ཁྱེད་ཀྱི་མིག་སྔའི་གནས།: མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ཞབས་ཕྱི།དམངས་ཚིས་སྐོར།
རང་ཞིང་གི་སྨན་བཅོས་འགན་སྲུང་ཐད་ལ་གཏམ་བཟང་ཐོན་འདུག
ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།  རྩོམ་སྒྲིག་པ། སུང་ཆི།  
སྤེལ་དུས། 2022-01-28 17:30:00

མཚོ་སྔོན་ཞིང་ཆེན་གསར་འགྱུར་དྲ་བའི་འཕྲིན། ཉེ་ལམ་འགན་སྲུང་ལས་ཀའི་གྲོས་ཚོགས་སྟེང་ཤེས་གསལ་ལྟར་ན། ད་ལོའི་དམངས་ཕན་སྲིད་ཇུས་རབ་དང་རིམ་པ་མང་པོ་ཞིག་ལག་བསྟར་བྱས་ནས་ཞིང་ཆེན་ཡོངས་ཀྱི་སྨན་བཅོས་འགན་སྲུང་བྱ་བ་སྤུས་ལེགས་པའི་སྒོ་ནས་སྐུལ་འདེད་གཏང་རྒྱུ་རེད།

དེ་ཡང་གཏམ་བཟང་གཅིག་ནི།

རྟིང་ལྷན་འདེགས་སྐྱོར་ནུས་པར་སྐུལ་འདེད་བཏང་སྟེ། ནད་ཀྱིས་ཕོངས་ཤིང་དབུལ་བོར་བསྐྱར་ལོག་གི་ཉེན་ཁ་སེལ་ཐབས་དང་སྔོན་འགོག་གི་ཕུགས་ཕན་ནང་རྐྱེན་ལམ་ལུགས་འཐུས་ཚང་བཟོ་པ་དང་། སྤྱི་ཚོགས་སྟོབས་ཤུགས་རོགས་སྐྱོབ་འགན་སྲུང་དུ་ཞུགས་པར་འཁྲིད་སྟོན་བཅས་བྱེད་ཐབས་མང་པོ་སྤྱད་དེ་ནད་གཞི་ལྕི་མོའི་སྨན་བཅོས་ཀྱི་འགྲོ་གྲོན་ཆག་ཡང་དུ་གཏང་རྒྱུ།

གཏམ་བཟང་གཉིས་པ། ནད་པར་ཕན་ནུས་མངོན་གསལ་ཡོད་པའི་སྨན་རྫས་དག་འགན་སྲུང་གི་ཁྱབ་ཁོངས་སུ་བཞག་ནས་སྨན་རིན་སྤྲོད་དུ་འཇུག་རྒྱུ།

ཐེབས་རྩའི་ཐེག་ཚད་ལ་རྐང་ཚུགས་ཐུབ་ཅིང་། མང་ཚོགས་ཀྱི་དགོས་མཁོ་དང་ནད་ཐོག་སྨན་བཅོས་ཀྱི་འཕེལ་རྒྱས་དང་འཚམ་པོ་བྱས་ཏེ། སྨན་བཅོས་འགན་སྲུང་གི་དཀར་ཆག་ལ་དུས་བསྟུན་སྙོམས་སྒྲིག་ཐུབ་པའི་ལམ་ལུགས་བཙུགས་ནས་དུས་ཐོག་ཏུ་ནད་ཐོག་སྨན་བཅོས་ཀྱི་རིན་ཐང་མཐོ་ལ། ནད་པའི་ནད་ལ་ཤིན་ཏུ་ཕན་པ། དཔལ་འབྱོར་གྱི་ཆ་ནས་གདེང་འཇོག་ཆེ་བའི་སྨན་རྫས་དང་། སྨན་བཅོས་ཞབས་ཞུ། སྨན་སྤྱོད་འགྲོ་གྲོན་བཅས་འགན་སྲུང་གི་ཁྱབ་ཁོངས་སུ་ལེན་རྒྱུ།

