ཁྱེད་ཀྱི་མིག་སྔའི་གནས།: མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། ཞབས་ཕྱི།དམངས་ཚིས་སྐོར།
2022ལོར་མཚོ་ལྷོ་ཁུལ་གྱིས་དམངས་ལ་དོན་དངོས20བསྒྲུབ་རྒྱུ་རེད།
ཡོང་ཁུངས། མཚོ་ལྷོ་བོད་ཡིག་ཚགས་པར།  རྩོམ་སྒྲིག་པ། སུང་ཆི།  
སྤེལ་དུས། 2022-01-19 12:41:00

ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་མཛད་སྐབས་བཏོན་པའི“མི་དམངས་ཀྱི་བརྩེ་སེམས་བརྟན་སྲུང་དང་ཏན་ཏིག་སྒོས་མཉམ་དུ་ཕྱུག་འགྱུར་ཡོང་བར་སྐུལ་འདེད་གཏོང་དགོས་པའི”བླང་བྱ་གལ་ཆེན་དེ་དོན་འཁྱོལ་ནན་མོ་བྱ་ཆེད།མཚོ་ལྷོ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་བསམ་བློ་རྒྱུན་འཁྱོངས་བྱས་ནས།དམངས་ཀྱི་དགོས་མཁོར་དོ་སྣང་དང་དམངས་ཀྱི་ཐབས་ཇུས་དོ་སྣང་།དམངས་ཀྱི་བསམ་འཆར་རྒྱ་ཁྱབ་ཏུ་བསྡུ་ལེན་བྱེད་པའི་རྨང་གཞིའི་སྟེང་།མང་ཚོགས་ཀྱིས“སེམས་ཁུར་དང་རེ་སྒུག་བྱེད་པའི”གནད་དོན་ལ་དམིགས་ནས། དམངས་འཚོའི་དོན་དངོས་ལས་གཞི་མུ་མཐུད་དུ་ལག་བསྟར་དང་།མང་ཚོགས་ཀྱི་སེམས་ཁུར་བྱེད་སའི་དོན་དག་རྣམས་ཚད་མཐོ་བའི་སྒོ་ནས་ཐག་གཅོད་ཡག་པོ་བྱས་ཏེ།ཧུར་ཐག་གིས་མི་དམངས་མང་ཚོགས་ལ་སྔར་ལས་ལྷག་པའི་ཐོབ་སྣང་དང་སྐྱིད་སྣང་།བདེ་སྣང་ལྡན་པ་བཅས་འགན་སྲུང་བྱ་རྒྱུ་རེད།

གཅིག རིག་གནས་སློབ་གསོ། འཕྲོད་བསྟེན་གྱི་སྐོར།

1.ཡུལ་སྐོར་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ཅུང་རྗེས་ལུས་ཡིན་པ་དང་། ཤང་དང་སྡེ་བའི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་དལ་བ། ཡུལ་སྐོར་གྱིས་དམངས་ཕྱུག་འབབ་འཕར་ལ་སྐུལ་ཁྲིད་བྱེད་པའི་ནུས་པ་མངོན་གསལ་མིན་པའི་གྲོས་གཞིར་དམིགས་ནས། ཡུལ་སྐོར་འཕེལ་རྒྱས་དང་རིག་དངོས་སྲུང་སྐྱོབ་ལས་ཁུངས་ཀྱི་ཉམས་གསོའི་མ་དངུལ་སྒོར་ཁྲི9200བརྩོན་ལེན་བྱ་རྒྱུའི་འཆར་གཞི་འགོད་པ་དང་གུང་ཧོ་རྫོང་ཚལ་རྔ་འགག་གྲོང་རྡལ་ཅུས་ཧྭ་སྡེ་བ་དང་། ཁྲི་ཀ་རྫོང་རྨ་སྲིབ་གྲོང་རྡལ་ཧུང་ལིའུ་ཐཱན་སྡེ་བ། ཀོས་ནན་རྫོང་མགོ་མང་གྲོང་རྡལ་བྲག་དཀར་སྡེ་བ་སོགས་གྲོང་གསེབ་ཀྱི་ཡུལ་སྐོར་ཚོད་ལྟའི་སྡེ་བ7གྱི་རྨང་གཞིའི་སྒྲིག་བཀོད་ལས་གཞི་གཙོ་གནད་དུ་བཟུང་ནས་ལག་བསྟར་བྱས་ཏེ། ཁྱིམ་ཚང2700དང་མང་ཚོགས10000ལ་འབབ་འཕར་བརྟན་པོ་ཡོང་བར་མུ་མཐུད་དུ་སྐུལ་འཁྲིད་བྱ་རྒྱུ་ཡིན་པ་དང་། ཁུལ་རིམ་པའི་ནོར་སྲིད་མ་དངུལ་སྒོར་ཁྲི1000བཀོད་སྒྲིག་བྱས་ནས་ཞབས་ཕྱི་སྤུས་ལེགས་ཡིན་པའི་ཁྱད་ལྡན་སྐར་རིམ་མགྲོན་ཁང་དང་རོང་འབྲོག་སྤྲོ་སྐྱིད་ཁང་ཁག་གཅིག་སྟོབས་ཆེར་གཏོང་རྒྱུར་རོགས་སྐྱོར་བྱས་ཏེ། གཅིག་གྱུར་སྒོས་ཡུལ་ལྗོངས་དང་ཡུལ་ཟས། ཡུལ་དུངས་བཅས་གཞི་གཅིག་ཏུ་འདྲེས་པའི་ཡུལ་སྐོར་གྱི་མིང་རྟགས་ཤིག་བསྐྲུན་རྒྱུ།

