྱི་ལས་ཤོར་ཉེན་འགོག་འགན་ལེན་དང་། ལས་རྨས་ཉེན་འགོག་འགན་ལེན་གྱི་གྲོན་དངུལ་ཆག་ཡང་དུ་གཏང་བ་དང་། དུས་རིམ་རང་བཞིན་ཅན་གྱི་རྒན་གསོའི་ཉེན་འགོག་འགན་ལེན་དང་། ལས་ཤོར་ཉེན་འགོག་འགན་ལེན། ལས་རྨས་ཉེན་འགོག་འགན་ལེན་ལས་ལས་ཁུངས་ཀྱིས་སྤྲོད་པའི་ཆ་དེ་ཕྱི་འགྱང་བྱས་ཆོག་པ་དང་། བབ་བསྟུན་ལས་ཞུགས་པས་རང་མོས་རང་འདོད་ལྟར་ཕྱི་འགྱང་བྱས་ཆོག་པ་ལ་སོགས་ཀྱི་རྒྱབ་སྐྱོར་སྲིད་ཇུས་རབ་དང་རིམ་པ་འདུ།

དངུལ་རྩའི་རྒྱབ་སྐྱོར་སྲིད་ཇུས་ནང་གཙོ་བོ་སྤྱི་ཕན་རྒན་གསོའི་ཆེད་དོན་དངུལ་བུན་ཡང་བསྐྱི་ཚོད་ལྟ་བྱ་ཡུལ་ལས། ཆ་རྐྱེན་དང་མཐུན་པའི་རྒན་བཅོལ་གཉོར་སྐྱོང་ཞབས་ཞུ་ལས་ཁུངས་ཀྱིས་དངུལ་བུན་དང་དེའི་སྐྱེད་ཀ་འཇལ་སྤྲོད་ཕྱི་འགྱང་དང་། དངུལ་བུན་དང་སྐྱེད་ཀ་མཉམ་འཇལ། དངུལ་རྩ་མཉམ་འདྲེས་ཀྱི་ཡིད་རྟོན་འཕར་སྣོན། འགན་ལེན་གྱི་གྲོན་དངུལ་འཇལ་སྤྲོད་ཕྱི་འགྱང་ཐོག་བསྡུ་ལེན། འགྲེམ་སྤེལ་ཀུང་སིའི་ཡིད་རྟོན་རིགས་ཀྱི་བུན་དངུལ་འཛིན་ཤོག་འགྲེམ་སྤེལ་ལ་རྒྱབ་སྐྱོར་སོགས་རྒྱབ་སྐྱོར་སྲིད་ཇུས་སོགས་འདུ།

རིམས་འགོག་གི་རྒྱབ་སྐྱོར་ནང་གཙོ་བོ། རྒན་བཅོལ་གཉོར་སྐྱོང་ཞབས་ཞུ་ལས་ཁུངས་ཀྱིས་དངོས་ཟུང་སྙོམས་སྒྲིག་དང་། སྐྱེལ་འདྲེན་ལོགས་བཀར། སྨན་བཅོས་བཅོས་སྐྱོབ། ཉིང་སྐྱུར་དཔྱད་འཇལ། རིམས་འགོག་དངོས་ཟོང་། དུག་སེལ་བཅས་ཀྱི་ཐད་ལ་མ་དངུལ་བཏང་བར་རྒྱབ་སྐྱོར་བྱེད་པ་སོགས་འདུ།

རྒྱབ་སྐྱོར་བྱེད་ཐབས་གཞན་དག་ནང་དུ། རྒན་བཅོལ་གཉོར་སྐྱོང་གི་སྒྲིག་གཞི་སྒྲིག་ཆས་འཛུགས་སྐྲུན་ལ་ཤུགས་སྣོན་དང་། སེམས་ཁམས་ཀྱི་ལམ་སྟོན་ལ་རྒྱབ་སྐྱོར་བྱེད་པའི་ཞབས་ཞུ། ཁྱིམ་སྲིད་ཁེ་ལས་རྒན་བཅོལ་གཉོར་སྐྱོང་གི་ཞབས་ནང་ཞུགས་པར་རྒྱབ་སྐྱོར་བཅས་ལ་ཤུགས་བསྣན་དང་། རྒན་བཅོལ་གཉོར་སྐྱོང་གི་ལས་རིགས་རྣམ་པ་གསར་པར་རྒྱབ་སྐྱོར། འཚོལ་ཞིབ་ཐོག་རྒན་བཅོལ་གཉོར་སྐྱོང་ཞབས་ཞུ་ཀྱི་འཛད་སྤྱོད་འཛིན་ཤོག་འགྲེམ་གཏོང་། ཐོན་སློབ་མཉམ་བསྲེས་ཀྱི་དངོས་སྦྱོང་རྟེན་གཞི་མཉམ་བསྐྲུན་ལ་རྒྱབ་སྐྱོར་བྱེད་པ་སོགས་སྲིད་ཇུས་ཀྱི་རྒྱབ་སྐྱོར་རབ་དང་རིམ་པ་འདུ།

ལོ་ཙཱ་བ། ཁོན་ཐར་འཚོ། 

ང་ཚོའི་གནས་ཚུལ། འགན་འཁུར་གསལ་བསྒྲགས། འབྲེལ་གཏུག་བྱེད་ཡུལ།
Copyright © 2005-2023   མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
青ICP备19000163号-70 འབྲེལ་གཏུགས་ཁ་པར། 0971-8456487
 
མཚོ་སྔོན་གྱིས་བྱེད་ཐབས་ཁག32བཏོན་ནས་རྒན་བཅོལ་གཉོར་སྐྱོང་ཞབས་ཞུ་ལས་རིགས་ཀྱི་དཀའ་ཁག་སེལ་རྒྱུ།

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

རྩོམ་སྒྲིག་པ། སུང་ཆི།