གཏམ་བཟང་གསུམ་པ། སྨན་བཅོས་འགན་སྲུང་གི་སྨན་རིན་སྤྲོད་སྟངས་ལ་མུ་མཐུད་ནས་བཅོས་སྒྱུར་བྱ་རྒྱུ།

ཕྱོགས་ཡོངས་ནསDRG、DIPཡི་གྲོན་དངུལ་སྤྲོད་སྟངས་ལག་བསྟར་བྱ་རྒྱུ།

ཕྱོགས་ཡོངས་ནསDRG、DIPཡི་གྲོན་དངུལ་སྤྲོད་སྟངས་ལོ་གསུམ་འགུལ་སྐྱོད་འཆར་འགོད་ལག་བསྟར་བྱས་ནས་ཞིང་ཆེན་ཡོངས་ཀྱི་གཅིག་གྱུར་འཆར་འགོད་ས་ཁུལ་སོ་སོར་ཁྱབ་ཏུ་འཇུག་རྒྱུ། སྨན་བཅོས་འགན་སྲུང་ཐེབས་རྩའི་སྤྱི་འབོར་གྱི་སྔོན་རྩིས་དོ་དམ་དང་། ནད་ཁྲི་དང་ཉིན་གྲངས་ཀྱི་རིན་པ་སྤྲོད་སྟངས་ལ་སོགས་པ་ཚད་གཞི་བཟོས་ཏེ། སྒོ་བསྟེན་དུ་མིའི་ཁ་གྲངས་ལྟར་རིན་པ་སྤྲོད་སྟངས་ཚོད་ལྟ་བྱ་རྒྱུ། ཀྲུང་སྨན་གྱི་ཁྱད་ཆོས་དང་འཚམ་པའི་སྨན་བཅོས་འགན་སྲུང་གི་སྨན་རིན་གདེང་འཇོག་ལམ་ལུགས་དང་བྱེད་ཐབས་འཚོལ་ཞིབ་བྱས་ནས་ཕྱི་ལུགས་དང་ཀྲུང་ལུགས་ཟུང་གི་ནད་གཅིག་བཅོས་ཐབས་ཀྱི་ཕན་ནུས་འདྲ་བ་རིན་གོང་འདྲ་བའི་བྱེད་ཐབས་ལག་བསྟར་ལ་ཡར་སྐུལ་དང་། གཞི་རིམ་སྨན་བཅོས་ལས་ཁུངས་ལ་འོས་ཤིང་འཚམ་པའི་ཀྲུང་ལུགས་སྨན་བཅོས་ཀྱི་ཞབས་ཞུ་འདོན་པར་འཁྲིད་སྟོན་བྱ་རྒྱུ།

གཏམ་བཟང་བཞི་པ། སྨན་བཅོས་ཞབས་ཞུའི་རིན་གོང་བཅོས་སྒྱུར་ལ་སྐུལ་འདེད་གཏང་རྒྱུ།

རིན་གོང་ལུགས་མཐུན་ངང་བབ་བསྟུན་སྙོམས་སྒྲིག་ལམ་ལུགས་བཙུགས་ཏེ། མང་ཚོགས་ཀྱི་ཁུར་པོ་སྤྱི་གཏན་འཇགས་ཡོང་བ་དང་། སྨན་བཅོས་འགན་བཅོལ་ཐེབས་རྩས་ཐེག་ཐུབ་པ། གཞུང་གཉེར་སྨན་ཁང་རྒྱུན་མཐུད་འཕེལ་རྒྱས་བཅས་ཡོང་བར་འགན་ལེན་བྱས་ནས་གཞུང་གཉེར་སྨན་ཁང་གི་སྨན་བཅོས་ཞབས་ཞུའི་རིན་གོང་གི་ལྟ་ཞིབ་ཚད་ལེན་ལ་ཤུགས་བསྣན་རྒྱུ།