2.“གྲོང་ཁྱེར་དང་གྲོང་གསེབ་བར་དང་། སློབ་གྲྭ་བར་གྱི་སློབ་གསོ་འཕེལ་རྒྱས་དོ་སྙོམས་མིན་པ་དང་སློབ་གསོའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱིས་ད་དུང་དངོས་ཡོད་ཀྱི་དགོས་མཁོ་སྐོང་ཐུབ་ཀྱི་མེད་པ”བཅས་ཀྱི་གྲོས་གཞིར་དམིགས་ནས། མ་དངུལ་སྒོར་དུང་ཕྱུར1.7བཏང་སྟེ་གུང་ཧོ་རྫོང་མཐོ་རིམ་སློབ་འབྲིང་དང་། ཐེ་གེ་ཤང་ལྟེ་བའི་བྱིས་སྐྱོང་ཁང་། ཀོས་ནན་རྫོང་སློབ་འབྲིང་གི་སློབ་ཁྲིད་ཐོག་ཁང་སོགས་སློབ་གྲྭ་ཆུང་འབྲིང་དང་བྱིས་སྐྱོང་ཁང་བསྐྱར་བསྐྲུན་རྒྱས་སྐྲུན་ལས་གཞི51གཙོ་གནད་དུ་བཟུང་ནས་ལག་བསྟར་བྱས་ཏེ། སློབ་གཉེར་ཆ་རྐྱེན་རྒྱུན་མཐུད་ངང་ཇེ་ལེགས་སུ་བཏང་ནས་ས་ཁོངས་དང་། གྲོང་ཁྱེར་དང་གྲོང་གསེབ། སློབ་གྲྭ་བཅས་ཀྱི་བར་གྱི་བར་ཁྱད་རིམ་བཞིན་ཇེ་ཆུང་དུ་གཏོང་རྒྱུ།

3.“སྨན་ཁང་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་སྨན་བཅོས་མཁོ་སྤྲོད་ཆུ་ཚད་ཅུང་དམའ་བ”དང“གྲོང་མིའི་བདེ་ཐང་ཡིག་ཚགས་སོགས་ཞབས་ཕྱིའི་དོན་ཚན་འཐུས་སྒོ་ཇེ་ཚང་དུ་གཏོང་དགོས་པའི”གྲོས་གཞིར་དམིགས་ནས། མ་དངུལ་སྒོར་དུང་ཕྱུར1.62བཏང་སྟེ་མཚོ་ལྷོ་ཁུལ་གྱི་ཞིང་ཆེན་རིམ་པའི་ས་ཁོངས་སྨན་བཅོས་ལྟེ་གནས་དང་རིམས་ནད་ཚབས་ཆེན་ཞིབ་དཔྱད་ཚད་ལེན་ས་ཚིགས་སོགས་ཀྱི་ལས་གཞིའི་འཛུགས་སྐྲུན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་བདེ་ཐང་ཡིག་ཚགས་ཆ་ཚང་ཚད་ལྡན་དུ་གཏོང་བ་དང་། སྔར་ལས་ལྷག་པའི་སྒོ་ནས་གཞི་རིམ་གྱི་སྨན་བཅོས་ཞབས་ཕྱིའི་འགན་སྲུང་ནུས་པ་མཐོར་འདེགས་སུ་བཏང་ནས། ཕྱོགས་ཡོངས་ནས་མི་དམངས་མང་ཚོགས་ཀྱི་ལས་ཕུང་བདེ་ཐང་ལ་འགན་སྲུང་བྱ་རྒྱུ།

4.“མང་ཚོགས་ཀྱི་བདེ་ཐང་ལ་གནོད་པའི་ནད་རིགས་སྣ་ཚོགས་སྔོན་ལ་བརྟག་དཔྱད། སྔོན་ལ་སྔོན་འགོག སྔོན་ལ་སྨན་བཅོས”བཅས་བྱ་དགོས་པའི་གྲོས་གཞི་བཏོན་པར་དམིགས་ནས། ནད་གཞི་སྨན་བཅོས་བྱ་རྒྱུ་གཙོར་འཛིན་པ་དེ་བདེ་ཐང་གཙོར་འཛིན་པ་དམིགས་འབེན་དུ་བཟུང་སྟེ།ད་ལྟའི་སྨན་བཅོས་དང་སྨན་བཅོས་འགན་བཅོལ་སྲིད་ཇུས་སྡེབ་སྒྲིག་དང་བེད་སྤྱོད་འདང་ངེས་བྱས་པའི་རྨང་གཞིའི་ཐོག “བདེ་ཐང་མཚོ་སྔོན། བདེ་སྐྱིད་མཚོ་ལྷོ”བྱ་འགུལ་སྤེལ་བར་ཁུལ་དང་རྫོང་གི་ནོར་སྲིད་ཁ་གསབ་མ་དངུལ་སྒོར་ཁྲི2600ལྷག་བཀོད་སྒྲིག་བྱས་ནས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་མིར་རིན་མི་དགོས་པར་ཐག་ཉེ་སར་བདེ་ཐང་བརྟག་དཔྱད་དང་གཅོང་ནད་ཀྱི་གཞི་རྩའི་སྨན་རིན་མི་དགོས་པར་སྨན་སྐྱེལ་བའི་བྱ་བ་ཡག་པོ་བསྒྲུབས་ནས།སེམས་ནུས་ཡོད་རྒུས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་ལ་འགན་སྲུང་བྱ་རྒྱུ།

5.“ནད་གཞི་ཚབས་ཆེན་འབྱུང་བར་སྔོན་འགོག་དང་ཚོད་འཛིན་གང་ལེགས་བྱས་ནས། ནད་གཞི་སྔོན་འགོག་དང་ཚོད་འཛིན་གྱི་ཆུ་ཚད་ཇེ་མཐོར་གཏོང་དགོས་པའི”གྲོས་གཞིར་དམིགས་ཏེ། མ་དངུལ་སྒོར་ཁྲི2000བཏང་ནས་ཐུམ་འབུའི་ནད་དང་འབྲས་གཅོང་ནད་རིགས་འགོག་བཅོས་ཀྱི་ལས་གཞི་ལག་བསྟར་དང་རོང་འབྲོག་ཁུལ་གྱི་བུད་མེད་ཀྱི“འབྲས་སྐྲན་གཉིས”ལ་རིན་མེད་བརྟག་དཔྱད་མི་ཐེངས་ཁྲི1.5བྱས་ཏེ། ཁུལ་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་ཀྱི་བདེ་ཐང་འགན་སྲུང་བྱ་རྒྱུ།

