“སྐྲན་ནད་གཉིས”ཕོག་པའི་བུད་མེད་ཀྱིས་རོགས་སྐྱོབ་དངུལ་ལེན་པའི་རེ་ཞུ་ཇི་ལྟར་རྒྱག་དགོས།
ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
རྩོམ་སྒྲིག་པ། སུང་ཆི།
སྤེལ་དུས། 2022-03-01 17:04:00
མཚོ་སྔོན་གསར་འགྱུར་དྲ་བའི་འཕྲིན། “ད་ལོར་མངལ་སྐེའི་འབྲས་སྐྲན་ནད་ཕོག་ཚེ‘སྐྲན་ནད་གཉིས’ཕོག་པའི་བུད་མེད་ཀྱི་ཆེད་དོན་རོགས་སྐྱོབ་དངུལ་ལེན་པར་རེ་ཞུ་ཇི་ལྟར་རྒྱག་དགོས་པ་དང་། དཔྱད་གཞི་གང་དག་མཁོ་འདོན་བྱེད་དགོས་ཞེ་ན། ཉེ་ཆར། ཀློག་པ་པོས་ནུབ་མཚོ་གྲོང་ཁྱེར་ཚགས་པར་གྱི《གསར་འགོད་པའི་རོགས་རམ》ཞེས་པའི་ལེ་ཚན་ལ་འདིའི་སྐོར་གྱི་གནས་ཚུལ་དྲིས་འདུག
དེའི་ཐད། ཟི་ལིང་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་དོན་པས་ངོ་སྤྲོད་བྱས་པ་ལྟར་ན། “སྐྲན་ནད་གཉིས”ཕོག་པའི་བུད་མེད་ལ་ཆེད་དོན་རོགས་སྐྱོབ་བྱེད་པ་ནི་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ནོར་སྲིད་པུའི་རྒྱབ་སྐྱོར་འོག་སྤྱི་ཚོགས་སྟོབས་ཤུགས་སྐུལ་སློང་བྱས་ནས་བཙུགས་པའི་སྤྱི་ཕན་རྣམ་གྲངས་ཤིག་རེད། ལོ་རེར་སྐྱོབ་དངུལ་སྤྲོད་པའི་དུས་ཚོད་དང་སྤྱིའི་དངུལ་གྲངས་ལ་ངེས་གཏན་མེད་། དེ་ཡང་རོགས་སྐྱོབ་བྱ་ཡུལ་ནི་བརྟག་དཔྱད་ཀྱི་འོས་བབ་ཐོབ་ཐང་ལྡན་པའི་སྨན་ཁང་་དུ་མངལ་སྐེའི་འབྲས་སྐྲན་ནམ་ཡང་ན་ནུ་མའི་འབྲས་སྐྲན་ཕོག་པ་ངོས་བཟུང་ཞིང་། ཡོང་འབབ་དམའ་བའི་ཁྱིམ་ཚང་གི་བུད་མེད་ཡིན་དགོས་པ་དང་། རོགས་སྐྱོབ་ཀྱི་ཚད་གཞི་ནི་མི་རེར་ཐེངས་གཅིག་རང་བཞིན་གྱི་རོགས་སྐྱོབ་སྒོར་ཁྲི1ཡོད།
གྲོང་གསེབ་ཀྱི་ཡོང་འབབ་དམའ་བའི་ཁྱིམ་ཚང་གི“སྐྲན་ནད་གཉིས”ཕོག་པའི་བུད་མེད་ཀྱི་ཆེད་དོན་རོགས་སྐྱོབ་རེ་ཞུ་ལ་ཆ་རྐྱེན་འདི་དག་ཚང་དགོས་ཏེ། དམངས་སྲིད་སྡེ་ཁག་གིས་གཏན་འཁེལ་བྱས་པའི་མ་མཐའི་འཚོ་བའི་འགན་ལེན་ཡོད་པ་དང་། དམིགས་བསལ་དཀའ་ངལ་ཅན་གྱི་འཚོ་སྐྱོང་རོགས་སྐྱོར་ཡོད་པ། མ་མཐའི་འཚོ་བའི་འགན་ལེན་གྱི་ནང་དུ་མ་ཚུད་ཅིང་འགྲོ་སོང་གི་དཀའ་ངལ་ཆེ་བའི་ཁྱིམ་ཚང་དབུལ་པོ་དང་། གྲོང་གསེབ་དར་རྒྱས་སྡེ་ཚན་གྱིས་དབུལ་པོར་འགྱུར་སླ་བ་དང་དབུལ་ཐར་བརྟན་པོ་མིན་པ་ཁས་ལེན་བྱས་པའི་ཁྱིམ་ཚང་སོགས་ཡིན་དགོས། ། སྐྱོབ་རོགས་བྱ་ཡུལ་ནད་པའི་་ལོ་ཚོད་ལ་ཚད་བཀག་མེད།
ནད་པས་རང་ཉིད་ཀྱི་ཐོབ་ཐང་ལག་ཁྱེར་གྱི་བསྐྱར་དཔར་དང་། ཁྱིམ་ཐོའི་ཤོག་ངོས་དང་པོ་དང་མི་སྒེར་གྱི་ཁྱིམ་ཐོའི་ཤོག་ངོས་ཀྱི་བསྐྱར་དཔར། དམངས་སྲིད་སྡེ་ཚན་གྱིས་ངོས་འཛིན་གཏན་འཁེལ་བྱས་པའི་མ་མཐའི་འཚོ་བའི་འགན་ལེན་ཡོད་པ་དང་། དམིགས་བསལ་དཀའ་ངལ་ཅན་གྱི་འཚོ་སྐྱོང་རོགས་སྐྱོར་ཡོད་པ། མ་མཐའི་འཚོ་བའི་འགན་ལེན་གྱི་ནང་དུ་མ་ཚུད་ཅིང་འགྲོ་སོང་གི་དཀའ་ངལ་ཆེ་བའི་ཁྱིམ་ཚང་དབུལ་པོ་དང་། གྲོང་གསེབ་དར་རྒྱས་སྡེ་ཚན་གྱིས་ཁས་ལེན་བྱས་པའི་དབུལ་པོར་འགྱུར་སླ་བ་དང་དབུལ་ཐར་བརྟན་པོ་མིན་པ་སོགས་ཀྱི་འབྲེལ་ཡོད་ངོ་སྤྲོད་མ་ཡིག་དང་དཔར་མ་མཁོ་འདོན་བྱེད་དགོས་ལ། ངེས་པར་དུ་གྲོང་ཚོ་དང་འབྲོག་ཨུ་ལྷན་གྱིས་བདེན་མིན་ཞིབ་དཔྱད་བྱས་རྗེས་ཀྱི“གནས་ཚུལ་ངོ་མ་ཡིན”ཞེས་པའི་ཡི་གེའི་ཐོག་མིང་རྟགས་འགོད་དགོས་པ་མ་ཟད། གཞུང་ཐམ་ཡང་རྒྱག་དགོས་པ་དང་། སྨན་ཁང་དུ་སྡོད་པའི་ནད་ཀྱི་དཔེ་གཞིའི་བསྐྱར་དཔར་དང་། སྨན་ཁང་ནས་ཕྱིར་བུད་པའི་ཡི་གེའི་བསྐྱར་དཔར། སྨན་ཁང་དུ་སྡོད་རིང་གི་སྡོམ་རྩིས་འཛིན་ཤོག་གི་བསྐྱར་དཔར་བཅས་མཁོ་འདོན་བྱ་དགོས།
གྲོང་ཁྱེར་དང་གྲོང་རྡལ་གྱི་ཡོང་འབབ་དམའ་བའི་ཁྱིམ་ཚང་གི“སྐྲན་ནད་གཉིས”ཕོག་པའི་བུད་མེད་ཆེད་དོན་རོགས་སྐྱོབ་རེ་ཞུའི་ཆ་རྐྱེན་ནི། དམངས་སྲིད་ལས་ཁུངས་ཀྱིས་གཏན་འཁེལ་བྱས་པའི་མ་མཐའི་འཚོ་བ་འགན་སྲུང་ཡོད་པ་དང་། དམིགས་བསལ་དཀའ་ངལ་ཅན་གྱི་འཚོ་སྐྱོང་རོགས་སྐྱོར་ཡོད་པ། མ་མཐའི་འཚོ་བའི་འགན་ལེན་གྱི་ནང་དུ་མ་ཚུད་ཅིང་འགྲོ་སོང་གི་དཀའ་ངལ་ཆེ་བའི་ཁྱིམ་ཚང་དབུལ་པོ་དང་། གྲོང་གསེབ་དར་རྒྱས་ལས་ཁུངས་ཀྱིས་ཁས་ལེན་བྱས་པའི་དབུལ་པོར་འགྱུར་སླ་བ་དང་དབུལ་ཐར་བརྟན་པོ་མིན་པ་སོགས་ཡིན་པ་མ་ཟད། བཟའ་ཚང་གཉིས་ཀར་གཏན་འཇགས་ཀྱི་བྱ་བ་དང་ཡོང་འབབ་མེད་ཅིང་། མི་སྒེར་དང་དབང་པོ་སྐྱོན་ཅན་ནམ་ཡང་ན་ནང་མི་དབང་པོ་སྐྱོན་ཅན་ཡིན་པ་བཅས་ཚུད། སྐྱོབ་རོགས་བྱེད་པའི་ལོ་ཚོད་ཚད་བཀག་མེད།
ནད་པས་རང་ཉིད་ཀྱི་ཐོབ་ཐང་ལག་ཁྱེར་གྱི་བསྐྱར་དཔར་དང་། ཁྱིམ་ཐོའི་ངོས་དང་པོ་དང་རང་ཉིད་ཀྱི་ཁྱིམ་ཐོའི་ངོས་ཀྱི་བསྐྱར་དཔར། དམངས་སྲིད་ལས་ཁུངས་ཀྱིས་ངོས་འཛིན་བྱས་པའི་མ་མཐའི་འཚོ་བའི་འགན་སྲུང་ཡོད་པ་དང་། དམིགས་བསལ་དཀའ་ངལ་ཅན་གྱི་འཚོ་སྐྱོང་རོགས་སྐྱོར་ཡོད་པ། མ་མཐའི་འཚོ་བའི་འགན་ལེན་གྱི་ནང་དུ་མ་ཚུད་ཅིང་འགྲོ་སོང་གི་དཀའ་ངལ་ཆེ་བའི་ཁྱིམ་ཚང་དབུལ་པོ་དང་། གྲོང་གསེབ་དར་རྒྱས་ལས་ཁུངས་ཀྱིས་ངོས་འཛིན་བྱས་པའི་དབུལ་པོར་འགྱུར་སླ་བའི་ཁྱིམ་ཚང་། དབུལ་ཐར་བརྟན་འཇགས་མིན་པའི་མི་འབོར་གྱི་འབྲེལ་ཡོད་ངོ་སྤྲོད་ཡི་གེའི་མ་ཡིག་དང་བསྐྱར་དཔར་བཅས་མཁོ་འདོན་བྱ་དགོས་པ་དང་། མི་སྒེར་གྱི་སྙན་ཞུའི་རེའུ་མིག་ངེས་པར་དུ་གནས་སའི་སྡེ་ཁུལ་གྲོང་མི་ཨུ་ལྷན་གྱིས་ཞིབ་བསྡུར་བྱས་རྗེས“གནས་ཚུལ་ངོ་མ་ཡིན”ཞེས་པའི་ཡི་གེ་མིང་རྟགས་བཀོད་དེ་གཞུང་ཐམ་རྒྱག་དགོས། དཔེར་ན། གལ་ཏེ་གཉེན་འཐོར་བྱས་ཚེ་གཉེན་འཐོར་ཡི་གེའི་བསྐྱར་དཔར་དང་། གལ་སྲིད་དབང་པོ་སྐྱོན་ཅན་ཡིན་ན་དབང་སྐྱོན་ཅན་ཡི་གེའི་བསྐྱར་དཔར། སྨན་ཁང་དུ་སྡོད་པའི་ནད་གཞིའི་ཤོག་ངོས་དང་པོའི་བསྐྱར་དཔར། སྨན་ཁང་ནས་ཕྱིར་བུད་པའི་ཡི་གེའི་བསྐྱར་དཔར། སྨན་ཁང་དུ་སྡོད་པའི་བསྡོམས་རྩིས་ཡི་གེའི་བསྐྱར་དཔར།