གཏམ་བཟང་ལྔ་པ།  ཀྲུང་བོད་སྨན་རྫས་འཛིན་སྐྱོང་སྤེལ་གསུམ་ལ་རྒྱབ་སྐྱོར་བྱ་རྒྱུ།

ཞིབ་འཇུག་ཐོག་སྨན་བཅོས་འགན་སྲུང་གི་རྒྱབ་སྐྱོར་བྱེད་ཐབས་བཟོ་རྒྱུ། མི་རིགས་སྨན་རྫས་དང་། སྨན་བཅོས་ལས་ཁུངས་ཀྱི་སྡེབ་རྫས། ཀྲུང་ལུགས་ཀྱི་འཐུང་སྨན་དང་སྡེབ་སྨན་རིལ་རྡོག་དོ་དམ་བྱེད་ཐབས་དང་བོད(སོག)སྨན་ཁང་་གི་སྡེབ་རྫས་ཀྱི་སྨན་བཅོས་འགན་སྲུང་དཀར་ཆག་ཚད་ལྡན་དུ་བཟོས་ཏེ། ནད་ཐོག་སྨན་བཅོས་ལ་ངེས་པར་དུ་མཁོ་ཞིང་། བདེ་འཇགས་ཡིན་པ། སྨན་གྱི་ནུས་པ་འཇོན་པའི་སྨན་རྫས་རིགས་སྨན་རིན་འགན་ལེན་གྱི་ཁྱབ་ཁོངས་སུ་ལེན་རྒྱུ།

གཏམ་བཟང་དྲུག་པ། སྨན་གོང་མི་དག་པ་དག་པར་བཟོས་ནས་མང་ཚོགས་ཀྱི་སྨན་བཅོས་འགྲོ་གྲོན་གྱི་ཁུར་པོ་མུ་མཐུད་ནས་ཇེ་ཡང་དུ་གཏང་རྒྱུ།

རྒྱལ་ཁབ་ཀྱི་རྩ་འཛུགས་བྱས་པའི་ཐུན་མོང་འཚོལ་སྡུད་ཀྱི་རྗེས་ལ་དུས་ལྟར་སྙེག་ཅིང་། ཞིང་ཆེན་བར་གྱི་མནའ་འབྲེལ་ཐུན་མོང་གི་འཚོལ་སྡུད་ཁྲོད་ཧུར་ཐག་ངང་ཞུགས་ནས་སྨན་སྣ་དང་ཁེབས་རྒྱ་མུ་མཐུད་ནས་ཇེ་ཆེར་བཏང་སྟེ། སྨན་རྫས་ཀྱི་སྤྱི་འབོར450ཡན་ཕྱོགས་བསྡུས་འཚོལ་སྡུད་དང་། ཆ་སྙོམས་ཀྱི་གོང་ཚད་བརྒྱ་ཆའི40%གཅོག་ཐུབ་པར་བརྩོན་ལེན་བྱ་རྒྱུ། ཐུན་མོང་འཚོལ་སྡུད་ཀྱི་དུས་སྐབས་སྔོན་མའི་གྲུབ་འབྲས་དོན་འཁྱོལ་ཡོང་བར་དམ་འཛིན་བྱས་ནས་རྒྱུན་བསྟེན་སྨན་རྫས་དུས་གཏན་འདོན་སྤྲོད་ལ་ཁག་ཐེག་བྱ་རྒྱུ་དང་། དམངས་གཉེར་སྨན་ཁང་དང་སྨན་རྫས་ཚོང་ཁང་ཐུན་མོང་འཚོལ་སྡུད་ཁྲོད་ཞུགས་པར་ཡར་སྐུལ་བྱ་རྒྱུ།