གཉིས། སྤྱི་ཚོགས་འགན་བཅོལ་གྱི་སྐོར།

6.“རྒན་གསོའི་ཞབས་ཕྱིའི་སྒྲིག་བཀོད་འཛུགས་སྐྲུན་དང་དམིགས་བསལ་གྱི་དཀའ་ངལ་ཡོད་པའི་རྒན་གསོ་འགན་བཅོལ་བྱེད་པའི”ཐད་ལ་གྲོས་གཞི་བཏོན་ཏེ་མ་དངུལ་སྒོར་དུང་ཕྱུར2.18བཏང་ནས་ཁྲི་ཀ་རྫོང་རྒན་གསོ་བྱེད་སྒོ་ལྟེ་གནས་དང་ཀོས་ནན་རྫོང་མཁར་བྱང་མཁར་ལྷོ་བཅས་རྒན་གསོ་ཞབས་ཕྱི་ཡི་ལས་གཞི་ལག་བསྟར་བྱས་ཏེ། ཁུལ་ཡོངས་ཀྱི་མཁར་གྲོང་གི་མ་མཐའི་འཚོ་བ་དང་དམིགས་བསལ་དཀའ་ངལ་ཅན་གྱི་གཞི་རྩའི་འཚོ་བར་འགན་ལེན་རོགས་སྐྱོར་བྱེད་པའི་སྲིད་ཇུས་ལག་བསྟར་བྱ་རྒྱུ་དང་། དེ་མིན་ཁྱོན་ཡོངས་ནས་ལོ་ན70ཡན་གྱི་ལོ་ལོན་དང་། དབང་བོ་སྐྱོན་ཅན་བཅས་ཕྱོགས་གཉིས་ཀྱི་ཁ་གསབ་རོགས་སྐྱོར་ལ་སྒོར་ཁྲི3600དང་དེ་བཞིན་གཅིག་སྡུད་གསོ་སྐྱོང་དང་སྤྱི་ཚོགས་ཐོག་ཁ་ཐོར་དུ་སྡོད་པའི་དྭ་ཕྲུག220སོགས་དཀའ་ངལ་ཡོད་པའི་བྱིས་པ་ལ་འགན་ལེན་བྱ་རྒྱུ།

7.“ཁུལ་ཡོངས་ཀྱི་ངལ་རྩོལ་ནུས་ཤུགས་ལྷག་མའི་ལས་ཞུགས་ཀྱི་བགྲོད་ལམ་གུ་དོག་པ་དང་རོང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་ཡོང་འབབ་ཀྱི་ཆུ་ཚད་མཐོ་རུ་གཏོང་རྒྱུའི”གྲོས་གཞི་ལ་དམིགས་ནས། ལས་ཞུགས་བསྐྱར་དུ་བྱེད་པའི་ཆེད་སྤྱོད་མ་དངུལ་སྒོར་ཁྲི6000གཏོང་བར་དོན་འཁྱོལ་བྱས་ཏེ།མཁར་གྲོང་གི་མི2000ལྷག་གི་ལས་ཞུགས་ལེགས་འགྲུབ་བྱ་རྒྱུ་དང་རོང་འབྲོག་ཁུལ་གྱི་ངལ་རྩོལ་ནུས་ཤུགས་གཞན་སྒྱུར་བྱས་ནས་མི་ཐེངས་ཁྲི4.5ལྷག་ལས་ཞུགས་བྱེད་ཐུབ་པ། གསོ་སྦྱོང་དང་ལས་ཞུགས་གཙོ་གནད་ཀྱི་མི་ཐེངས9100ཟིན་པ་དང་ངལ་རྩོལ་ནུས་ཤུགས་ཡོང་འབབ་སྒོར་དུང་ཕྱུར3ཟིན་པ་བཅས་བྱ་རྒྱུ།

གསུམ། རྨང་གཞི་འཛུགས་སྐྲུན་གྱི་སྐོར།

8.“སྒྲིག་བཀོད་འཐུས་ཚང་དང་ཁོར་ཡུག་མཛེས་པོ། ཁྱད་ཆོས་མངོན་གསལ་དོད་པ་བཅས་ཀྱི་དུས་རབས་གསར་བའི་མཐོ་སྒང་གི་མཛེས་སྡུག་ལྡན་པའི་གྲོང་ཚོ”འཛུགས་སྐྲུན་བྱེད་པའི་ཐད་ཀྱི་གྲོས་གཞི་ལ་དམིགས་ནས། མ་དངུལ་སྒོར་དུང་ཕྱུར1.4བཏང་སྟེ་མཐོ་སྒང་གི་མཛེས་སྡུག་ལྡན་པའི་ཞིང་སྡེ30དང་མཛེས་སྡུག་ལྡན་པའི་མཁར་གྲོང་འཛུགས་སྐྲུན་ལས་གཞི2ལག་བསྟར་བྱས་ཏེ། མི་དམངས་མང་ཚོགས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་ཁོར་ཡུག་གི་དགོས་མཁོ་ཟམ་མི་ཆད་པར་སྐོང་རྒྱུ།