རེ་ཞུའི་རྒྱུ་ཆ་ནི་རྫོང་དང་ཆུས་རིམ་པའི་བུད་མེད་དང་བྱིས་པའི་ལས་དོན་ཨུ་ལྷན་གཞུང་དོན་ཁང་གིས་སྨན་བཅོས་འགན་སྲུང་དང་། འཕྲོད་བསྟེན་བདེ་ཐང་། དམངས་སྲིད། གྲོང་གསེབ་དར་རྒྱས་སོགས་ལས་ཁུངས་ཀྱི་བསམ་འཆར་བསྡུ་ལེན་གྱི་རྨང་གཞིའི་སྟེང་རྫོང་དང་ཆུས་བུད་མེད་དང་བྱིས་པའི་ལས་དོན་ཨུ་ལྷན(ཡང་ན་བུད་མེད་མཉམ་འབྲེལ་ལྷན་ཚོགས)དང་། དམངས་སྲིད། འཕྲོད་བསྟེན་བདེ་ཐང་ལས་ཁུངས་ཀྱི་སྤྱི་ཐམ་བཅས་བརྒྱབ་ནས། རྫོང་དང་ཆུས་རིམ་པའི་བུད་མེད་དང་བྱིས་པའི་ལས་དོན་ཨུ་ལྷན་གཞུང་དོན་ཁང་ལ་སྟེར་དགོས། རྫོང་དང་ཆུས་རིམ་པའི་དམངས་སྲིད་དམ་ཡང་ན་གྲོང་གསེབ་དར་རྒྱས་སྡེ་ཁག་དང་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་རྫོང་དང་ཆུས་རིམ་པའི་བུད་མེད་དང་བྱིས་པའི་ལས་དོན་ཨུ་ལྷན་གཞུང་དོན་ཁང་ལ་གཞོགས་འདེགས་ཀྱིས་ཞིབ་དཔྱད་དགོས་པ་མ་ཟད། རྫོང་དང་ཆུས་རིམ་པའི་བུད་མེད་དང་བྱིས་པའི་ལས་དོན་ཨུ་ལྷན་གཞུང་དོན་ཁང་དང་། དམངས་སྲིད། འཕྲོད་བསྟེན་བདེ་ཐང་སྡེ་ཁག་བཅས་ཀྱི་སྤྱི་ཐམ་བརྒྱབ་ནས། ཞིང་ཆེན་དང་གྲོང་ཁྱེར་དབུལ་པོའི“སྐྲན་ནད་གཉིས”ཀྱི་ནད་ཕོག་པའི་བུད་མེད་རོགས་སྐྱོབ་ལས་གཞི་འགོ་ཁྲིད་ཚན་ཆུང་གི་གཞུང་དོན་ཁང་ལ་བསྐྱར་བཤེར་དང་། ཆེད་མཁས་པ་དཔྱད་ཞིབ་ཚན་ཆུང་གིས་དཔྱད་ཞིབ་བཅས་ཀྱི་གོ་རིམ་ལྟར་རེ་ཞུ་བྱ་དགོས་སོ། ། །
ཞིང་ཆེན་དབུལ་པོའི“སྐྲན་ནད་གཉིས”ཕོག་པའི་བུད་མེད་རོགས་སྐྱོབ་རྣམ་གྲངས་འགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་གིས་རོགས་སྐྱོབ་ཆ་རྐྱེན་དང་མཐུན་པའི་ནད་གཞི་ཕོག་པའི་བུད་མེད་ཀྱི་རེ་ཞུ་ཡིག་ཆ་ཞིང་ཆེན་རྣམ་གྲངས་འགོ་ཁྲིད་ཚན་ཆུང་ལ་སྤྲད་དགོས་ཤིང་། འགོ་ཁྲིད་ཚན་ཆུང་གིས་རྒྱུ་ཆ་དེ་དག་ལ་དཔྱད་ཞིབ་་གཏན་འབེབས་བྱ་དགོས་པ་དང་། མཐར་ཞིབ་འཇུག་བྱས་ནས་མོས་མཐུན་ཐོབ་རྗེས། ཞིང་ཆེན་དབུལ་པོའི“སྐྲན་ནད་གཉིས”ཕོག་པའི་བུད་མེད་རོགས་སྐྱོབ་རྣམ་གྲངས་འགོ་ཁྲིད་ཚན་ཆུང་གཞུང་དོན་ཁང་གིས་རྫོང་དང་ཆུས་རིམ་པའི་བུད་མེད་དང་བྱིས་པའི་ལས་དོན་ཨུ་ལྷན་གཞུང་དོན་ཁང་ལ་རོགས་སྐྱོབ་ཀྱི་བརྡ་ཐོ་བཏང་ནས་རོགས་སྐྱོབ་མ་དངུལ་སྤྲད་པ་ཡིན།
ལོ་ཙཱ་བ། ཡེ་ཤེས་སྒྲོལ་མ།