རྒྱལ་ཁབ་ཀྱིས་རྩ་འཛུགས་བྱས་ནས་སྙིང་རྩའི་འདེགས་སྒྲོམ་དང་མིས་བཟོས་གྲུམ་ཚིགས་རིགས་ཕྱོགས་བསྡུས་འཚོལ་སྡུད་བྱས་པའི་འབྲས་བུ་དོན་འཁྱོལ་བྱས་ཏེ། སྒལ་ཚིགས་དང་སོ་རྐང་འཛུགས་པ་ལ་སོགས་པའི་རིན་པ་མཐོ་ཞིང་སྨན་སྤྱོད་ཟད་གྲོན་ཆེ་བའི་རྒྱུ་ཆ་ཕྱོགས་བསྡུས་ཐོག་འཚོལ་སྡུད་བྱེད་པའི་ལས་སུ་ཧུར་ཐག་ཞུགས་ནས་རིན་པ་མཐོ་ལ་སྨན་སྤྱོད་རྒྱུ་ཆའི་སྤྱིའི་ཁྱབ་རྒྱ་རིམ་བཞིན་དུ་ཇེ་ཆེར་གཏང་རྒྱུ།

གཏམ་བཟང་བདུན་པ། མང་ཚོགས་ཀྱིས་ནད་ལ་བསྟེན་པའི་རིན་པ་དང་སྲོག་སྐྱོབ་ཀྱི་རིན་པ་སྲུང་ཤེས་སྤྱོད་ཤེས་བྱ་རྒྱུ།

སྨན་བཅོས་འགན་སྲུང་གི་ཡིད་རྟོན་མ་ལག་ཆ་ཚང་བཙུགས་ཏེ། “སྨན་བཅོས་འགན་སྲུང་གི་གནས་གཏན་གཉིས”ལྡན་ཀྱི་སྨན་ཁང་དང་། སྨན་རྫས་ཁེ་ལས། བསྒྲུབ་མཁན་ལས་ཁུངས། འགན་བཅོལ་ཡོད་མཁན་གྱི་ནད་པ་བཅས་རིམ་བཞིན་སྨན་བཅོས་འགན་སྲུང་གི་ཡིད་རྟོན་མ་ལག་ཁྲོད་འཇུག་རྒྱུ་དང་། ཡིད་རྟོན་ཡིག་ཚགས་བཟོས་ཏེ་ཡིད་རྟོན་རུང་བའི་བྱ་སྤྱོད་ལ་ཡར་སྐུལ་དང་ཡིད་རྟོན་ཤོར་བའི་བྱ་སྤྱོད་ལ་ཆད་པ་གཅད་རྒྱུ། སྨན་བཅོས་འགན་བཅོལ་ལ་གཡོ་སླུད་མགོ་སྐོར་གཏོང་མཁན་ལ་ཕྱོགས་ཡོངས་ནས་ཆེད་དོན་དག་ཐེར་བྱས་ཏེ། གཞི་རིམ་སྨན་ཁང་དང་། སྨན་བཅོས་ཁམས་གསོ་ཟུང་འབྲེལ་གྱི་ཟུར་གཉེར་སྨན་ཁང་། སྤྱི་ཚོགས་ཀྱི་སྨན་བཅོས་འགན་སྲུང་གཉེར་བའི་ལས་ཁུངས། དེ་མིན་འབྲས་སྐྲན་ནད་ཕོག་མཁན་གྱི་གཞི་རྒྱུ་བཤེར་འཇལ་བྱས་པའི་མཇུག་འབྲས་རྫུན་སྒྲིག ཁྲག་སིམ་དབྱེ་རྫུན་བཟོ་ལ་བརྟེན་ནས་སྨན་བཅོས་འགན་སྲུང་གི་ཐེབས་རྩ་གཡོ་ལེན་དང་། ཁྲིམས་འགལ་སྒྲིག་འགལ་གྱི་སྒོ་ནས་སྨན་བཅོས་འགན་སྲུང་གི་བྱང་བུའི་མ་དངུལ་ལེན་པ་སོགས་ཁྱབ་ཁོངས་གལ་ཆེར་ཞིབ་གཅོད་ནན་མོ་བྱ་རྒྱུ།