9.“སྡོད་ཁུལ་རྙིང་བའི་དོ་དམ་རྙོག་འཛིང་ཆེ་བ་དང་སྤྱི་བའི་སྒྲིག་བཀོད་མི་འདང་བ།སྡོད་ཁུལ་རེ་འགའི་ལོ་རྒྱུས་རང་བཞིན་ལྡན་པའི་གནད་དོན་ལ་བརྟན་དངོས་དཔང་ཡིག་གཉེར་མི་ཐུབ་པའི”གྲོས་གཞི་ལ་དམིགས་ནས། མ་དངུལ་སྒོར་ཁྲི2000ལྷག་བཏང་སྟེ་སྡོད་ཁུལ་རྙིང་བ1036ལ་སྒྱུར་བཀོད་བྱེད་པའི་ལས་གཞི་ལག་བསྟར་བྱས་ཏེ། མཁར་གྲོང་གི་སྡོད་ཁང་གི་ཆ་རྐྱེན་ཇེ་ལེགས་སུ་གཏོང་བ་དང་། བདག་དབང་ལག་ཁྱེར་གཉེར་བའི་ལས་དོན་བཅོས་སྒྲིག་བྱ་སྤྱོད་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་ཉུང་མཐར་ཡང་སྡོད་ཁང5ཡི་བདག་དབང་ལག་ཁྱེར་གཉེར་བའི་ལས་དོན་ལེགས་འགྲུབ་བྱ་རྒྱུ།

10.“འགྲིམ་འགྲུལ་ལམ་དྲའི་མ་ལག་འཐུས་ཚང་མིན་པ་དང་གྲོང་གསེབ་གཞུང་ལམ་གྱི་སྒྲིག་བཀོད་ཞན་པ། ལམ་རྒྱུད་ཁག་ཅིག་གི་གཞུང་ལམ་གྱི་རིམ་པ་དམའ་བ་དང་ལམ་གྱི་གནས་ཚུལ་ཞན་པ”བཅས་ཀྱི་གྲོས་གཞི་ལ་དམིགས་ནས། མ་དངུལ་སྒོར་དུང་ཕྱུར5བཏང་སྟེ་གུང་ཧོ་རྫོང་གི་སྲིད་དོན་ཁྲོམ་གཞུང་གི་བགྲོད་ལམ་དང་ཆབ་ཆ་ནས་ས་གྲུ་བཞིའི་བར། མགོ་མང་ནས་མགོན་ཐང་བར་བཅས་ཀྱི་གཞུང་ལམ་འཛུགས་སྐྲུན་བྱེད་པའི་ལས་གཞི་ལག་བསྟར་བྱས་ཏེ་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གཞུང་ལམ་བསྐྱར་སྐྲུན་ལ་མུ་མཐུད་དུ་སྐུལ་འདེད་བཏང་བ་བརྒྱུད་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་ནུས་པ་ཁྱོན་ཡོངས་ནས་ཆེ་རུ་གཏོང་རྒྱུ།

11.“འཕྲིན་གཏོང་དྲ་རྒྱའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་དྲ་རྒྱའི་རིམ་སྤོར་ལ་སྐུལ་འདེད་གཏོང་བའི”གྲོས་གཞི་ལ་དམིགས་ཏེ། མ་དངུལ་སྒོར་ཁྲི2500ལྷག་བཏང་སྟེ།4Gསྦྲེལ་ཚུགས38དང5Gསྦྲེལ་ཚུགས2གསར་སྐྲུན་བྱས་ནས་སྲིད་འཛིན་སྡེ་བ་ལ4Gདྲ་རྒྱའི་ཁྱབ་ཁོངས་རྒྱུན་མཐུད་ངང་རྒྱ་ཆེར་གཏང་རྒྱུ་ཡིན་པར་མ་ཟད།5Gསྦྲེལ་ཚུགས་འཛུགས་སྐྲུན་ལ་ཧུར་ཐག་ངང་སྐུལ་འདེད་གཏང་རྒྱུ།