གཏམ་བཟང་བརྒྱད་པ། སྤྱི་གཞུང་གི་དོ་དམ་ཞབས་ཕྱིའི་སྤུས་ཚད་མཐོར་འདེགས་ལ་སྐུལ་འདེད་གཏང་རྒྱུ།

ཞིང་ཆེན་ཡོངས་ཀྱི་སྒྲུབ་གཉེར་མ་ལག་འཕྲལ་མར་གཅིག་གྱུར་བཟོས་ཏེ། སྨན་བཅོས་འགན་སྲུང་གི་སྲིད་དོན་ཞབས་ཞུའི་ལས་དོན་ཁག་དྲ་ལམ་དང་ཁ་པར་སྟེང་སྒྲུབ་ཐུབ་པར་སྐུལ་འདེད་གཏང་རྒྱུ་དང་། ཞིང་ཆེན་ཕྱིར་བརྒལ་བའི་སྨན་བཅོས་འགན་སྲུང་དོ་དམ་ཞབས་ཞུའི་མཉམ་འབྲེལ་ལམ་ལུགས་འཐུས་ཚང་བཙུགས་ནས་སྨན་བཅོས་འགན་སྲུང་གི་སྲིད་དོན་ཞབས་ཞུ“ཞིང་ཆེན་བརྒལ་ནས་ཐད་ཀར་སྒྲུབ”ཐུབ་པར་སྐུལ་འདེད་གཏང་རྒྱུ། སྨན་བཅོས་འགན་སྲུང་ཆ་འཕྲིན་ཅན་དུ་མགྱོགས་པོར་བསྒྱུར་ཏེ། ཆ་འཕྲིན་གྱི་ཞབས་ཕྱི་མང་འདོན་བྱས་ནས་མང་ཚོགས་ལ་སྟབས་བདེ་དངོས་བསྐྲུན་རྒྱུ། ས་གནས་གཞན་དུ་སྨན་བཅོས་བྱས་པའི་སྨན་རིན་རྩིས་སྤྲོད་ལམ་ལུགས་མགྱོགས་པོར་ཆ་ཚང་བཟོས་ཏེ། ཁྱབ་ཁོངས་ཇེ་ཆེར་དང་རྩིས་སྤྲོད་བྱེད་ཁོངས་རྒྱ་བསྐྱེད། ཐོ་འགོད་ཀྱི་གོ་རིམ་སྟབས་བདེར་བཅས་བཏང་ནས་ནད་སྡོད་སྨན་བཅོས་དང་སྒོ་བསྟེན་སྨན་བཅོས་གྱི་སྨན་རིན་ཐད་ཀར་རྩིས་རྒྱག་ཐུབ་པ་དང་། སྒོ་བསྟེན་སྨན་ཁང་གི་བུལ་ནད་ཁྱད་པར་ཅན་གྱི་སྨན་རྫས་སྨན་ཁང་ནས་ཐད་ཀར་རྩིས་སྤྲོད་ཐུབ་པ་བཅས་ལ་སྐུལ་འདེད་གཏང་རྒྱུ།
ཁོན་ཐར་འཚོས་བསྒྱུར། 

ང་ཚོའི་གནས་ཚུལ། འགན་འཁུར་གསལ་བསྒྲགས། འབྲེལ་གཏུག་བྱེད་ཡུལ།
Copyright © 2005-2023   མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
青ICP备19000163号-70 འབྲེལ་གཏུགས་ཁ་པར། 0971-8456487
 
རང་ཞིང་གི་སྨན་བཅོས་འགན་སྲུང་ཐད་ལ་གཏམ་བཟང་ཐོན་འདུག

ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།

རྩོམ་སྒྲིག་པ། སུང་ཆི།