12.“སྲིད་འཛིན་སྡེ་བ་ཁག་ཅིག་གི་གློག་དྲའི་རྨང་གཞིའི་སྒྲིག་བཀོད་ཞན་པ་དང་གློག་ཤུགས་མཁོ་འདོན་གྱི་འགན་ལེན་ནུས་པ་མི་འདང་བའི”གྲོས་གཞི་ལ་དམིགས་ནས། མ་དངུལ་སྒོར་དུང་ཕྱུར1.04བཏང་སྟེ་རེས་སྐོར་གསར་བའི་གྲོང་གསེབ་ཀྱི་གློག་དྲ་སྒྱུར་བཀོད་དང་། ཆན་ཧྥུ10དང་དེའི་མན་གྱི་སྐུད་ལམ་སྤྱི་ལེ728ལ་གསར་བསྐྲུན་དང་སྒྱུར་བཀོད་བྱས་ཏེ་གློག་སྒྱུར་ཤོང་ཚད་ཀྲའོ་ཧྥུའུ་ཨན100གསར་དུ་བསྣན་ནས་རོང་འབྲོག་མང་ཚོགས་ཀྱི་གློག་སྤྱོད་དཀའ་བའི་གནད་དོན་ཐག་གཅོད་བྱ་རྒྱུ།

13.ཁ་གཏད་རོགས་སྐྱོར་དང་མཉམ་འབྲེལ་བྱེད་ཤུགས་སྔར་ལས་ཆེ་རུ་གཏོང་བར་དམིགས་ཏེ། ཁུལ་ཡོངས་ཀྱི་རོང་འབྲོག་མང་ཚོགས་ཀྱི་སློབ་གསོའི་རིག་གནས་ཆུ་ཚད་ཀྱི་འཛུགས་སྐྲུན་མུ་མཐུད་དུ་མཐོར་འདེགས་སུ་གཏོང་བ་དང་། ཁ་གཏད་རོགས་སྐྱོར་གྱི་སྒོར་དུང་ཕྱུར3.28ལ་བཀོད་འདོམས་བྱས་ནས་རིག་སྟོབས་རོགས་སྐྱོར་དང་ཐོན་ལས་འཕེལ་རྒྱས།མཉམ་འབྲེལ་དང་རིག་གནས་སློབ་གསོ།དམངས་ཚིས་འགན་སྲུང་སོགས་ཁྱབ་ཁོངས་ཆེན་མོ་ལྔ་ཡི་ལས་གཞི94ནུས་ཤུགས་ཡོད་རྒུས་ལག་བསྟར་བྱ་རྒྱུ།

བཞི་བ།སྐྱེ་ཁམས་དཔལ་ཡོན་གྱི་སྐོར།

14.“རྒྱལ་ཁོངས་ལྗང་བསྒྱུར་དང་སྐྱེ་ཁམས་ཉམས་གསོའི་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་བའི”བསམ་ཚུལ་ལ་དམིགས་ཏེ།མ་དངུལ་སྒོར་ཁྲི3000ལ་བཀོད་འདོམས་བྱས་ནས་རྒྱལ་ཁོངས་ལྗང་སྒྱུར་ཇེ་མགྱོགས་སུ་གཏོང་བའི་ལོ་གསུམ་གྱི་འགུལ་སྐྱོད་འཆར་གཞི་ལག་བསྟར་བྱས་ནས་ས་མུའུ་ཁྲི1གི་སྡོང་འཛུགས་དང་ས་མུའུ་ཁྲི1གི་ཕན་ནུས་ཆུང་བའི་ནགས་ཚལ་གསར་སྒྱུར།ས་མུའུ་ཁྲི2གྱི་ནགས་ཚལ་གྱི་སྤུས་ཚད་ཇེ་ལེགས་དང་ས་མུའུ་ཁྲི1གི་ནགས་ཚལ་གྱི་གསོ་སྐྱོང་བཅས་ཡོངས་སུ་འགྲུབ་པར་བྱས་ཏེ།ཞན་འགྱུར་རྩྭ་ཐང་ས་མུའུ་ཁྲི4ལ་འདེབས་འཛུགས་དང་བྱེ་འགྱུར་རྩྭ་ས་ས་མུའུ་ཁྲི1ལ་བཅོས་སྐྱོང་།བྱི་པས་གནོད་འཚེ་ཐེབས་པའི་རྩྭ་ཐང་ས་མུའུ་ཁྲི120ལ་སྔོན་འགོག་བཅས་ཡོངས་སུ་འགྲུབ་པར་བྱ་རྒྱུ།

15.“ཞིང་སྡེ་འཚོ་བའི་བཙོག་ཆུ་གཙང་སེལ་གྱི་དཀའ་ངལ་ཆེ་བ”འི་བསམ་ཚུལ་ལ་དམིགས་ཏེ། མ་དངུལ་སྒོར་ཁྲི6400ལ་བཀོད་འདོམས་བྱས་ནས་ཁྲི་ཀ་རྫོང་ལ་ཟེ་བ་གྲོང་རྡལ་གྱི་སྣེ་སྣ་དང་ལྷ་ཁང་ཐང་སྡེ་བ་སོགས་ཀྱི་འཚོ་བའི་བཙོག་ཆུ་བཅོས་སྐྱོང་ལས་གཞི་དང་ཞིན་ཧེ་རྫོང་མཁར།དཔལ་ཁ་གྲོང་རྡལ་གྱི་བཙོག་ཆུ་གཙང་སེལ་བཟོ་གྲྭ་གཉིས་ཀྱི་བཅོས་སྐྱོང་ལས་གཞི་ལག་བསྟར་བྱས་ཏེ། ཞིང་སྡེ་མི་སྡོད་ཁོར་ཡུག་རྩ་བ་ནས་ལེགས་བཅོས་བྱ་རྒྱུ།

16.“ཁུལ་ཡོངས་ཀྱི་སྨན་བཅོས་སྙིགས་རྫས་ཐག་གཅོད་ནུས་པ་མཐོར་འདེགས་སུ་གཏོང་བ་དང་།” “སྨན་བཅོས་ཀྱི་སྙིགས་རྫས་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བའི” གྲོས་གཞི་ལ་དམིགས་ཏེ།མ་དངུལ་སྒོར་ཁྲི1400བཏང་ནས་མཚོ་ལྷོ་ཁུལ་གྱི་སྨན་བཅོས་དངོས་རྫས་ཐག་གཅོད་ལྟེ་གནས་ཀྱི་བསྒྱུར་བཀོད་ལས་གཞི་ལག་བསྟར་དང་།ཁུལ་ཡོངས་ཀྱི་སྨན་བཅོས་དངོས་པོ་སྣ་ཚོགས་ཚད་ལྡན་བདེ་འཇགས་ངང་ཐག་གཅོད་བྱེད་པར་ཁག་ཐེག་བྱ་རྒྱུ།

ལྔ་བ། རོང་འབྲོག་ས་ཁུལ་འཛུགས་སྐྲུན་གྱི་སྐོར།

17.“གཞི་རིམ་གྱི་སྲོག་ཆགས་ཀྱི་རིམས་ནད་སྔོན་འགོག་བྱེད་ནུས་ཆེ་རུ་བཏང་སྟེ།དམངས་ཕན་སྲིད་ཇུས་ལག་བསྟར་བྱས་ནས་རོང་འབྲོག་པའི་ཡོང་འབབ་ཇེ་མང་དུ་གཏོང་བའི”གྲོས་གཞི་ལ་དམིགས་ཏེ།མ་དངུལ་སྒོར་ཁྲི1000བཏང་་ནས་ཀོས་ནན་རྫོང་མགོ་མང་གྲོང་རྡལ་དང་བྱ་མདོ་གྲོང་རྡལ།མང་ཆུ་གྲོང་རྡལ་དང་མང་ར་གྲོང་རྡལ།ཐུན་ཏེ་རྫོང་གི་འབའ་ལུང་ཤང་དང་རྐ་འབའ་སུམ་མདོ་གྲོང་རྡལ། ཐང་མགོ་གྲོང་རྡལ་བཅས་ཟོག་སྨན་ས་ཚིགས7ཀྱི་ལས་གཞི་ལག་བསྟར་བྱེད་པ་དང་།ཕྱུགས་ཟོག་གསོ་སྤེལ་རྟེན་གཞི41དང་སྐྱེ་ཁམས་ཕྱུགས་ར10བཙུགས་ཏེ། ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར1.2བརྩོན་ལེན་སྒོས་འབྲུ་སྣུམ་ལོ་ཏོག་གི་ཐོན་སྐྱེད་ལ་རོགས་སྐྱོར་ཆེན་པོ་བྱས་པ་དང་།རྩྭ་ཐང་གི་བྱ་དགའ་སྤྲོད་པའི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར3.99དངོས་འབེབས་བྱ་རྒྱུ།

18.“ཞིང་ཆུ་གཏོང་ཁུལ་གྱི་སྒྲིག་ཆས་འཐུས་ཚང་མིན་པ་དང་མིའི་འཐུང་ཆུའི་བཟོ་གྲྭ་འཛུགས་སྐྲུན་གྱི་ཚད་གཞི་དམའ་བ།གཙང་ཤུར་ཁ་ཤས་སྔར་བཞིན་བཅོས་སྐྱོང་བྱ་དགོས་པའི”བསམ་ཚུལ་ལ་དམིགས་ཏེ།མ་དངུལ་སྒོར་དུང་ཕྱུར5བཏང་ནས་ཆུ་རྐ་བསྒྱུར་བཀོད། ཞིང་སྡེའི་འཐུང་ཆུ་ལེགས་སྒྱུར་དང་ཆུ་ཁུངས་གཙོ་བོ། ཆུ་ལོག་ས་ཁུལ་བཅོས་སྐྱོང་སོགས་དམངས་ཚིས་ཆུ་བེད་ལས་གཞི་ལག་བསྟར་བྱ་རྒྱུ།

19.“ ཁུལ་ཡོངས་ཀྱི་ས་ཞིང་ལ་རང་བྱུང་གནོད་འཚེ་སྔོན་འགོག་བྱེད་པའི་ནུས་པ་དང་ཆུ་ཚད་སྔར་བས་མཐོ་རུ་གཏོང་དགོས་པའི”གྲོས་གཞི་ལ་དམིགས་ཏེ། མ་དངུལ་སྒོར་ཁྲི7800བཏང་ནས་ཚད་གཞི་མཐོ་བའི་ས་ཞིང་འཛུགས་སྐྲུན་ལས་གཞི་ས་མུའུ་ཁྲི4.8ལག་བསྟར་བྱས་ནས། ཁུལ་ཡོངས་ཀྱི་ཞིང་ལས་ཐོན་སྐྱེད་ཀྱི་ཆ་རྐྱེན་རྒྱུན་མཐུད་ངང་ཇེ་ལེགས་སུ་གཏོང་རྒྱུ།

དྲུག་པ། དངུལ་རྩའི་རོགས་འདེགས་ཀྱི་སྐོར།

20. “དངུལ་རྩའི་ཞབས་ཕྱི་འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་སྟེ། དངོས་གཞིའི་དཔལ་འབྱོར་བདེ་ཐང་སྒོས་འཕེལ་རྒྱས་ཡོང་བར་རོགས་འདེགས་བྱེད་པའི”གྲོས་གཞིར་དམིགས་ཏེ། དངུལ་རྩའི་སྡེ་ཁག་ལ་གྲོས་མོལ་བྱས་ནས་ཞིང་ལས་རོགས་སྐྱོར་དངུལ་བུན་སྒོར་དུང་ཕྱུར12.5དང་ཁེ་ལས་ཆུང་ངུའི་དངུལ་བུན་སྒོར་དུང་ཕྱུར5.7སྤྲད་དེ་ཁེ་ལས་ཆུང་ངུའི་མ་བསྲེས་ཞབས་ཕྱིའི་ནུས་པ་མཐོར་འདེགས་སུ་གཏོང་རྒྱུ་དང་། ཁུལ་རིམ་པའི་ནོར་སྲིད་ནས་ཞིང་ལས་ལ་རྒྱབ་སྐྱོར་བྱེད་པའི་མ་དངུལ་སྒོར་ཁྲི1000བཀོད་སྒྲིག་དང་། སྲིད་གཞུང་གི་ཁ་གསབ་ལ་བརྟེན་ནས་དངུལ་རྩའི་དངུལ་གཏོང་ཆེ་རུ་བཏང་སྟེ། ནུས་ཤུགས་ཡོད་རྒུས་ཞིང་འབྲེལ་ཁེ་ལས་དང་ཞིང་ཕྱུགས་ལས་ཀྱིས་མ་བསྲེས་དཀའ་བའི་འབུར་ཐོན་གནད་དོན་ཐག་གཅོད་བྱ་རྒྱུ་བཅས་སོ།།

ང་ཚོའི་གནས་ཚུལ། འགན་འཁུར་གསལ་བསྒྲགས། འབྲེལ་གཏུག་བྱེད་ཡུལ།
Copyright © 2005-2023   མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
青ICP备19000163号-70 འབྲེལ་གཏུགས་ཁ་པར། 0971-8456487
 
2022ལོར་མཚོ་ལྷོ་ཁུལ་གྱིས་དམངས་ལ་དོན་དངོས20བསྒྲུབ་རྒྱུ་རེད།

ཡོང་ཁུངས། མཚོ་ལྷོ་བོད་ཡིག་ཚགས་པར།

རྩོམ་སྒྲིག་པ། སུང་ཆི།